ཧར་པིན་བཟོ་ལས་སློབ་ཆེན།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 16:09ལ་འགྲུབ།

ཧར་པིན་བཟོ་ལས་སློབ་ཆེན།

ཧར་པིན་བཟོ་ལས་སློབ་ཆེན།
ཧར་པིན་བཟོ་ལས་སློབ་ཆེན་ནི(HarbinInstituteofTechnology)བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཐད་གཏོགས་ལས་ཁུངས་དང་། ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པའི་པུའུ་རིམ་པ་གཞོན་པའི་སྒྲིག་གཞི་ཡིན། རྒྱལ་ཁབ་ཀྱི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་ཁག་དང་པོའི་འཛུགས་སྐྲུན་མཐོ་སློབAརིགས་དང་། 985ལས་གཞི། 211ལས་གཞི། སློབ་གྲྭ་དགུའི་མནའ་འབྲེལ། ཀྲུང་གོ་སློབ་ཆེན་གྱི་སློབ་སྤྱིའི་མཐུན་འབྲེལ་ལྷན་ཚོགས། ཕུལ་བྱུང་སློབ་ཆེན་མནའ་འབྲེལ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་སློབ་ཆེན་མནའ་འབྲེལ། ཀྲུང་གོ་དང་ཨུ་རུ་སུའི་བཟོ་ལས་ཚན་རིག་སློབ་ཆེན་མནའ་འབྲེལ། ཀྲུང་གོ་དང་སི་ཕེན་གྱི་སློབ་ཆེན་མནའ་འབྲེལ། རྒྱལ་ཡོངས་ཀྱི་བཟོ་ལས་ཚན་ཁག16གི་གཙོ་གནད་སློབ་ཆེན་གྱི་ཚན་རྩལ་ལས་དོན་བགྲོ་གླེང་ཚོགས་འདུ། ཀྲུང་གོའི་མིས་བཟོས་རིག་ནུས་སློབ་གསོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་གཏོད་ཁོངས་མི་བཅས་ཡིན། ཇོ་མོ་གླང་མའི་འཆར་གཞི་དང་། 2011འཆར་གཞི། 111འཆར་གཞི། ཕུལ་བྱུང་བཟོ་བཀོད་ཆེན་མོ་བ་སློབ་གསོ་གསོ་སྐྱོང་འཆར་གཞི། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞི། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མའི་བསྡུ་ལེན་སློབ་གྲྭ། རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་ཀྱི་དཔེ་སྟོན་མཐོ་སློབ་སོགས་འཛུགས་སྐྲུན་བྱས། ཞིབ་འཇུག་སློབ་མའི་སློབ་གླིང་བཙུགས་ཡོད་པ་དང་ཁག་དང་པོའི་ཞིབ་འཇུག་སློབ་མའི་རང་བདག་དབྱེ་འབྱེད་ཐོབ་ཐང་ལྡན་པའི་མཐོ་རིམ་སློབ་གྲྭ་ཡིན། ཁག་དང་པོའི་བསླབ་གནས་སྤྲོད་དབང་རང་བདག་གི་ཞིབ་དཔྱད་ལས་ཁུངས་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་གཙོ་བོར་བྱེད་པ་དང་རིག་ཚན་མང་པོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尔滨工业大学
ཕྱི་ཡིག་གི་མིང་།
HarbinInstituteofTechnology
བཙུགས་ལོ།
སྤྱི་ལོ1920ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གྲྭའི་ཁྱད་ཆོས།
འཛམ་གླིང་གི་རྩེར་སོན་སློབ་ཆེན་གྱི་མཐོ་སློབAརིགས།(སྤྱི་ལོ2017ལོར་བདམས)    985ལས་གཞི། (སྤྱི་ལོ1999ལོར་བདམས་ཐོན་བྱུང)    211ལས་གཞི། (སྤྱི་ལོ1995ལོར་བདམས་ཐོན་བྱུང)    2011འཆར་གཞི། (སྤྱི་ལོ2013ལོར་བདམས་ཐོན་བྱུང ) 111འཆར་གཞི། (སྤྱི་ལོ2006ལོར་བདམས་ཐོན་བྱུང)
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།
སློབ་གཙོ།
ཀྲོའུ་ཡུས།
ཏང་ཨུའི་ཧྲུའུ་ཅི།
ཞུང་སི་ཧའོ།
ཆེད་བསྐོས་ཡོན་ཧྲི།
མི20ཡོད།
དངོས་གཞིའི་ཆེད་ལས།
86ཡོད།
སློབ་གླིང་ཚབ་ཨང་།
10213
1 ངོ་སྤྲོད་མདོར་བསྡུས།

