ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-28 08:42ལ་འགྲུབ།

ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།

ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།
ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ནི་སྔོན་ཆད་པོ་ཧའེ་སློབ་གྲྭ་ཆེན་མོའི་རྩོམ་རིག་དང་རང་བྱུང་རིག་པའི་སློབ་གླིང་ཡིན་ལ། སྤྱི་ལོ1999ལོའི་ཟླ7པར་བཙུགས་ཤིང་སྤྱི་ལོ2003ལོའི་ཟླ12པར་དམངས་གཉེར་དངོས་གཞིའི་སྡེ་ཁག་གི་སློབ་གླིང་དུ་གཏན་འཁེལ་བྱས་ཏེ། སྤྱི་ལོ2014ལོའི་ཟླ5པར་དམངས་གཉེར་མཐོ་རིམ་སློབ་གླིང་དུ་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁理工学院
གཙོ་གཉེར་ཚན་པ།
ལེའོ་ཉིང་སློབ་གསོ་ཐིང་།
དབྱིན་ཡིག་གི་མིང་།
Liaoning Institute of Science and Engineering
བཙུགས་ལོ།
སྤྱི་ལོ1999ལོའི་ཟླ9པ།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས།
སློབ་གྲྭའི་ཚབ་ཨང་།
13217
ཁོངས་གཏོགས་ས་ཁུལ།
ལེའོ་ཉིང་།
ད་ལྟའི་སློབ་གཙོ།
ཀྲའོ་ཧུའེ།
ཏང་ཨུའི་ཧྲུའུ་ཅི།
ཧྥན་ཆི།
1 སློབ་གླིང་ངོ་སྤྲོད་མདོར་བསྡུས།

སློབ་གྲྭའི་ལྷོ་ཕྱོགས་སུ་སྤྱི་གླིང་ཡོད་ལ་བྱང་ནི་པོ་ཧའེ་སློབ་ཆེན་དང་ཁྱིམ་མཚེས་ཡིན་པས་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག སློབ་གྲྭའི་རྒྱ་ཁྱོན་མུའུ888ཟིན་པ་དང་སློབ་གྲྭའི་ཁང་པ་འཛུགས་སྐྲུན་བྱས་པ་ཧ་ཅང་ལེགས་ཤིང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20.3ཟིན་ལ། སློབ་གླིང་དེ་རུ་སྒྲིག་བཀོད་སྔོན་ཐོན་གྱི་སློབ་ཁྲིད་ཐོག་ཁང་དང་། དཔེ་མཛོད་ཁང་། ལས་གྲྭའི་སྦྱོང་བརྡར་ལྟེ་གནས། འཁྲབ་གཏོང་དངོས་སྦྱོང་ལྟེ་གནས། སློབ་ཆེན་སློབ་མའི་བྱེད་སྒོ་ལྟེ་གནས་བཅས་ཀྱིས་གྲུབ་ཅིང་། ལུས་རྩལ་ཐང་དང་། ལན་ཆིའུ་སྤོ་ལོའི་ལུས་རྩལ་ཐང་། རྐང་རྩེད་སྤོ་ལོའི་ལུས་རྩལ་ཐང་། ཝང་ཆིའུ་སྤོ་ལོའི་ལུས་རྩལ་ཐང་། བྱ་སྒྲོའི་སྤོ་ལོ་ཁང་། ཕིང་ཕང་སྤོ་ལོ་ཁང་སོགས་བཙུགས་ཤིང་། གཞན་ད་དུང་སློབ་གླིང་དང་སྡེ་ཁག9བཙུགས་ཏེ་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཆེད་ལས30དང་ཆེད་སྦྱོང་ཚན་ཁག་གི་སློབ་བསྡུའི་ཆེད་ལས13ཡོད་པའི་ནང་བཟོ་རིག་དང་། དཔལ་འབྱོར་རིག་པ། དོ་དམ་རིག་པ། རྩོམ་རིག ཁྲིམས་རིག་པ། སློབ་གསོ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན7ཡོད་པ་རེད། ད་ལྟ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ6000ལྷག་ཙམ་ཡོད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1999ལོའི་ཟླ7པར་ཅིན་ཀྲོའུ་དགེ་འོས་སློབ་གླིང་གི་གཞུང་ཁོངས་དམངས་གཉེར་གྱིས་སློབ་བསྡུ་བྱེད་འགོ་ཚུགས་པ་དང་སྐབས་དང་པོའི་སློབ་མ་སློབ་གྲྭར་ཞུགས།    

སྤྱི་ལོ2000ལོའི་ཟླ7པར་ཅིན་ཀྲོའུ་དགེ་འོས་སློབ་གླིང་དུ་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཚན་ཁག་གི་སློབ་གླིང་བཙུགས་ཏེ་སློབ་སྒྲུབ་ཆ་རྐྱེན་མངོན་འགྱུར་བྱུང་།    

