བྱང་ཤར་ཞིང་ལས་སློབ་ཆེན།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:59ལ་འགྲུབ།

བྱང་ཤར་ཞིང་ལས་སློབ་ཆེན།

བྱང་ཤར་ཞིང་ལས་སློབ་ཆེན།
བྱང་ཤར་ཞིང་ལས་སློབ་ཆེན་ནི(NortheastAgriculturalUniversityཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་གནས་པ་དང་འཛམ་གླིང་གི་རིག་ཚན་འཛུགས་སྐྱོང་མཐོ་སློབ་རྩེ་གྲ་ཞིག་ཡིན། རྒྱལ་ཁབ་ཀྱི་ཁག་དང་པོའི“211ལས་གཞིའི”གཙོ་གནད་འཛུགས་སྐྲུན་གྱི་མཐོ་སློབ་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་དང་མཉམ་དུ་བཙུགས་པའི་མཐོ་སློབ་ཅིག་ཡིན། སྤྱི་ལོ2019ལོའི་ཟླ6པའི་བར། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི496.4ཟིན་ཡོད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི123.1ཟིན་པ་དང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5.77ཟིན་ཡོད། སློབ་གླིང17དང་སློབ་ཁྲིད་པུའུ1བཙུགས་ཡོད། རྒྱལ་ཁབ་རིམ་པའི་སློབ་ཆེན་ཚན་རྩལ་གླིང1 འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན10 རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན22བཅས་ཡོད། འབུམ་རམས་པའི་ཆེད་ལས་བསླབ་གནས1 རབ་འབྱམས་པའི་ཆེད་ལས་བསླབ་གནས10 འབུམ་རམས་པའི་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས10 འབུམ་རམས་པའི་ཚན་རིག་ཞིབ་འཇུག་ལས་དོན་ས་ཚིགས2 དངོས་གཞིའི་ཚན་ཁག་གི་ཆེད་ལས72བཅས་ཡོད་ལ། ཆེད་བསྐོས་དགེ་རྒན1386ཡོད། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ27922ཡོད་པའི་ནང་དུ་ཞིབ་འཇུག་སློབ་མ4579དང་། དངོས་གཞིའི་ཚན་ཁག་གི་སློབ་མ23152དང་ཕྱི་རྒྱལ་གྱི་སློབ་མ191བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东北农业大学
ཕྱི་ཡིག་གི་མིང་།
ortheastAgriculturalUniversity NEAU
བཙུགས་ལོ།
སྤྱི་ལོ1948ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
ཞིང་ནགས་ཀྱི་སྐོར།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན།
སློབ་གྲྭའི་ཁྱད་ཆོས།
འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྱོང་མཐོ་སློབ། (སྤྱི་ལོ2017ལོར་བདམས)    ཞིང་ཆེན་དང་པུའུ་ཡི་མཉམ་སྐྲུན་མཐོ་སློབ།    211ལས་གཞི། (སྤྱི་ལོ1996ལོར་བདམས་ཐོན་བྱུང)    དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞི། (སྤྱི་ལོ2013ལོར་བདམས་ཐོན་བྱུང)    ཕུལ་དུ་བྱུང་བའི་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞི། (སྤྱི་ལོ2014ལོ)
དངོས་གཞིའི་ཆེད་ལས།
72ཡོད།
རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན།
རིམ་པ་གཉིས་པའི་རིག་ཚན3ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་གླིང17དང་སློབ་ཁྲིད་པུའུ1ཡོད།
སློབ་གྲྭའི་དམ་ཚིག
ཐོས་བསམ་སྒོམ་གསུམ་ལ་མཁས་པ་དང་། ཀུན་སྤྱོད་བཟང་ཞིང་དམངས་ལ་གཅེས་པ།
ས་གནས།
ཀྲུང་གོའི་ཧར་པིན་ཤང་ཧྥང་ཆུས་འབྲི་ཆུའི་ལམ་ཨང600པ།
སློབ་གླིང་ཚབ་ཨང་།
10224
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1994ལོའི་ཟླ2པར། བྱང་ཤར་ཞིང་ལས་སློབ་གླིང་དང་ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་དོ་དམ་ལས་བྱེད་པའི་སློབ་གླིང་ཟླ་སྒྲིལ་བཏང་ནས་བྱང་ཤར་ཞིང་ལས་སློབ་ཆེན་བཙུགས།

