ཧར་པིན་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 16:09ལ་འགྲུབ།

ཧར་པིན་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

ཧར་པིན་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།
ཧར་པིན་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་ནི་སྤྱི་ལོ1995ལོར་བཙུགས་ཤིང་། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཉེན་ཆས་ལག་རྩལ་སློབ་གླིང་དང་རྒྱལ་ཡོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་གྱི་སྔོན་ཐོན་ལས་ཁུངས་ཡིན སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི70ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20.4ཟིན་ཡོད། སློབ་ཁྲིད་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི4280ཡོད། དཔེ་དེབ་ཁྲི68ལྷག་ཙམ་ཟིན་ཡོད། སློབ་གྲྭའི་ནང་དུ་སྐུད་མེད་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་དང་སློབ་མ་རེའི་ཆ་སྙོམས་ཐོན་ཁུངས་དེ་རིགས་གཅིག་པའི་སློབ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尔滨信息工程学院
ཕྱི་ཡིག་གི་མིང་།
HarbinInstituteofInformationTechnology
བཙུགས་ལོ།
སྤྱི་ལོ1995ལོ།
སློབ་སྒྲུབ་ངོ་བོ།
དམངས་བཙུགས་སློབ་གྲྭ་ཆེན་མོ།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།    རྒྱལ་ཁབ་དཔེ་སྟོན་རང་བཞིན་མཉེན་ཆས་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
ས་གནས།
ཧར་པིན་པིན་ཞི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ།
སློབ་གླིང་ཚབ་ཨང་།
11635
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧེ་ལུང་ཅང་ཧ་འར་པིན།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2015ལོའི་ཟླ9པའི་ཚེས30ཉིན་བར་དུ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ6753ཡོད་པའི་ནང་དུ་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1542ཡོད། སློབ་མའི་བསྡོམས་འབོར་གྱི་བརྒྱ་ཆའི22.83ཡོད་ལ། སློབ་གླིང་ལ་ད་ལྟ་ཆེད་བསྐོས་དགེ་རྒན382ཡོད་པ་དང་། དགེ་རྒན་དང་སློབ་མའི་བསྡུར་ཚད17.68:1ཡིན། རབ་འབྱམས་པ་ཡན་གྱི་སློབ་རྒྱུས་ལྡན་པའི་མི222ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི58.12%བཟུང་ཡོད། མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་ཡོད་མཁན150ཡོད་པའི་ནང་དུ་དགེ་རྒན་ཆེན་མོ་བ51ཡོད། མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་གི་བསྡུར་ཚད39.27%ཟིན་ཡོད། དངོས་གཞི་སློབ་མའི་གཙོ་ཁྲིད་དགེ་རྒན་ཚང་མ་རབ་འབྱམས་པ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལ་སླེབས་ཡོད། དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་དགེ་རྒན་གྱིས་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་འགན་འཁུར་ཚད72%ཟིན་པ་དང་དགེ་རྒན་ཆེན་མོ་བས་དངོས་གཞིའི་ཚན་ཁག་གི་སློབ་ཚན་འཁུར་ཚད40%ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1995ལོར་ཧར་པིན་གྱི་ཧྭ་ཞ་རྩིས་འཁོར་ཆེད་སྦྱོང་སློབ་གླིང་བཙུགས།

སྤྱི་ལོ2002ལོར་ཧར་པིན་ཧྭ་ཞ་རྩིས་འཁོར་ཆེད་སྦྱོང་སློབ་གླིང་ཧར་པིན་ཧྭ་ཞ་རྩིས་འཁོར་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་འཕར་བྱས།

སྤྱི་ལོ2014ལོར་ཧར་པིན་གྱི་ཧྭ་ཞ་རྩིས་འཁོར་ལས་རིགས་ལག་རྩལ་སློབ་གླིང་དེ་ཧར་པིན་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་དུ་རིམ་འཕར་བྱས།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སློབ་གླིང་དུ་མཉེན་ཆས་སློབ་གླིང་དང་། རང་འགུལ་ཅན་དང་གློག་རྡུལ་བཟོ་སྐྲུན་སྡེ་ཁག སྒྱུ་རྩལ་ཇུས་འགོད་སློབ་གླིང་། ཚོང་དོན་སྡེ་ཁག རྨང་གཞིའི་སློབ་དཔྱོད་པུའུ་དང་རྒྱུན་མཐུད་སློབ་གསོའི་སློབ་གླིང་སོགས་སློབ་ཁྲིད་སྡེ་ཁག མཉེན་ཆས་ལས་གཞི། རྩིས་འཁོར་ཚན་རིག་དང་ལག་རྩལ། གློག་རྡུལ་ཆ་འཕྲིན་ལས་གཞི ཁོར་ཡུག་ཇུས་འགོད། མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད། གློག་རྡུལ་ཚོང་དོན། རང་འགུལ་ཅན་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས7དང་རྩིས་འཁོར་རིགས་དང་ཆ་འཕྲིན་རིགས་ཀྱི་ཆེད་ལས་གཙོ་བོར་བྱས་པའི་མཐོ་རིམ་ལས་རིགས་ཆེད་ལས་བཅུ་ལྷག་བཙུགས་ཡོད།

