ཧེ་ལུང་ཅང་ཕྱི་སྐད་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧེ་ལུང་ཅང་ཕྱི་སྐད་སློབ་གླིང་།

ཧེ་ལུང་ཅང་ཕྱི་སྐད་སློབ་གླིང་།
ཧེ་ལུང་ཅང་ཕྱི་སྐད་སློབ་གླིང་ནི(HeilongjiangInternationalUniversity)ཧར་པིན་གྲོང་ཁྱེར་དུ་གནས་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་སྐད་ཡིག་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གླིང་དཀྱུས་མ་གཅིག་པུ་དེ་ཡིན། སྤྱི་ལོ2018ལོའི་ཟླ6པའི་བར་དུ། ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི53.48ཟིན་ཡོད། སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི23.31ཡོད། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི170དང་ཕྱི་རྒྱལ་གྱི་ཡི་གེའི་མ་དཔེའི་དཔེ་དེབ་ཁྲི8.2ཡོད། སློབ་གླིང་ལ་ད་ལྟ་ཆེད་བསྐོས་དགེ་རྒན541ཡོད། སློབ་གྲྭར་ཡོད་པའི་སློབ་མ9269ཡོད། ཨུ་རུ་སུ་དང་ཁོ་རེ་ཡ་སོགས་རྒྱལ་ཁབ་ཀྱི་ཕྱི་འགྲིམ་སློབ་མ91ཡོད། སློབ་གླིང་གི་འོག་ཏུ་སྡེ་ཁག8དང་སློབ་གླིང4བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས30དང་དར་མའི་སློབ་གསོའི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཆེད་ལས37བཙུགས་པའི་ནང་དུ་རྩོམ་རིག་དང་། སྒྱུ་རྩལ་རིག་པ། བཟོ་རིག དཔལ་འབྱོར་རིག་པ། དོ་དམ་རིག་པ། སློབ་གསོ་རིག་པ་བཅས་རིག་ཚན6ཚུད་ཡོད། སློབ་གླིང་དང་ཨུ་རུ་སུའི་ཨར་ཐའེ་རྒྱལ་བཙུགས་སློབ་ཆེན་དང་ཧན་གོའི་ཏ་ཀྲེན་སློབ་ཆེན་སོགས་རྒྱལ་སྤྱིའི་གྲགས་ཅན་སློབ་ཆེན7དང་མཉམ་འབྲེལ་ཐོག་རབ་འབྱམས་པའི་བསླབ་གནས་ལྡན་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江外国语学院
ཕྱི་ཡིག་གི་མིང་།
eilongjiangInternationalUniversity
བཙུགས་ལོ།
སྤྱི་ལོ1993ལོ།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
རིགས་དབྱེ།
སྐད་བརྡའི་སྐོར།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
30ཡོད།
ས་གནས།
ཧར་པིན་གྲོང་ཁྱེར་ཧུའུ་ལན་ཁུལ་གྱི་དམངས་ཕན་གསར་སྤེལ་ཁུལ།
སློབ་གླིང་ཚབ་ཨང་།
19296
1 ལོ་རྒྱས་འཕེལ་རིམ།

སྤྱི་ལོ2011ལོའི་ཟླ4པར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཧར་པིན་དགེ་འོས་སློབ་ཆེན་ཧེང་ཤིན་སློབ་གླིང་ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དུ་བསྒྱུར། དམངས་གཉེར་ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དེ་དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་གྲྭར་རིམ་འཕར་བྱ་རྒྱུར་མོས་མཐུན་བྱས། སློབ་གྲྭའི་མིང་ནི་ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་ཡིན་པ་དང་མཉམ་དུ་ཧར་པིན་དགེ་འོས་སློབ་ཆེན་ཧེང་ཤིན་སློབ་གླིང་གི་སྒྲིག་གཞི་མེད་པ་བཟོས།

སྤྱི་ལོ2012ལོའི་ཟླ5པར། ཧེ་ལུང་ཅང་ཞིང་ཆེན་ཡོན་གནས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དེ་ཉིད་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་མཐོ་རིམ་སློབ་གླིང་དུ་བསྒྱུར།

སྤྱི་ལོ2018ལོའི་ཟླ6པའི་ཚེས19ཉིན། སློབ་གསོ་པུའུ་གཞུང་དོན་ཐིང་གིས་ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གིས་དབྱིན་ཇིའི་པེ་ཕུའུ་ཏེ་ཅུན་སློབ་ཆེན་དང་མཉམ་དུ་སྒྱུ་རྩལ་ཇུས་འགོད་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་གསོའི་རྣམ་གྲངས་དང་། ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གིས་དབྱིན་ཇིའི་པེ་ཕུའུ་ཏེ་ཅུན་སློབ་ཆེན་དང་མཉམ་ལས་བྱས་ནས་དབྱིན་ཡིག་ཆེད་ལས་དངོས་གཞིའི་ཚན་ཁག་གི་སློབ་གསོའི་རྣམ་གྲངས་གཉེར་རྒྱུར་ཆོག་མཆན་སྤྲད།