སྤྱི་ལོ1996ལོར་སློབ་གྲྭ་དེ“211ལས་གཞིའི”གྲ་སྒྲིག་ཞིབ་བཤེར་བརྒྱུད་དེ། རྒྱལ་ཁབ་ཀྱི“211ལས་གཞིའི”གཙོ་གནད་འཛུགས་སྐྲུན་སློབ་ཆེན་གྱི་གྲས་སུ་བསྡུས།

སྤྱི་ལོ2004ལོའི་ཟླ12པར་ཧེ་ལུང་ཅང་ཞིང་ཆེན་འོ་མའི་ཐོན་རྫས་བཟོ་ལས་ལག་རྩལ་གསར་སྤེལ་ལྟེ་གནས་དེ་བྱང་ཤར་ཞིང་ལས་སློབ་ཆེན་གྱི་ཁོངས་སུ་བསྡུས།

སྤྱི་ལོ2006ལོའི་ཟླ10པར། ཧེ་ལུང་ཅང་ཞིང་ཆེན་ཏ་ཏོའུ་ལག་རྩལ་གསར་སྤེལ་ཞིབ་འཇུག་ལྟེ་གནས་དེ་བྱང་ཤར་ཞིང་ལས་སློབ་ཆེན་དུ་བསྡུས།

སྤྱི་ལོ2009ལོའི་ཟླ11པར། སློབ་གྲྭས་སྣེ་ཁྲིད་བྱེད་མཁན་གྱི་རྒྱལ་ཁབ་འོ་མའི་ལས་རིགས་ཀྱི་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ་དངོས་སུ་བཙུགས།

སྤྱི་ལོ2012ལོའི་ཟླ9པར། སློབ་གྲྭ་དང་ཨུ་རུ་སུ་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་བཙུགས་སློབ་ཆེན་གྱིས་སྣེ་ཁྲིད་དེ་སྤེལ་བའི“ཀྲུང་གོའི་བྱང་ཤར་ས་ཁུལ་དང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་དང་དེ་བཞིན་ཤིས་པོ་ལི་ཡ་ས་ཁུལ་གྱི་སློབ་ཆེན་མནའ་འབྲེལ”དངོས་སུ་བཙུགས།

སྤྱི་ལོ2013ལོའི་ཟླ4པར། ཧེ་ལུང་ཅང་ཞིང་ཆེན་ཏ་ཏོའུ་ལག་རྩལ་གསར་སྤེལ་ཞིབ་འཇུག་ལྟེ་གནས་དང་། ཧེ་ལུང་ཅང་ཞིང་ཆེན་འོ་མའི་ཐོན་རྫས་བཟོ་ལས་ལག་རྩལ་གསར་སྤེལ་ལྟེ་གནས། ཧེ་ལུང་ཅང་ཞིང་ཆེན་འཁལ་འཐག་བཟོ་ལས་ཞིབ་འཇུག་ཁང་བཅས་ཟླ་སྒྲིལ་བཏང་ནས་ཧེ་ལུང་ཅང་ཞིང་ཆེན་ལྗང་མདོག་བཟའ་བཅའ་ཚན་རིག་ཞིབ་འཇུག་ཁང་བཙུགས་ཏེ་བྱང་ཤར་ཞིང་ལས་སློབ་ཆེན་གྱི་ཁོངས་སུ་བསྡུས། ཟླ5པར་སློབ་གྲྭ་རྒྱལ་ཁབ་ཀྱི“དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞིའི”གཙོ་གནད་འཛུགས་སྐྲུན་སློབ་ཆེན100ཡི་ནང་བསྡུས།

སྤྱི་ལོ2014ལོའི་ཟླ7པར་སློབ་གསོ་པུའུ་ཡིས་སློབ་གྲྭ་རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས། ཟླ9པར་སློབ་གྲྭ་དེ་ཁག་དང་པོའི“ཕུལ་བྱུང་ཞིང་ནགས་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་འཆར་གཞིའི”རྣམ་གྲངས་ཚོད་ལྟའི་མཐོ་སློབ་ཏུ་བདམས།

སྤྱི་ལོ2015ལོའི་ཟླ2པར་སློབ་གྲྭས་སྣེ་ཁྲིད་དེ་བསྐྲུན་པའི་ཧར་པིན་གྲོང་ཁྱེར་བཟའ་བཅའ་ཐོན་ལས་ཞིབ་འཇུག་ཁང་གི་སྒོ་བྱང་དངོས་སུ་བཀལ།

