ཧར་པིན་བཟོ་སྐྲུན་སློབ་ཆེན་ནི་འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་མཐོ་སློབ་དང་། “211ལས་གཞི། ”“985ལས་གཞིའི་རིག་ཚན་གསར་གཏོད་ལས་སྟེགས ” མཐོ་རིམ་སློབ་གྲྭའི་རིག་ཚན་གསར་གཏོད་དང་རིག་སྟོབས་ནང་འདྲེན་འཆར་གཞི་དང་། ཕུལ་བྱུང་བཟོ་བཀོད་དགེ་རྒན་གྱི་སློབ་གསོ་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞི། རྒྱལ་ཁབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོའི་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་བསྡུ་ལེན་གྱི་སློབ་གྲྭ། རྒྱལ་ཡོངས་ཀྱི་ཁག་དང་པོའི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་ཟབ་སྤེལ་གྱི་དཔེ་སྟོན་མཐོ་སློབ། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི། རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་གི་དཔེ་སྟོན་རྟེན་གཞི། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ལག་ལེན་མི་སྣ་གསོ་སྐྱོང་གསར་གཏོད་ལས་གཏོད་རྟེན་གཞི་བཅས་སུ་བདམས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་མཐོ་རིམ་སློབ་གྲྭའི་མནའ་འབྲེལ་དང་། CDIOལས་གྲྭའི་སློབ་གསོ་མནའ་འབྲེལ་གྱི་ཁོངས་གཏོགས་ལས་ཁུངས། ཀྲུང་གོ་དང་ཨུ་རུ་སུའི་བཟོ་ལས་ཚན་རིག་སློབ་ཆེན་མནའ་འབྲེལ་གྱི་ཁོངས་གཏོགས་ལས་ཁུངས། སློབ་གསོ་པུའུ་དང་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས“དུས་རབས21པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཆར་གཞི”རུ་བསྡུས།
སྤྱི་ལོ2018ལོའི་ཟླ8པའི་བར་སློབ་གྲྭར་སློབ་གླིང19(ཚན་ཁག་དང་པུའུ)དང་དངོས་གཞིའི་ཆེད་ལས56བཙུགས་ཡོད།
སྤྱི་ལོ2019ལོའི་ཟླ9པའི་བར་དུ། སློབ་གྲྭར་འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས12དང་། འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་དོན་ས་ཚིགས2 འབུམ་རམས་པའི་རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་པའི་རིམ་པ་དང་པོའི་རིག་ཚན14ཡོད། འབུམ་རམས་པའི་རིག་གཞུང་བསླབ་གནས་ཀྱི་དབང་ཆ་གནང་པའི་རིམ་པ་གཉིས་པའི་རིག་ཚན1དང་ཆེད་ལས་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིགས2 རིག་གཞུང་བསླབ་གནས་ཀྱི་རིམ་པ་དང་པོའི་རིག་ཚན32བཅས་ཡོད། རིག་གཞུང་བསླབ་གནས་ཀྱི་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པ5ཡོད་པ་དང་ཆེད་ལས་རབ་འབྱམས་པའི་རིག་གཞུང་བསླབ་གནས་སྤྲོད་དབང་ཡོད་པའི་རིགས6ཡོད། ཆེད་ལས་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཁྱབ་ཁོངས25དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་གཙོ་གནད་རིག་ཚན1རེ་ཡོད། རྒྱལ་སྲུང་ཁྱད་ཆོས་ལྡན་པའི་རིག་ཚན10དང་ཧེ་ལུང་ཅང་ཞིང་ཆེན་གྱི་གཙོ་གནད་རིག་ཚན1 ཧེ་ལུང་ཅང་ཞིང་ཆེན་གྱི་རིམ་པ་དང་པོའི་གཙོ་གནད་རིག་ཚན11བཅས་ཡོད་ལ། “985ལེགས་ཆའི་རིག་ཚན་གསར་གཏོད་སྟེགས་བུ”འཛུགས་སྐྲུན་གྱི་ཁྲོད་བདམས།
སྤྱི་ལོ2019ལོའི་ཟླ9པའི་བར་སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ་པ2859ཡོད། དེའི་ནང་དུ་ཆེད་བསྐོས་དགེ་རྒན1790ཡོད་པ་དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་ཆེད་བསྐོས་དགེ་རྒན1057ཡོད། དགེ་རྒན་དཔུང་ཁག་ཁྲོད་དུ་ད་ཡོད་ཡོན་ཧྲི8ཡོད། “མི་ཁྲིའི་འཆར་གཞིའི”སྣེ་ཁྲིད་ཤེས་ལྡན་མི་སྣ7དང་། སློབ་ཁྲིད་དགེ་རྒན་གྲགས་ཅན1 ན་གཞོན་རྩེར་སོན་ཤེས་ལྡན་མི་སྣ9 “རྩེར་སོན་ན་གཞོན་ཐེབས་རྩ”ཐོབ་མཁན1 “ཕུལ་བྱུང་ན་གཞོན་ཐེབས་རྩ”ཐོབ་མཁན3བཅས་ཡོད། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་པའི་འཆར་གཞིའི”ཁྲོད་ཞུགས་མཁན་མི18ཡོད། རྒྱལ་ཁབ་རིམ་པའི“ཤེས་ལྡན་མི་སྣ་བརྒྱ་སྟོང་ཁྲི་ཡི་ལས་གཞིའི”འདེམས་མི6དང“ལུང་ཅང་མཁས་དབང”གི་རྒྱབ་སྐྱོར་འཆར་གཞིའི་ནང་མི19བདམས་ཡོད། སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པ2དང་རྒྱལ་སྲུང་ཚན་རྩལ་གསར་གཏོད་ཚོགས་པ6བཅས་ཡོད་ལ། ཚན་རྩལ་པུའུ་བཅས་ཀྱི་གསར་གཏོད་ཤེས་ལྡན་མི་སྣར་སྐུལ་འདེད་གཏོང་བའི་འཆར་གཞིའི་གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ1དང་ཧེ་ལུང་ཅང་ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣའི་སྐས་རིམ་དཔུང་ཁག7ཡོད།
སྤྱི་ལོ2018ལོའི་ཟླ8པའི་བར་དུ། སློབ་གྲྭར་རྒྱལ་ཁབ་རིམ་པའི་གློག་ལས་གློག་རྡུལ་སློབ་ཁྲིད་རྟེན་གཞི1དང་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས7ཡོད་ལ། རྒྱལ་ཁབ་རིམ་པའི་རྟོག་བཀོད་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས3དང་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1ཡོད། སློབ་གསོ་པུའུ་ཡི་ཁྱད་ཆོས་ལྡན་པའི་ཆེད་ལས7 ཕུལ་བྱུང་བཟོ་བཀོད་པ་སློབ་གསོ་གསོ་སྐྱོང་འཆར་གཞིའི་ཆེད་ལས7 རྒྱལ་སྲུང་ཁྱད་ཆོས་ལྡན་པའི་ཆེད་ལས་དཀོན་རིགས་དང་གཙོ་གནད་ཆེད་ལས7 ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས29བཅས་ཡོད་ལ། ཆེད་ལས4རྒྱལ་ཁབ་རིམ་པའི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་ནང་ཚུད་ཡོད།