ཧར་པིན་ཚོང་ལས་སློབ་གྲྭ་ཆེན་མོ།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧར་པིན་ཚོང་ལས་སློབ་གྲྭ་ཆེན་མོ།

ཧར་པིན་ཚོང་ལས་སློབ་གྲྭ་ཆེན་མོ།
ཧར་པིན་ཚོང་ལས་སློབ་གྲྭ་ཆེན་མོ་ནི་སྤྱི་ལོ1952ལོར་བཙུགས། ཀྲུང་གོའི་སྣ་མང་རང་བཞིན་གྱི་ཚོང་ལས་སློབ་ཆེན་དང་པོ་ཡིན། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། སྤྱི་ལོ1958ལོ་ནས་བཟུང་དངོས་གཞིའི་ཚན་ཁག་གི་སློབ་གསོ་དང་སྤྱི་ལོ1982ལོ་ནས་བཟུང་ཞིབ་འཇུག་སློབ་མའི་སློབ་གསོ་སྤེལ། ཧེ་ལུང་ཅང་ཞིང་ཆེན་གྱིས་གཙོ་གནད་དུ་འཛུགས་སྐྲུན་བྱེད་པའི་སློབ་ཆེན་བཅུའི་གྲས་ཤིག་ཡིན། རྒྱལ་ཁབ་ཀྱི“དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞི”འཛུགས་སྐྲུན་བྱེད་པའི་སློབ་གླིང་དང་སློབ་གྲྭ་ཞིག་ཡིན། ཀྲུང་ཨུ་ཡི་དཔལ་འབྱོར་རིགས་ཀྱི་སློབ་ཆེན་མནའ་འབྲེལ་གྱི་ཁོངས་གཏོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尔滨商业大学
ཕྱི་ཡིག་གི་མིང་།
HarbinUniversityofCommerce
བཙུགས་ལོ།
སྤྱི་ལོ1952ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
ངོ་བོ།
ནོར་སྲིད་དཔལ་འབྱོར།
ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་དངོས་གཞིའི་ཚན་ཁག་གི་མཐོ་སློབ།    དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གཞི།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། སུན་ཞན་རྨིན།    སློབ་གཙོ། ཀྲེང་ཆིའུ་ཆིན།
སློབ་གླིང་དང་ཚན་ཁག་གི་སྒྲིག་བཀོད།
རྩིས་འཁོར་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། ཡང་བའི་བཟོ་ལས་སློབ་གླིང་། རྩིས་གཉེར་སློབ་གླིང་། དངུལ་རྩའི་སློབ་གླིང་། སྨན་རྫས་སློབ་གླིང་སོགས་ཡོད།
ས་གནས།
ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་སུང་པེ་ཁུལ་གྱི་ཞུའེ་ཧའེ་སྲང་ལམ་ཨང་དང་པོ།
སློབ་གླིང་ཚབ་ཨང་།
10240
བྱ་དགའ་གཙོ་བོ།
རྒྱལ་ཡོངས་ཀྱི་དཔལ་ཡོན་ལས་ཁུངས།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2020ལོའི་ཟླ་དང་པོའི་བར་དུ། སློབ་གྲྭའི་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་ཁྲི116.55ཟིན་པ་དང་སློབ་གྲྭའི་ཉལ་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི66.18ཡོད། དགེ་རྒན་དང་ལས་བཟོ་པ1460ཡོད། དེའི་ནང་དུ་ཆེད་བསྐོས་དགེ་རྒན1151དང་དགེ་རྒན་ཆེན་མོ220 དགེ་རྒན་ཆེན་མོ་གཞོན་པ559ཡོད། རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒནསོ་སོར627དང533ཡོད། ཞིབ་འཇུག་སློབ་མའི་སློབ་དཔོན442ཡོད་པའི་ནང་དུ་འབུམ་རམས་པའི་སློབ་དཔོན85ཡོད། སློབ་གླིང22དང་ཚོང་ལས་དཔལ་འབྱོར་དང་ཚོང་ལས་ལས་གཞིའི་ཞིབ་འཇུག་ཁང2ཡོད། སློབ་གྲྭར་དཔལ་འབྱོར་དང་། དོ་དམ། བཟོ་ལས། ཁྲིམས་ལུགས། ཚན་རིག རང་བྱུང་ཚན་རིག གསོ་རིག སྒྱུ་རྩལ་སོགས་རིག་ཚན་བརྒྱད་ཡོད་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས65ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2000ལོའི་ཟླ10པའི་ཚེས24ཉིན། སློབ་གསོ་པུའུ་ཡིས་ཧེ་ལུང་ཅང་ཞིང་ཆེན་ནོར་སྲིད་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་ཧེ་ལུང་ཅང་ཚོང་ལས་སློབ་གླིང་ཟླ་སྒྲིལ་བཏང་ནས་ཧར་པིན་ཚོང་ལས་སློབ་ཆེན་འཛུགས་རྒྱུའི་ཆོག་མཆན་བཀོད།

སྤྱི་ལོ2008ལོར་སློབ་གྲྭའི“དཔལ་འབྱོར་དོ་དམ་ཕྱོགས་བསྡུས་ལག་ལེན་ལྟེ་གནས”ལ་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས་ཀྱི་ཆོག་མཆན་ཐོབ།

