ཧེ་ལུང་ཅང་བཟོ་ཚོང་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧེ་ལུང་ཅང་བཟོ་ཚོང་སློབ་གླིང་།

ཧེ་ལུང་ཅང་བཟོ་ཚོང་སློབ་གླིང་།
ཧེ་ལུང་ཅང་བཟོ་ཚོང་སློབ་གླིང་ནི(HeilongjiangCollegeofBusinessAndTechnology)སྤྱི་ལོ2002ལོའི་ཟླ5པའི་ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས། སྤྱི་ལོ2004ལོའི་ཟླ2པར་སློབ་གསོ་པུའུ་རུ་དངོས་སུ་ཐོ་འགོད་བྱས། སློབ་གྲྭའི་གནས་ཡུལ་ནི་ཧར་པིན་དམངས་ཕན་གསར་སྤེལ་ཁུལ་སློབ་གླིང་ལམ་ཆུན་དབྱིང་ཁྲོམ་གཞུང་ཡིན། སློབ་གཉེར་གྱི་རིམ་པ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་བསླབ་གནས་སློབ་གསོ་ཡིན། སྤྱི་ལོ2016ལོའི་ཟླ8པའི་བར་དུ་སློབ་གླིང་གི་སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི46ཟིན་ཡོད། སློབ་གྲྭའི་ཉལ་ཁང་གི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི22.95ཟིན་པ་དང་ཆེད་བསྐོས་དགེ་རྒན426ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས23བཙུགས་ཡོད། སློབ་ཁྲིད་ཚན་རིག་ཞིབ་འཇུག་གི་དཔྱད་ཆས་སྒྲིག་ཆས་སྒོར་ཁྲི4,087ཡོད། སློབ་གླིང་གི་དཔེ་དེབ་དཔྱད་གཞི་ཤོག་བུའི་དཔེ་དེབ་བསྡོམས་འབོར་ཁྲི76.08ཡོད། གཞན་ཡང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་དུས་དེབ315ཡོད། གློག་རྡུལ་ཚད་ལྡན་ཡིག་ཆ32378བཅས་ཡོད། སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་ལྗང་འགྱུར་དཔེ་བཟང་ལས་ཁུངས་ཀྱི་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江工商学院
ཕྱི་ཡིག་གི་མིང་།
HeilongjiangCollageofBusinessAndTechnology
བཙུགས་ལོ།
སྤྱི་ལོ2002ལོའི་ཟླ5པར།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
28ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
སྨྱན་སྦྱོར་སྡེ་ཁག་དང་། འཛུགས་སྐྲུན་དང་ཐིག་ལེན་རིས་འབྲིའི་བཟོ་སྐྲུན་སྡེ་ཁག རྩིས་འཁོར་ཚན་རིག་དང་ལག་རྩལ་སྡེ་ཁག གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག བཟོ་ཚོང་དོ་དམ་སྡེ་ཁགརྩིས་གཉེར་སྡེ་ཁག ཕྱི་སྐད་སྡེ་ཁག དཔལ་འབྱོར་སྡེ་ཁག
སློབ་གླིང་ཚབ་ཨང་།
13300
1 ​སློབ་གླིང་ངོ་སྤྲོད།

སློབ་གླིང་གི་འགོ་ཁྲིད་གཙོ་སྐྱོང་སྡེ་ཁག་ནི་ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་ཡིན། སློབ་གྲྭའི་ས་གནས་ནི་ཧར་པིན་དམངས་ཕན་གསར་སྤེལ་ཁུལ་སློབ་གླིང་ལམ་ཆུན་དབྱིན་ཁྲོམ་གཞུང་ཡིན། སློབ་ཁུལ་གསར་པ་ནི་ཧ་ནན་བཟོ་ལས་གྲོང་གསར་དུ་ཡོད། སློབ་གཉེར་གྱི་རིམ་པ་ནི་ཉིན་གང་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོ་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ5པར། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད་བྱང་ཤར་ཞིང་ལས་སློབ་ཆེན་གྱི་ཁྲིན་ཏུང་སློབ་གླིང་བཙུགས།

སྤྱི་ལོ2004ལོའི་ཟླ2པར། སློབ་གསོ་པུའུ་རུ་དངོས་སུ་ཐོ་འགོད་བྱས་པའི་དམངས་གཉེར་རང་ཚུགས་སློབ་གླིང་བཙུགས།

