ཧར་པིན་རྡོ་སྣུམ་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧར་པིན་རྡོ་སྣུམ་སློབ་གླིང་།

ཧར་པིན་རྡོ་སྣུམ་སློབ་གླིང་།
ཧར་པིན་རྡོ་སྣུམ་སློབ་གླིང་ནི་བཟོ་ལས་ཚན་ཁག་གཙོ་བོར་བྱས་ཤིང་། བཟོ་ལས། དཔལ་འབྱོར། སྤྱི་ཚོགས། དོ་དམ། སྒྱུ་རྩལ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་དཀྱུས་མ་ཞིག་ཡིན། “ཀྲུང་གོའི་དམངས་གཉེར་མཐོ་རིམ་སློབ་གསོའི་ཕུལ་བྱུང་སློབ་གྲྭ”དང“རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་དམངས་གཉེར་མཐོ་སློབ”སོགས་ཀྱི་མཚན་སྙན་ལོངས་སུ་སྤྱད་ཡོད། ཧར་པིན་རྡོ་སྣུམ་སློབ་གླིང་སྤྱི་ལོ2003ལོར་བཙུགས་ཤིང་། དེའི་མིང་ལ་ཏ་ཆིང་རྡོ་སྣུམ་སློབ་གླིང་ཧྭ་རུའེ་སློབ་གླིང་ཟེར། སྤྱི་ལོ2012ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་རང་ཚུགས་ངང་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མ་བཙུགས་པ་དང་འབྲེལ་ཧར་པིན་རྡོ་སྣུམ་སློབ་གླིང་ཞེས་པར་མིང་བསྒྱུར། ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尔滨石油学院
ཕྱི་ཡིག་གི་མིང་།
HarbinInstituteofPetroleum
བཙུགས་ལོ།
སྤྱི་ལོ2003ལོ།
སློབ་སྒྲུབ་ངོ་བོ།
དམངས་སྒྲུུབ་མཐོ་སློབ།
སློབ་གྲྭའི་ཁྱད་ཆོས།
མཐོ་རིམ་སློབ་གྲྭ་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླུ།
ཧར་པིན་རྡོ་སྣུམ་སློབ་གླིང་གི་སློབ་གླུ།
ས་གནས།
ཧར་པིན་གྲོང་ཁྱེར་གྱི་སུང་པེ་ཁུལ་གྱི་སུང་ཕུའུ་ལམ་ཨང297པ།
སློབ་གླིང་ཚབ་ཨང་།
19299
1 ངོ་སྤྲོད་མདོར་བསྡུས།

སློབ་གྲྭས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། “ཕུགས་འདུན་ཡོད་ན་གཞི་ནས་འབྱུང་འགྱུར་ཡོད”ཅེས་པའི་འདུ་ཤེས་དང“སློབ་སྦྱོང་དང་བདེན་འཚོལ། བརྩོན་སྐྱེད་གསར་གཏོད”ཀྱི་སློབ་གྲྭའི་དམ་ཚིག་གཞིར་བཟུང་ནས། ཏ་ཆིན་གྱི་སྙིང་སྟོབས་ལ་བརྟེན་ནས་བྱ་གཞག་གསར་གཏོད་དང་། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་པ། ཁྱད་ཆོས་ལ་བརྟེན་ནས་སློབ་གྲྭ་དར་རྒྱས་གཏོང་བ། དཔལ་ཡོན་ལ་བརྟེན་ནས་སློབ་གྲྭ་སྟོབས་ཆེར་བཏང་ཡོད། སློབ་གྲྭར་ད་ལྟ་ས་ཁྱོན་སྨི་གྲུ་བཞི་མ་ཁྲི89ཡོད། སློབ་ཁྲིད་ཡོ་བྱད་ཀྱི་སྒྲིག་ཆས་ལ་སྒོར་ཁྲི4585དང་ཤོག་བུའི་དཔེ་དེབ་ཁྲི69.6ཡོད།

སློབ་གྲྭར་རྡོ་སྣུམ་བཟོ་སྐྲུན་སློབ་གླིང་དང་། རྫས་འགྱུར་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་བཟོ་སྐྲུན་སློབ་གླིང་། ས་ཤིང་བཟོ་སྐྲུན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། རང་འགུལ་ཚོད་འཛིན་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། ཕྱི་སྐད་སློབ་གླིང་། སྒྱུ་རྩལ་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང11བཙུགས་ཡོད། སློབ་གྲྭས་དངོས་གཞིའི་ཚན་ཁག་གི་ཆེད་ལས31བཙུགས་པའི་ནང་དུ“འཕྲུལ་ཆས་གློག་རྡུལ་ལས་གཞི”རིག་ཚན་ཧེ་ལུང་ཅང་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་རིག་ཚན་ལ་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2003ལོར“ཏ་ཆིང་རྡོ་སྣུམ་སློབ་གླིང་ཧྭ་རུའེ་སློབ་གླིང”བཙུགས།