སྤྱི་ལོ2017ལོའི་ཟླ3པར་ཀྲུང་གོ་དང་ཨ་རིའི་སློབ་ཆེན་གྱི་ཞིང་ལས་ཁྱབ་གདལ་མནའ་འབྲེལ་ནང་དངོས་སུ་ཞུགས། ཟླ7པར་སློབ་གྲྭར་ཆོག་མཆན་ཐོབ་ནས་རྒྱལ་ཡོངས་ཀྱི་ཁག་གཉིས་པའི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་ཏུ་བདམས། ཟླ9པར་བྱང་ཤར་ཞིང་ལས་སློབ་ཆེན་འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྲུན་གྱི་མཐོ་སློབ་ནང་བདམས།

སྤྱི་ལོ2018ལོའི་ཟླ7པར་སློབ་གྲྭ་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལེགས་གྲས50ཡི་ནང་དུ་བདམས།

སྤྱི་ལོ2019ལོའི་ཟླ2པར་སློབ་གསོ་པུའུ་ཡིས་སློབ་གྲྭ་དེ་མཐོ་སློབ་ཀྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ལག་རྩལ་གཞན་སྒྱུར་རྟེན་གཞི་ཁག་དང་པོར་གཏན་ཁེལ་བྱས།

2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ3པའི་བར་དུ། སློབ་གྲྭར་སློབ་གླིང17དང་སློབ་ཁྲིད་པུའུ1 དངོས་གཞིའི་ཚན་ཁག་གི་ཆེད་ལས72བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ6པའི་བར་དུ། སློབ་གྲྭའི་ཆེད་བསྐོས་དགེ་རྒན1386ཡོད་པའི་ནང་དུ་དགེ་རྒན་ཆེན་མོ་བ311དང་དགེ་རྒན་ཆེན་མོ་བ་གཞོན་པ475ཡོད། འབུམ་རམས་པའི་བསླབ་གནས་ཡོད་མཁན837དང་རབ་འབྱམས་པའི་བསླབ་གནས་ཡོད་མཁན465ཡོད། ད་ལྟ“མི་ཁྲིའི་འཆར་གཞི”ནང་བདམས་ཐོན་བྱུང་མཁན་མི14(ན་གཞོན་ཤེས་ལྡན་པ་རྩེ་གྲ1ཚུད་ཡོད)ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་ཚོགས་ཆུང་གི་ཁོངས་མི6བཅས་ཡོད། རྒྱལ་ཁབ་ཀྱི་ཕུལ་བྱུང་ན་གཞོན་ཚན་རིག་ཐེབས་རྩ་ཐོབ་མཁན3ཡོད། “ཤེས་ལྡན་མི་སྣ་ཁྲི་ཚོ་བརྒྱ་སྟོང་གི་ལས་གཞིའི”རྒྱལ་ཁབ་རིམ་པའི་འོས་མི3དང་། ཚན་རྩལ་པུའུ་ཡི་ན་གཞོན་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ9ཡོད། སློབ་གསོ་པུའུ་ཡི་གསར་གཏོད་ཚོགས་པ2དང་། སློབ་གསོ་པུའུ་ཡི“དུས་རབས་ལས་བརྒལ་བ་དང་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞིའི”ནང་ཞུགས་མཁན་མི10དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ2ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན3ཡོད་ལ། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ2དང་ཨུ་ཡོན12ཡོད། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་གི་ལས་གནས་ཚན་རིག་པ17ཡོད། “ལུང་ཅང་མཁས་དབང”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ18དང་འཆད་ཁྲིད་དགེ་རྒན་ཆེན་མོ3ཡོད། གཞོན་ནུ“ལུང་ཅང་མཁས་དབང”2དང་འབུམ་རམས་པའི་སློབ་དཔོན228ཡོད།

4 ཞིབ་འཇུག་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ3པའི་བར་དུ། སློབ་གྲྭར་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་རྩལ་བྱ་དགའ500ལྷག་ཙམ་ཐོབ་པའི་ནང་དུ་རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་། གསར་གཏོད་བྱ་དགའ། ཚན་རྩལ་ཡར་ཐོན་བྱ་དགའ་བཅས32ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ལས་རིགས། ཆེད་ལས།