2 རིག་ཚན།

རྩོམ་རིག་དང་། སྒྱུ་རྩལ་རིག་པ། བཟོ་རིག དཔལ་འབྱོར་རིག་པ། དོ་དམ་རིག་པ། སློབ་གསོ་རིག་པ་བཅས་རིག་ཚན6ཡོད།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དུ་སློབ་གླིང་དང་སྡེ་ཁག10དང་དངོས་གཞིའི་ཚན་ཁག་གི་ཆེད་ལས30ཡོད། ཆེད་ལས་ཀྱི་ཁ་ཕྱོགས45 དེའི་འོག་ཏུ་དབྱིན་ཡིག་ཚན་ཁག་དང་། ནུབ་སྐད་ཚན་ཁག ཨུ་རུ་སུའི་སྐད་ཚན་ཁག ཤར་སྐད་ཚན་ཁག རྒྱ་ཡིག་ཚན་ཁག སྒྱུ་རྩལ་ཚན་ཁག དཔལ་འབྱོར་དོ་དམ་ཚན་ཁག ཆ་འཕྲིན་བཟོ་སྐྲུན་ཚན་ཁག རྒྱལ་སྤྱིའི་ཚོང་ལས་སློབ་གླིང་། མཉེན་ཆས་སློབ་གླིང་། མུ་མཐུད་སློབ་གསོའི་སློབ་གླིང་བཅས་ཡོད།

དངོས་གཞིའི་ཚན་ཁག་གི་ཆེད་ལས30ནང་དུ་དབྱིན་ཡིག་དང་། ཨུ་རུ་སུའི་སྐད། འཇར་པན་གྱི་སྐད། ཧྥ་རན་སིའི་སྐད། སི་ཕེན་གྱི་སྐད། ཕོར་ཐིའུ་ཀལ་གྱི་སྐད། འཇར་མན་གྱི་སྐད། ཨ་རབ་ཀྱི་སྐད། ཡིག་སྒྱུར། ཚོང་དོན་དབྱིན་ཡིག ཁོ་རེ་ཡའི་སྐད། རྒྱའི་སྐད་ཡིག་རྩོམ་རིག རྒྱ་སྐད་ཀྱི་རྒྱལ་སྤྱིའི་སློབ་གསོ། སློབ་ཆུང་སློབ་གསོ། རྒྱང་བསྒྲགས་དང་གཙོ་སྐྱོང་སྒྱུ་རྩལ། ཁོར་ཡུག་སྒྱུ་རྩལ། མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད། འགུལ་རིས། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། ཁྲོམ་རའི་ཚོང་གཉེར། ནོར་དོན་དོ་དམ། མི་ཤུགས་ཐོན་ཁུངས་དོ་དམ། མགྲོན་ཁང་དོ་དམ། རྩིས་འཁོར་ཚན་རིག་དང་ལག་རྩལ། གྲངས་འཛིན་སྨྱན་སྦྱོར་ལག་རྩལ། དྲ་རྒྱ་དང་སྨྱན་སྦྱོར་གསར་པ། རྒྱལ་སྤྱིའི་ཚོང་དོན་དང་སོག་སྐད་སོགས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ6པའི་བར་དུ། ཧེ་ལུང་ཅང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་དུ་ད་ལྟ་ཆེད་བསྐོས་དགེ་རྒན541ཡོད་པའི་ནང་དུ་ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཡོད་མཁན་གྱིས78.74%བཟུང་ཡོད། མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་མཁན་གྱིས་བརྒྱ་ཆའི47.13ཟིན་ཡོད། དབྱིན་ཇི་དང་། ཨ་རི། ཨུ་རུ་སུ་སོགས་རྒྱལ་ཁབ་ནས་ཡོང་བའི་རྒྱལ་ཁོངས་གཞན་གྱི་དགེ་རྒན62ཡོད། ཕྱི་རྒྱལ་དུ་སློབ་སྦྱོང་ངམ་ལས་ཀའི་ཉམས་མྱོང་ལྡན་པའི་དགེ་རྒན179ཡོད། རང་འཁྲིའི་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི56.47%བཟུང་ཡོད། ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཐོབ་མཁན་གྱིས78.74%བཟུང་ཡོད། མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་མཁན་གྱིས་བརྒྱ་ཆའི47.13ཟིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ3དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ4ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན་དང་ཞིང་ཆེན་ཡོངས་ཀྱི་མཐོ་སློབ་དགེ་རྒན་གྱི་ཀུན་སྤྱོད་སྔོན་ཐོན་མི་སྒེར་སོགས་མཚན་སྙན་ཐོབ་པའི་དགེ་རྒན40ལྷག་ཙམ་ཡོད། གཞན་ཡང་སློབ་གླིང་གིས་བྱང་ཤར་ཞིང་ལས་སློབ་ཆེན་དང་། ཧེ་ལུང་ཅང་སློབ་ཆེན། ཧར་པིན་དགེ་འོས་སློབ་ཆེན་སོགས་མཐོ་སློབ་ནས་རིག་གཞུང་ལས་རིགས་སུ་ཤུགས་རྐྱེན་ངེས་ཅན་ལྡན་པ་དང་རིག་གཞུང་གི་ཡོན་ཚད་ཅུང་མཐོ་བའི་དགེ་རྒན་ཆེན་མོ་བ་རྒན་གྲས་ཁག་གཅིག་གདན་དྲངས་ནས་སློབ་གླིང་དུ་དགེ་རྒན་བྱས་ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2011ལོའི་ཟླ11པའི་ཚེས18ཉིན། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧེ་ལུང་ཅང་ཞིང་ཆེན་ཡོན་གནས་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་པའི“ལོ་ལྔའི་འཆར་བཀོད་བཅུ་གཉིས་པའི”ཧེ་ལུང་ཅང་ཞིང་ཆེན་གྱི་གཙོ་གནད་རིག་ཚན་གྱི་ཆོག་མཆན་སྤྲད། ཧེ་ལུང་ཅང་ཞིང་ཆེན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་དབྱིན་ཡིག་ཆེད་ལས་ནི“ལོ་ལྔིའ་འཆར་བཀོད་བཅུ་གཉིས་པའི”ཧེ་ལུང་ཅང་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་རིག་ཚན་དང་གཙོ་གནད་འཛུགས་སྐྲུན་ཆེད་ལས་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ལས་རིགས། སློབ་གསོ།