སྤྱི་ལོ2010ལོར“ཏ་ཆིང་རྡོ་སྣུམ་སློབ་གླིང་ཧྭ་རུའེ་སློབ་གླིང”ཞེས་པ་དེ“བྱང་ཤར་རྡོ་སྣུམ་སློབ་ཆེན་ཧྭ་རུའེ་སློབ་གླིང”ཞེས་པར་བསྒྱུར།

སྤྱི་ལོ2011ལོའི་ཟླ12པར་སློབ་གླིང་ལ་རྒྱལ་ཁབ་སློབ་གསོ་པུའུ་ཡི་རང་ཚུགས་སློབ་གླིང་འཛུགས་རྒྱུར་དཔྱད་དཔོག་བྱས།

སྤྱི་ལོ2012ལོའི་ཟླ4པའི་ཟླ་འགོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཞིབ་བཤེར་ཆོག་མཆན་གནང་བ་བརྒྱུད། “བྱང་ཤར་རྡོ་སྣུམ་སློབ་ཆེན་ཧྭ་རུའེ་སློབ་གླིང”རང་ཚུགས་ཀྱི་སྒྲིག་གཞི་ལྡན་པའི་ཉིན་གང་ལམ་ལུགས་ཀྱི་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མར་བསྒྱུར་ཞིང་མིང“ཧར་པིན་རྡོ་སྣུམ་སློབ་གླིང”ཞེས་པར་བསྒྱུར།

3 ཆེད་ལས་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། རིམ་པ་གཉིས་པའི་སློབ་གླིང10དང་དངོས་གཞིའི་ཆེད་ལས28ཡོད། སློབ་གྲྭར་ཡོད་པའི་སློབ་མ་དང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ9000ལྷག་ཡོད། སྤྱི་ལོ2013ལོར་གསར་དུ་བསྣན་པའི་ཆེད་ལས་ལ་འཕྲུལ་ཆས་གློག་རྡུལ་ལས་གཞི་དང་དྲ་སྦྲེལ་ལས་གཞི་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་ཆེད་བསྐོས་དགེ་རྒན511ཡོད་པ་དང་མཐོ་རིམ་གོ་མིང་དགེ་རྒན40%ལས་བརྒལ་ཡོད། རབ་འབྱམས་པ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན་གྱིས96%ཡོད། དེའི་ནང་དུ་ཧེ་ལུང་ཅང་ཞིང་ཆེན་གྱི་གྲགས་ཅན་དགེ་རྒན3དང་། འབུམ་རམས་པའི་སློབ་དཔོན4 ན་གཞོན་དགེ་རྒན80%ལ་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

5 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ1ཡོད།

6 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་སློབ་གྲྭ་རིམ་པའི་གཙོ་གནད་འཛུགས་སྐྲུན་རིག་ཚན1ཡོད།

7 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2014ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེར་སློབ་གྲྭ་རིམ་པའི་ཞིབ་འཇུག་སྒྲིག་གཞི2ཡོད།

སློབ་གྲྭ་རིམ་པའི་ཞིབ་འཇུག་སྒྲིག་གཞི། རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁང་། ཁོར་ཡུག་སྲུང་སྐྱོང་ནུས་ཁུངས་ཞིབ་འཇུག་གསར་སྤེལ་ལྟེ་གནས།

8 ཚན་རིག་ཞིབ་འཇུག་གྲུབ་འབྲས།

སྤྱི་ལོ2014ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་ཆེད་བསྐོས་དགེ་རྒན་ལ་ཧེ་ལུང་ཅང་ཞིང་ཆེན་གྱི་ཚན་རིག་ལག་རྩལ(རང་བྱུང་ཚན་རིག)ཨང་གཉིས་པའི་བྱ་དགའ1ཐོབ་ཡོད། ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གསུམ་པ1ཐོབ་ཡོད། ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ3ཇོབ་ཡོད། སློབ་གླིང་དེ་ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པའི་གྲས་སུ་ཚུད་པ་དང་ཞིང་ཆེན་གྱིས་གཙོ་གནད་ཐོག་རིག་ཚན1འཛུགས་སྐྲུན་བྱས་ཡོད།

9 རིག་གཞུང་ཐོན་ཁུངས།

སྤྱི་ལོ2014ལོའི་ཟླ8པར། སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭ་དེའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི93.97(ཤོག་བུའི་དཔེ་དེབ་ཁྲི73.16དང་གློག་རྡུལ་དཔེ་དེབ་ཁྲི20.81)ཡོད། ཚགས་པར་དང་དུས་དེབ་རིགས300ལྷག་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།