སྤྱི་ལོ2000ལོའི་ཟླ7པར་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་དེ་ཅིན་ཀྲོའུ་དགེ་འོས་སློབ་གླིང་གི་ཞའོ་ནན་ཆུས(ད་ལྟའི་པོ་ཧའེ་སློབ་ཆེན་གྱི་དར་མའི་སློབ་གསོའི་སློབ་གླིང)ལ་གནས་སྤར་བ་དང་། མིང་ལ་ཅིན་ཀྲོའུ་དགེ་འོས་སློབ་གླིང་ཞེས་བཏགས།    

སྤྱི་ལོ2001ལོའི་ཟླ9པར་ཅིན་ཀྲོའུ་དགེ་འོས་སློབ་གླིང་གིས་ལེའོ་ཉིང་དབྱི་ཤིང་མ་འཇོག་དོ་དམ་ཚད་ཡོད་ཀུང་སི་དང་མཉམ་ལས་སློབ་གཉེར་གྲོས་མཐུན་ལ་མིང་རྟགས་བཀོད་དེ་རྐང་རྩེད་སྤོ་ལོའི་སློབ་གླིང་ཚོད་ལྟའི་ངང་གཉེར།    

སྤྱི་ལོ2002ལོའི་ཟླ9བར་ཅིན་ཀྲོའུ་དགེ་འོས་སློབ་གླིང་དུ་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་བཙུགས། 

3 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་འཕྲུལ་གློག་བཟོ་སྐྲུན་སློབ་གླིང་དང་། རིག་ནུས་བཟོ་སྐྲུན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། དོ་དམ་བཟོ་སྐྲུན་སློབ་གླིང་། ལས་གྲྭའི་དོ་དམ་སློབ་གླིང་། རིག་གནས་སྨྱན་སྦྱོར་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། ལུས་རྩལ་སློབ་གླིང་། སྒྱུ་རྩལ་དང་མཛེས་ལྗོངས་ཇུས་འགོད་སློབ་གླིང་བཅས་སློབ་གླིང་དང་སྡེ་ཁག9བཙུགས་ཡོད་ཅིང་། དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཆེད་ལས30དང་ཆེད་སྦྱོང་ཚན་ཁག་གི་སློབ་བསྡུའི་ཆེད་ལས13ཡོད། བཟོ་རིག་དང་དཔལ་འབྱོར་རིག་པ། དོ་དམ་རིག་པ། རྩོམ་རིགཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན7ཡོད་པ་དང་། ཁྲིམས་ལུགས་རིག་པ་དང་། རླུང་བརྙན་འཕྲིན་རིག་པ། བརྡ་ཁྱབ་རིག་པ། གསར་འགྱུར་རིག་པ། རྒྱ་སྐད་རིག་པ། རི་པིན་སྐད། དབྱིན་ཇིའི་སྐད། ནོར་དོན་དོ་དམ། བཟོ་ཚོང་དོ་དམ། བཟོ་ཚོང་དོ་དམ། ཁྲོམ་རའི་གཉེར་ཚོང་། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། ཟོག་འགྲེམས་ལས་གཞི། ལས་གྲྭའི་མ་གནས། གློག་རྡུལ་ཚོང་དོན། རྩིས་འཁོར་ཚན་རིག་དང་ལག་རྩལ། དྲ་རྒྱའི་ལས་གཞི། རིག་ནུས་ཚན་རིག་དང་ལག་རྩལ། སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད། ལུས་རྩལ་སྦྱོང་བརྡར། ཁོར་ཡུག་འཆར་འགོད། རྩིས་གཉེར་པ་དང་། རྩིས་གཉེར་གློག་རྩིས་ཅན། ཡུལ་སྐོར་དོ་དམ། གློག་བརྙན་འཕྲིན་སྨྱན་མང་གཟུགས་ལག་རྩལ། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། གློག་འདོན་དང་གློག་སྤྱོད་ལག་རྩལ། འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན། ཚ་ལ་རྒྱག་པའི་ལག་རྩལ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ལག་རྩལ། རྩིས་འཁོར་དྲ་རྒྱའི་ལག་རྩལ། དངོས་ཟོག་འགྲེམས་སྐྱེལ་དོ་དམ། ཚོང་དོན་དབྱིན་ཡིག སྤྱི་ཚོགས་ལུས་རྩལ་བཅས་ཀྱི་ཆེད་ཚན་ཆེད་ལས13བཙུགས་ཤིང་། འཆར་གཞི་ལྟར་ལུགས་བསྒྱུར་ལེགས་འགྲུབ་བྱུང་རྗེས་རང་བྱུང་དང་བཟོ་སྐྲུན་རིགས་ཀྱི་སྡེ་ཁག་འཛུགས་པར་ཧུར་ཐག་བྱས་ཏེ། སྤྱི་ལོ2015ལོའི་ཟླ3པའི་ཚེས11ཉིན་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས《ལེའོ་ཉིང་གསོ་རིག་ལས་རིགས་སློབ་གླིང་སོགས་སློབ་གླིང་བཞིའི་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཐོ་འགོད་བྱ་རྒྱུར་མོས་མཐུན་ཡོད་པའི་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་ཡི་གེ》ཁྱབ་བསྒྲགས་བྱས་པའི་ནང་ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་ཆེད་ལས་དང་ཁ་ཕྱོགས་གསར་པ་ཁ་སྣོན་བྱས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་ད་ལྟ་སློབ་ཁྲིད་བྱེད་མཁན་དང་ལས་སྒྲུབ་མི་སྣ་བཅས395ཡོད་ལ། ལེའོ་ཉིང་ཞིང་ཆེན་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཆ་འཕྲིན་ལས་སྟེགས་ཀྱི་བསྡོམས་རྩིས་གཞིར་བཟུང་སྟེ་སྤྱི་ལོ2015ལོའི་ཟླ5པར་ལེའོ་ཉིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་ཆེད་ལས་དགེ་རྒན195ཡོད་པ་དང་། དེའི་ནང་ཕྱི་རྒྱལ་ནས་གདན་ཞུ་བྱས་པའི་དགེ་རྒན80ལྷག་ཙམ་དང་ཆེད་བསྐོས་དགེ་རྒན100ལྷག་ཙམ་ཡོད། ཆེད་བསྐོས་དགེ་རྒན་གྱིས་གན་རྒྱའི་ལམ་ལུགས་ལག་བསྟར་བྱས་ཤིང་སློབ་གླིང་གི་དགེ་རྒན་མང་ཆེ་བར་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཞིང་ཆེན་ན་གཞོན་རྐང་འཛིན་དགེ་རྒན2ཡོད་པ་དང་དགེ་རྒན་ཆེན་མོ2ཡོད། དགེ་རྒན་ཆེ་མོ་གཞོན་པ12ཡོད་པ་དང་འཆད་ཁྲིད་དགེ་རྒན40ལྷག་ཙམ་དང་ལས་རོགས་དགེ་རྒན60ལྷག་ཙམ་ཡོད་པ་མ་ཟད། ལེའོ་ཉིང་བཟོ་ལས་སློབ་ཆེན་དང་པོ་ཧའེ་སློབ་ཆེན་གྱི་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན་ཆེ་མོ་བ་དང་གོ་མིང་ཐོབ་པའི་དགེ་རྒན་དང་རྒྱལ་ཁོངས་གཞན་གྱི་དགེ་རྒན་མང་པོ་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2002ལོར་ལེའོ་ཉིང་ཞིང་ཆེན་རང་ཚུགས་སློབ་གླིང་གི་སློབ་གསོ་སློབ་ཁྲིད་སྤུས་ཚད་དཔྱད་དཔོག་ཁྲོད་ཨང་དང་པོ་ཐོབ། 