སྤྱི་ལོ2011ལོར་དེ་སྔའི་ཧེ་ལུང་ཅང་ཚན་རྩལ་སློབ་གླིང་གི་དམངས་ཕན་སློབ་ཁུལ་གྱི་སློབ་གསོ་སློབ་ཁྲིད་ཐོན་ཁུངས་ཚང་མ་ཁྲེང་ཏུང་སློབ་གླིང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2015ལོར། སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད་བྱང་ཤར་ཞིང་ལས་སློབ་ཆེན་གྱི་ཁྲེང་ཏུང་སློབ་གླིང་ཧེ་ལུང་ཅང་བཟོ་ཚོང་སློབ་གླིང་དུ་བསྒྱུར།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་ལ་ད་ལྟ་ཆེད་བསྐོས་དགེ་རྒན400ཡོད། དེའི་ནང་དུ་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན159དང་དགེ་རྒན་ཁྲོད་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན33ཡོད། ཞིབ་འཇུག་སློབ་མ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པའི་མི258(དེའི་ནང་དུ་འབུམ་རམས་པ30ཡོད)ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས་ཚང་མར་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་ཆེད་བསྐོས་དགེ་རྒན་ཉུང་མཐར་ཡང1བཀོད་སྒྲིག་བྱས་ཡོད། སྤྱི་པའི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་ཁག་ལ་མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་ཆེད་བསྐོས་དགེ་རྒན་ཉུང་མཐར་ཡང་མི2བཀོད་སྒྲིག་བྱས་ཡོད། ཆེད་ལས་ཁག་གི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ལ་མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་ཆེད་བསྐོས་དགེ་རྒན་ཉུང་མཐར་ཡང་མི1བཀོད་སྒྲིག་བྱས་ཡོད། དགེ་རྒན་དཔུང་སྡེའི་ཁྲོད“ཉིས་འཇོན”དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི40.4%བཟུང་ཡོད། ལས་རིགས་དང་ཁེ་ལས་ཀྱི་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་བཅས་ཀྱི་གཅིག་ལྕོགས་དགེ་རྒན83ཡོད།

4 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སློབ་གླིང་ལ་ད་ལྟ་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ7,550ཡོད་པ་ཚང་མ་དངོས་གཞིའི་ཚན་ཁག་གི་སློབ་མ་ཡིན། སློབ་གླིང་གིས་ལོ་རེར་མ་དངུལ་སྒོར་ཁྲི9000ལྷག་ཙམ་བཏང་ཡོད། ད་ལྟ་དངོས་གཞིའི་ཚན་ཁག་གི་ཆེད་ལས23བཙུགས་ཤིང་། དེའི་ཁྲོད་བཟོ་རིག་པ(10)དང་། དོ་དམ་རིག་པ(4) དཔལ་འབྱོར་རིག་པ(2) རྩོམ་རིག(1) སྒྱུ་རྩལ་རིག་པ(6)བཅས་ཡོད།

དེའི་ནང་དུ་ཧེ་ལུང་ཅང་ཞིང་ཆེན་གྱི་དངོས་གཞིའི་དཔལ་འབྱོར་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་དང་འབྲེལ་བ་ཡོད་པའི་ལས་གྲྭ་དང་། ལག་རྩལ། དོ་དམ་རིགས་སོགས་ཧ་ཅང་དཀོན་པའི་ཆེད་ལས་ལ་དྲ་རྒྱའི་ལས་གྲྭ་དང་། མཉེན་ཆས་ལས་གྲྭ། ཟོག་སྦྲེལ་དྲ་བའི་ལས་གྲྭ། རྩིས་འཁོར་ཚན་རིག་དང་ལག་རྩལ། གློག་རྡུལ་ཆ་འཕྲིན་ལས་གྲྭ། གློག་རླངས་ལས་གྲྭ་དང་དེའི་རང་འགུལ་ཅན། འཕྲིན་གཏོང་ལས་གྲྭ། འཕྲུལ་ཆས་གློག་རྡུལ་ལས་གྲྭ། ཨར་ཤིང་ལས་གྲྭ། ཐིག་ལེན་རིས་འབྲིའི་ལས་གྲྭ། བཟོ་ཚོང་དོ་དམ། ཚོང་རའི་ཚོང་གཉེར། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། མཐོང་ཚོར་བརྒྱུད་བསྒྲགས་ཇུས་འགོད། ཁོར་ཡུག་ཇུས་འགོད། འགུལ་རིས་སོགས16ཡོད། དེས་ཆེད་ལས་བསྡོམས་འབོར་གྱི་བརྒྱ་ཆའི69.6ཟིན་ཡོད། སློབ་གླིང་གི་གཞི་ཁྱོན་འོས་འཚམ་ཡིན་པ་དང་ཆེད་ལས་བཀོད་སྒྲིག་དེ་སློབ་གསོ་པུའུ་ཡི《དངོས་གཞིའི་ཚན་ཁག་གི་སློབ་གྲྭ་བཀོད་སྒྲིག་ལས་དོན་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར》གྱི་དགོངས་དོན་དང་མཐུན་ཡོད།

5 རིག་གཞུང་ཐོན་ཁུངས།

སློབ་གླིང་གི་དཔེ་དེབ་དཔྱད་གཞི་ནི་ཤོག་བུའི་དཔེ་དེབ་བསྡོམས་འབོར་ཁྲི76.592ཟིན་པ་དང་སློབ་མ་རེར་ཆ་སྙོམས་དེབ101.45ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།