སློབ་གྲྭ་སྤྱི་ལོ1920ལོར་བཙུགས་ཤིང་། སྤྱི་ལོ1951ལོར་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་མཐོ་རིམ་སློབ་གསོ་སློབ་གཉེར་བྱེད་སྟངས་སློབ་སྦྱོང་བྱེད་པའི་དཔེ་མཚོན་སློབ་ཆེན་གཉིས་ཀྱི་གྲས་སུ་གཏན་ཁེལ་བྱས། སྤྱི་ལོ1954ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ6གི་གྲས་སུ་བསྡུས། ཀྲུང་གོ་གསར་པའི་མཐར་ཕྱིན་སློབ་མ་ཐོག་དང་པོར་བཟོ་སྐྲུན་དགེ་རྒན་གྱི་མཚན་སྙན་ཐད་ཀར་ཐོབ་པ་དང་ཞིབ་འཇུག་སློབ་མའི་ལོ་གསུམ་ལམ་ལུགས་ཀྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་ཞིག་ཡིན། སྤྱི་ལོ1996ལོར་རྒྱལ་ཁབ”ཀྱི211ལས་གཞིའི“གཙོ་གནད་འཛུགས་སྐྲུན་གྱི་མཐོ་རིམ་སློབ་གྲྭ་ཁག་དང་པོ”རུ་བདམས། སྤྱི་ལོ1999ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི985ལས་གཞི“གཙོ་གནད་འཛུགས་སྐྲུན་གྱི་སློབ་ཆེན9ཡི་གྲས་སུ་གཏན་ཁེལ་བྱས”  སྤྱི་ལོ2000ལོར་ཁུངས་གཅིག་པའི་ཧར་པིན་འཛུགས་སྐྲུན་སློབ་ཆེན་དང་ཟླ་སྒྲིལ་བཏང་ནས་ཧར་པིན་བཟོ་ལས་སློབ་ཆེན་གསར་པ་བཙུགས། སྤཡི་ལོ2017ལོར“རྩེ་གྲ་གཉིས་ལྡན”བསྐྲུན་རྒྱུའིAརིགས་ཀྱི་མཐོ་སློབ་མིང་ཐོའི་ནང་བདམས།

སྤྱི་ལོ2018ལོའི་ཟླ5པའི་བར་ཧར་པིན་དང་། ཝུའེ་ཧའེ། ཧྲེན་ཀྲེན་བཅས་སློབ་ཁུལ་གསུམ་དང་། སློབ་གྲྭའི་རྒྱ་ཁྱོན་མུའུ5212.35ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི202.69ཡོད། ཆེད་བསྐོས་དགེ་རྒན3045དང་སློབ་གྲྭར་ཡོད་པའི་སློབ་མ46138ཡོད།

2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། ཧར་པིན་བཟོ་ལས་སློབ་ཆེན(པུའུ)དུ་དགེ་རྒན་དང་ལས་བཟོ་པ5114ཡོད་པའི་ནང་དུ་ཆེད་བསྐོས་དགེ་རྒན3011ཡོད། མཐོ་རིམ་རྒན་པའི་གོ་གནས1040དང་། མཐོ་རིམ་གཞོན་པའི་གོ་གནས1307 ལས་ཐོག་འབུམ་རམས་པའི་སློབ་མ1391བཅས་ཡོད། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲི39ཡོད་པ་དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན9བདམས་ཐོན་བྱུང་ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་ན་གཞོན་ཚན་རིག་ཐེབས་རྩ་ཐོབ་མཁན53ཡོད་ལ། རྒྱལ་ཁབ་རང་བྱུང་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་ན་གཞོན་ཐེབས་རྩ་ཐོབ་མཁན49ཡོད། རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞི”ཡི་སྣེ་ཁྲིད་ཤེས་ལྡན་མི་སྣ46དང་ན་གཞོན་རྩེར་སོན་ཤེས་ལྡན་མི་སྣ23ཡོད། “ཤེས་ལྡན་མི་སྣའི་ལས་གཞི”རྒྱལ་ཁབ་རིམ་པའི་འོས་མི32ཡོད། “973འཆར་གཞིའི”དབུ་བཞུགས་ཚན་རིག་མཁས་ཅན12དང་གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་འདེད་འཆར་གཞི40ཡོད། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་གསར་གཏོད་ཚོགས་པ7ཡོད། སློབ་གསོ་པུའུ་ཡི་ཚན་རྩལ་གསར་གཏོད་ཚོགས་པ12དང་ཚན་རྩལ་པུའུ་ཡི་གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚོགས་པ5 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ6དང་། བཟོ་འཕྲིན་པུའུ་ཡི་ཞིབ་འཇུག་རྣམ་པའི་སློབ་ཁྲིད་གསར་གཏོད་ཚོགས་པ4བཅས་ཡོད།

3 སློབ་གླིང་དང་སྡེ་ཁག་གི་གནས་ཚུལ་མདོར་བསྡུས།

སྤྱི་ལོ2019ལོའི་ཟླ12པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། ཧར་པིན་བཟོ་ལས་སློབ་ཆེན(པུའུ)གྱི་མངའ་ཁོངས་སུ་སློབ་གླིང22ཡོད་པ་དང་། དངོས་གཞིའི་ཆེད་ལས84བཙུགས་ཡོད། མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རྣམ་གྲངས10ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྡེ་ཁག སློབ་གླིང་། ལས་རིགས།