སྤྱི་ལོ2008ལོ་དང་སྤྱི་ལོ2009ལོར་ལོ་གཉིས་བསྟུད་མར་ལེའོ་ཉིང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ལས་ཞུགས་སྔོན་ཐོན་ཚན་པར་བདམས། 

སྤྱི་ལོ2009ལོའི་ཟླ9པར་ལེའོ་ཉིང་ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པར་བདམས།

6 རིག་གཞུང་ཞིབ་འཇུག    

སློབ་གླིང་གིས་སློབ་ཁྲིད་སྤུས་དག་ལས་གྲྭ་འཛུགས་སྐྲུན་བྱས་ཤིང་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ1བསྐྲུན། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན2ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་བྱ་དགའ7ཐོབ་ཅིང་། ཞིང་ཆེན་རིམ་པའི་སློབ་གསོ་སྒྱུར་བཅོས་རྣམ་གྲངས12བཙུགས་ཤིང་། སློབ་གླིང་གིས་སློབ་ཁྲིད་ལྟེ་བར་བཟུང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བར་ཤུགས་སྣོན་རྒྱབ་ཅིང་། སློབ་གླིང་ཡོངས་ཀྱི་དགེ་རྒན་དག་གིས་སྔ་རྗེས་སུ་ཅིན་ཀྲོའུ་གྲོང་ཁྱེར་རིམ་པ་ཡན་གྱི་ཚན་རིག་ཞིབ་འཇུག་ལས་གཞི84གཙོ་སྐྱོང་བྱས། 

དཔྱད་གཞིའི་ཡིག་ཆ།