སྤྱི་ལོ2009ལོར་སློབ་གྲྭར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།

སྤྱི་ལོ2012ལོར་རྒྱལ་ཁབ་ཀྱི“དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལས་གྲྭའི”འཛུགས་སྐྲུན་སློབ་གླིང་དུ་བདམས།

སྤྱི་ལོ2013ལོར་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་རིགས་ཀྱི་སློབ་ཆེན་མནའ་འབྲེལ་གྱི་ཁོངས་མིར་གྱུར་ཡོད། ལོ་དེར། སློབ་གྲྭའི“དེང་རབས་ཁེ་ལས་ཚོང་དོན་གཉེར་སྐྱོང་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས”རྒྱལ་ཁབ་རིམ་པའི་རྟོག་བཟོའི་འདྲ་བཟོས་ཚོད་ལྟའི་སློབ་ཁྲིད་ལྟེ་གནས་ཁག་དང་པོར་བདམས།

སྤྱི་ལོ2018ལོའི་ཟླ2པར། སློབ་གྲྭ་ཧེ་ལུང་ཅང་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་སློབ་ཆེན་དང་ལེགས་ཆའི་ཁྱད་ལྡན་རིག་ཚན་འཛུགས་སྐྱོང་མཐོ་སློབ་དང་དེ་བཞིན་འཛུགས་སྐྱོང་རིག་ཚན་ནང་ཚུད་ཡོད།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2016ལོའི་ཟླ8པའི་བར་དུ་སློབ་གྲྭར་སློབ་གླིང22དང་ཚོང་ལས་དཔལ་འབྱོར་དང་ཚོང་ལས་ལས་གཞིའི་ཞིབ་འཇུག་ཁང2བཙུགས་ཡོད། དཔལ་འབྱོར་རིག་པ་དང་། དོ་དམ་རིག་པ། བཟོ་རིག ཁྲིམས་ལུགས་རིག་པ། རྩོམ་རིག རང་བྱུང་ཚན་རིག གསོ་རིགསྒྱུ་རྩལ་རིག་པ་སོགས་རིག་ཚན་ཆེན་པོ་བརྒྱད་འདུས་པའི་དངོས་གཞིའི་ཆེད་ལས61ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ4པའི་བར་དུ། སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཧ་ཅང་ཆེ་ལ། དགེ་རྒན་དང་ལས་བཟོ་པ1492ཡོད་པའི་ནང་དུ་ཆེད་བསྐོས་དགེ་རྒན1151ཡོད། དགེ་རྒན་ཆེན་མོ215དང་དགེ་རྒན་ཆེན་མོ་གཞོན་པ496 རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ལྡན་པའི་དགེ་རྒན་སོ་སོར557དང471ཡོད། ཞིབ་འཇུག་སློབ་མའི་སློབ་དཔོན527ཡོད་པ་དེའི་ནང་དུ་འབུམ་རམས་པའི་སློབ་དཔོན85ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་ཚོ་ཆུང་གི་ཁོངས་མི1ཡོད། ཝུའུ་ཁི་ལན་དཔལ་འབྱོར་ཚན་རིག་གླིང་གི་ཡོན་ཧྲི(ཕྱི་རྒྱལ་གྱི་རྒྱལ་ཁོངས)1ཡོད།  “དུས་རབས་གསར་པའི་ཤེས་ལྡན་པ་ཁྲི་བརྒྱ་སྟོང་གི་ལས་གཞི”རྒྱལ་ཁབ་རིམ་པའི་འོས་མི1དང་། སློབ་གསོ་པུའུ་ཡི“དུས་རབས་གསར་པའི་ཤེས་ལྡན་པ་ཕུལ་བྱུང་གི་རྒྱབ་སྐྱོར་འཆར་གཞིའི”ནང་ཞུགས་མཁན1 རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ24ཡོད། “ལུང་ཅང་མཁས་དབང”དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ7དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཆེད་མཁས་པ14ཡོད། ཞིང་ཆེན(པུའུ)རིམ་པའི་ན་གཞོན་རིགས་གཅིག་མཁས་པ14ཡོད། ཞིང་ཆེན་རིམ་པའི་སྣེ་ཁྲིད་ཤེས་ལྡན་མི་སྣའི་སྐས་རིམ་ལྟ་བུའི་སྣེ་ཁྲིད་པ་དང་རྗེས་གྲབས་སྣེ་ཁྲིད་པ37 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན15ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ4པའི་བར་དུ། སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས4དང་། རིམ་པ་གཉིས་པའི་རིག་ཚན་གྱི་འབུམ་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས20 རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆད་ལས14 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས73བཅས་ཡོད། རང་ཚུགས་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས2 ཆེད་ལས་རིགས་ཀྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཆེད་ལས13 ཞིང་ཆེན་རིམ་པའི་རིམ་པ་དང་པོའི་གཙོ་གནད་རིག་ཚན4དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན་ཚོགས་པ1 འབུམ་རམས་ཕྱི་ཚར་ཚན་རིག་ཞིབ་འཇུག་འཁོར་སྐྱོད་ས་ཚིགས3དང་འབུམ་རམས་ཕྱི་ཚར་གྱི་ཚན་རིག་ཞིབ་འཇུག་ལས་ཀའི་ས་ཚིགས2ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ལས་རིགས། ཆེད་ལས།