ཧེ་ལུང་ཅང་ནོར་དཔལ་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧེ་ལུང་ཅང་ནོར་དཔལ་སློབ་གླིང་།

ཧེ་ལུང་ཅང་ནོར་དཔལ་སློབ་གླིང་།
ཧེ་ལུང་ཅང་ནོར་དཔལ་སློབ་གླིང་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་རང་ཚུགས་སུ་བཙུགས་པའི་དམངས་གཉེར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གླིང་དེ་སྤྱི་ལོ1999ལོའི་ཟླ4པར་བཙུགས་པའི་ཧར་པིན་ཏེ་ཆང་ཆེད་སྦྱོང་སློབ་གླིང་ཡིན། སྤྱི་ལོ2000ལོའི་ཟླ2པར། ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཧེ་ལུང་ཅང་ཚོང་ལས་སློབ་གླིང་དང་མཉམ་ལས་བྱས་ནས་དམངས་བཙུགས་རིམ་པ་གཉིས་པའི་སློབ་གླིང་བཙུགས་ཏེ་ཧེ་ལུང་ཅང་ཚོང་ལས་སློབ་གླིང་ཧར་པིན་ཚོང་དོན་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2001ལོའི་ཟླ11པར་ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཧར་པིན་ཚོང་ལས་སློབ་ཆེན་ཚོང་དོན་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2003ལོའི་ཟླ4པར་ཧར་པིན་ཚོང་ལས་སློབ་ཆེན་ཏེ་ཆང་ཚོང་དོན་སློབ་གླིང་ཞེས་པར་བསྒྱུར། སྤྱི་ལོ2004ལོའི་ཟླ2པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་རང་ཚུགས་སློབ་གླིང་དུ་གཏན་ཁེལ་བྱས། སྤྱི་ལོ2008ལོའི་ཟླ9པར། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མ་བཙུགས་པ་དང་མིང་ཧར་པིན་ཏེ་ཆང་ཚོང་དོན་སློབ་གླིང་དུ་བསྒྱུར། སྤྱི་ལོ2013ལོའི་ཟླ4པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཧེ་ལུང་ཅང་ནོར་དཔལ་སློབ་གླིང་ཞེས་པར་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江财经学院
ཕྱི་ཡིག་གི་མིང་།
HeilongjiangUniversityofFinanceandEconomic
བཙུགས་ལོ།
སྤྱི་ལོ1999ལོ།
སློབ་སྒྲུབ་ངོ་བོ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
རིགས་དབྱེ།
ནོར་སྲིད་དཔལ་འབྱོར་རིགས།
སློབ་གྲྭའི་ཁྱད་ཆོས།
ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི70.50ཟིན་པ་དང་སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི22ལྷག་ཟིན་ཡོད། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར6.70ཟིན་ནས་སློབ་ཁྲིད་ལས་ཁུངས9བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས30བཙུགས་ནས་ཆེད་བསྐོས་དགེ་རྒན584ཡོད། ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་མ11671ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1999ལོའི་ཟླ3པར། ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧེ་ལུང་ཅང་ཏེ་ཆང་ཁེ་ལས་ཚོགས་པས་མ་དངུལ་བཏང་ནས་ཀྲུང་གོ་དང་ཕྱི་རྒྱལ་མཉམ་ལས་བྱས་པའི་ཧར་པིན་ཏེ་ཆང་ཆེད་སྦྱོང་སློབ་གླིང་བཙུགས།

སྤྱི་ལོ2000ལོའི་ཟླ2པར། ཧེ་ལུང་ཅང་ཚོང་ལས་སློབ་གླིང(ད་ལྟ་ཧར་པིན་ཚོང་ལས་སློབ་ཆེན)དང་མཉམ་དུ་ཧེ་ལུང་ཅང་ཚོང་ལས་སློབ་གླིང་ཧར་པིན་ཚོང་ལས་སློབ་གླིང་བཙུགས།