4 རིག་ཚན་སྒྲིག་བཀོད།

སློབ་གླིང་གི་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རྩིས་འཁོར་གྱི་ཚན་རིག་ལག་རྩལ་རིག་ཚན་ལ་བརྟེན་ནས་ཆེད་གཉེར་དང་སྟོབས་ཆེར་གཏོང་བའི་ཆ་འཕྲིན་རིགས་དང་རྩིས་འཁོར་བཀོལ་སྤྱོད་རིགས་ཀྱི་ཁྱད་ལྡན་ཆེད་ལས་གཉེར་རྒྱུ་མཐའ་འཁྱོངས་བྱས་ཡོད། སློབ་གླིང་དུ་མཉེན་ཆས་ལས་གཞི་དང་། རྩིས་འཁོར་ཚན་རིག་དང་ལག་རྩལ། གློག་རྡུལ་ཆ་འཕྲིན་ལས་གཞི། ཁོར་ཡུག་ཇུས་འགོད། མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད། གློག་རྡུལ་ཚོང་དོན། རང་འགུལ་ཅན་སོགས་དངོས་གཞིའི་ཚན་ཁག་གི་ཆེད་ལས7དང་། རྩིས་འཁོར་རིགས་དང་ཆ་འཕྲིན་རིགས་ཀྱི་ཆེད་ལས་གཙོ་བོར་བྱས་པའི་མཐོ་རིམ་ལས་རིགས་ཆེད་ལས་བཅུ་ལྷག་བཙུགས་ཡོད། ། “རྩིས་འཁོར་དྲ་རྒྱའི་ལག་རྩལ”དང“མཉེན་ཆས་ལག་རྩལ”རྒྱལ་ཁབ་དཔེ་སྟོན་རང་བཞིན་གྱི་མཉེན་ཆས་སློབ་གླིང་གིས་གཙོ་གནད་ཆེད་ལས2དང་། “རྩིས་འཁོར་ཉེར་སྤྱོད་ལག་རྩལ” “མཚམས་སྦྱོར་བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན”སོགས་ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས7ཡོད།

5 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2015ལོའི་ཟླ9པའི་ཚེས30ཉིན་བར་དུ། སློབ་གྲྭར་ཡོད་མུས་ཀྱི་སློབ་མ6753ཡོད་པའི་ནང་དུ་དངོས་གཞིའི་ཚན་ཁག་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1542ཡོད། སློབ་མའི་བསྡོམས་གྲངས་ཀྱི་བརྒྱ་ཆའི22.83ཟིན་ཡོད། སློབ་གླིང་ལ་ད་ལྟ་ཆེད་བསྐོས་དགེ་རྒན328ཡོད། དགེ་རྒན་དང་སློབ་མའི་བསྡུར་ཚད17.68:1ཡོད། རབ་འབྱམས་པ་ཡན་གྱི་བསླབ་གནས་ལྡན་པའི་མི222ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི58.12%བཟུང་ཡོད། མཐོ་རིམ་གཞོན་པ་དང་དེ་བཞིན་གོ་མིང་ཡོད་མཁན150ཡོད་པའི་ནང་དུ་དགེ་རྒན་ཆེན་མོ་བ51ཡོད་པ་དང་མཐོ་རིམ་གཞོན་པ་དང་དེ་ཡན་གྱི་གོ་མིང་བསྡུར་ཚད39.27%ཟིན་ཡོད། དངོས་གཞི་སློབ་མའི་གཙོ་ཁྲིད་དགེ་རྒན་ཚང་མ་རབ་འབྱམས་པ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལ་སླེབས་ཡོད། དགེ་རྒན་ཆེན་མོ་གཞོན་པ་ཡན་གྱི་དགེ་རྒན་གྱིས་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་འགན་འཁུར་ཚད72%ཟིན་པ་དང་དགེ་རྒན་ཆེན་མོ་བས་དངོས་གཞིའི་ཚན་ཁག་གི་སློབ་ཚན་འཁུར་ཚད40%ཟིན་ཡོད།

6 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་བར་དུ། སློབ་གྲྭར“རྩིས་འཁོར་དྲ་རྒྱའི་ལག་རྩལ”དང“མཉེན་ཆས་ལག་རྩལ”རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཉེན་ཆས་སློབ་གླིང་གི་གཙོ་གནད་ཆེད་ལས2དང་། “རྩིས་འཁོར་གྱི་ཉེར་སྤྱོད་ལག་རྩལ” “མཚམས་སྦྱོར་བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན”སོགས་ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་གྱི་ཆེད་ལས2དང་། “ཁེར་རྐྱང་འཕྲུལ་འཁོར་དང་ཉེར་སྤྱོད་གློག་རྡུལ་ལག་རྩལ”“རོལ་རྩེད་མཉེན་ཆས”“འགུལ་བརྙན་ཇུས་འགོད་དང་བཟོ་སྐྲུན”སོགས་ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་གྱི་ཆེད་ལས7ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།