སྤྱི་ལོ2001ལོའི་ཟླ5པར། དེ་སྔའི་ཧེ་ལུང་ཅང་ཚོང་ལས་སློབ་གླིང་དང་དེ་སྔའི་ཧེ་ལུང་ཅང་ནོར་སྲིད་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཧར་པིན་ཚོང་ལས་སློབ་ཆེན་བཙུགས། ཧེ་ལུང་ཅང་ཚོང་ལས་སློབ་གླིང་ཧར་པིན་ཚོང་དོན་སློབ་གླིང་ལ་ཧར་པིན་ཚོང་ལས་སློབ་ཆེན་ཚོང་དོན་སློབ་གླིང་ཞེས་པར་བསྒྱུར།

སྤྱི་ལོ2003ལོའི་ཟླ3པར་ཧར་པིན་ཚོང་ལས་སློབ་ཆེན་ཏེ་ཆང་ཚོང་དོན་སློབ་གླིང་ཞེས་པར་བསྒྱུར།

སྤྱི་ལོ2004ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རང་ཚུགས་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2008ལོའི་ཟླ3པར་རྒྱལ་ཁབ་སློབ་གསོ་པུའུ་ཡི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སློབ་གླིང་དེ་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མར་བསྒྱུར་ནས་དཔྱད་དཔོག་བྱས།

སྤྱི་ལོ2008ལོའི་ཟླ9པར་རང་ཚུགས་སུ་བཙུགས་པའི་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མར་བསྒྱུར། སློབ་གླིང་གི་མིང་ལ་ཧར་པིན་ཚོང་དོན་སློབ་གླིང་ཟེར།

སྤྱི་ལོ2008ལོའི་ཟླ9པར་དེ་སྔའི་ཧར་པིན་ཚོང་ལས་སློབ་ཆེན་ཏེ་ཆང་ཚོང་དོན་སློབ་གླིང(རང་ཚུགས་སློབ་གླིང)ནས་རང་ཚུགས་ཀྱི་སྒྲིག་གཞི་ལྡན་པའི་དམངས་གཉེར་དངོས་གཞིའི་ཚན་ཁག་གི་སློབ་ཆེན་དཀྱུས་མར་བསྒྱུར།

སྤྱི་ལོ2013ལོའི་ཟླ4པའི་ཚེས14ཉིན་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཧར་པིན་ཏེ་ཆང་ཚོང་དོན་སློབ་གླིང་གི་མིང་ཧེ་ལུང་ཅང་ནོར་དཔལ་སློབ་གླིང་དུ་བསྒྱུར།

3 སློབ་གླིང་གི་སྒྲིག་གཞི།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་ལས་ཁུངས9བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས30བཙུགས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཆེད་བསྐོས་དགེ་རྒན584ལ་ཆེད་བསྐོས་དགེ་རྒན310ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2014ལོའི་བར་དུ་སློབ་གྲྭར“ལོ་ལྔའི་འཆར་བཀོད་བཅུ་གཉིས་པའི”ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་རིག་ཚན1ཡོད།

6 ཞིབ་འཇུག་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ5པར། སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭས་སློབ་གསོ་པུའུ་ཡི་ཐོན་སློབ་མཉམ་ལས་ཀྱིས་མི་སྣ་གསོ་སྐྱོང་གི་རྣམ་གྲངས3དང་། ཞིང་ཆེན་གྱི་ཐིང་རིམ་པའི་སློབ་གསོ་སྒྱུར་བཅོས་ཀྱི་རྣམ་གྲངས33 ཞིང་ཆེན་གྱི་ཐིང་རིམ་པའི་ཚན་ཞིབ་རྣམ་གྲངས54བཅས་གཙོ་སྐྱོང་བྱས་པར་ཁེ་བེད་བདག་ཐོབ76ཐོབ་ཡོད། བརྩམས་ཆོས29རྩོམ་སྒྲིག་བྱས་ནས་རིག་གཞུང་དཔྱད་རྩོམ1117སྤེལ་ཡོད།

7 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2019ལོའི་ཟླ5པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་རིགས་དཔེ་དེབ་ཁྲི116.87དང་གློག་རྡུལ་དཔེ་དེབ་ཁྲི77.6ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ལས་རིགས། ཆེད་ལས།