ཧར་པིན་ཅན་ཆའོ་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧར་པིན་ཅན་ཆའོ་སློབ་གླིང་།

ཧར་པིན་ཅན་ཆའོ་སློབ་གླིང་།
ཧར་པིན་ཅན་ཆའོ་སློབ་གླིང་ནི(HarbinCambridgeUniversity)སྤྱི་ལོ1996ལོར་ཤར་ཕྱོགས་ཅན་ཆའོ་སློབ་གསོ་ཚོགས་པས་མ་དངུལ་བཏང་ནས་བཙུགས་པ་ཞིག་ཡིན། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ2019ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁུལ2ཡོད་པ་དེའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི69.6ཟིན་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི44.8ཟིན་པ་དང་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར12.39ཡོད། དེའི་འོག་ཏུ་རིམ་པ་གཉིས་པའི་སློབ་གླིང8དང་སློབ་ཁྲིད་པུའུ3བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས25བཙུགས་ཡོད། ཆེད་བསྐོས་དགེ་རྒན509དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ9484ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哈尔滨剑桥学院
ཕྱི་ཡིག་གི་མིང་།
HarbinCambridgeUniversity
བཙུགས་ལོ།
སྤྱི་ལོ1996ལོ།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་སློབ།
རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་གྲྭའི་ཁྱད་ཆོས།
མཐོ་རིམ་སློབ་གྲྭ་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
28ཡོད།
ས་གནས།
ཧར་པིན་གྲོང་ཁྱེར་གྱི་ཞང་ཧྥང་ཆུས་ཧ་ཕིན་ལམ་གྱི་ཨང239པ།
སློབ་གླིང་ཚབ་ཨང་།
13303
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1996ལོར་ཤར་ཕྱོགས་ཅན་ཆའོ་སློབ་གསོ་ཚོགས་པས་མ་དངུལ་བཏང་ནས“ཧེ་ལུང་ཅང་ཅན་ཆའོ་ཆེད་སྦྱོང་སློབ་གླིང”བཙུགས།

སྤྱི་ལོ2001ལོར་ཧར་པིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དང་མཉམ་དུ“ཧར་པིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཅན་ཆའོ་སློབ་གླིང”བཙུགས།

སྤྱི་ལོ2003ལོར་ཧེ་ལུང་ཅང་སློབ་ཆེན་དང་མཉམ་དུ་སློབ་གྲྭ་བཙུགས། “ཧར་པིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་ཅན་ཆའོ་སློབ་གླིང”ཞེས་པར་བསྒྱུར།

སྤྱི་ལོ2005ལོར“ཧེ་ལུང་ཅང་སློབ་ཆེན་ཅན་ཆའོ་སློབ་གླིང”དང་ཟླ་སྒྲིལ་བཏང་ནས“ཧེ་ལུང་ཅང་སློབ་ཆེན་ཐུང་ཆིང་སློབ་གླིང”བཙུགས།

སྤྱི་ལོ2011ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། “ཧེ་ལུང་ཅང་སློབ་ཆེན་ཅན་ཆའོ་སློབ་གླིང”གིས་རང་ཚུགས་སུ་བཙུགས་པའི་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་བཙུགས་ཤིང་།“ཧར་པིན་ཅན་ཆའོ་སློབ་གླིང”ཞེས་པར་བསྒྱུར།

2 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ10པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་གཤམ་འོག་ཏུ་རིམ་པ་གཉིས་པའི་སློབ་གླིང8དང་སློབ་ཁྲིད་པུའུ3བཙུགས་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས25བཙུགས་ཡོད།

3 དགེ་རྒན་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ10པའི་བར་དུ། ཆེད་བསྐོས་དགེ་རྒན509ཡོད། དེའི་ནང་དུ་མཐོ་རིམ་གྱི་མི58དང་མཐོ་རིམ་གཞོན་པའི་མི197ཡོད་པ་དང་མཐོ་རིམ་གྱི་གོ་མིང་གིས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི50.09%བཟུང་ཡོད། རབ་འབྱམས་པ་དང་དེ་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན351ཡོད་པ་དེས་ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི68.96%བཟུང་ཡོད།

སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2011ལོའི་ཟླ་དང་པོར་རྒྱལ་ཁབ་རྒྱ་ཡིག་གཞུང་ལས་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧར་པིན་ཅན་ཆའོ་སློབ་གླིང་གིས་ཨ་རིར“ཁུང་ཙི་སློབ་ཁང”བཙུགས།

སྤྱི་ལོ2013ལོར་སློབ་གྲྭ་དེར་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་སློབ་གྲྭ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཁག10ཐོབ་ཡོད།

སྤྱི་ལོ2015ལོའི་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ནས། སློབ་གླིང་ལ་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས1དང་། སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཚན8 སློབ་གྲྭ་རིམ་པའི་གཙོ་གནད་ཆེད་ལས3 རླངས་འཁོར་གྱི་གློག་ཚོད་འཛིན་ཚོད་ལྟ་ཁང་དང་། ERPབྱེ་གཞོང་ཚོད་ལྟ་ཁང་། བུ་བཅོལ་ཁང་གི་ལད་ཟློས་དངོས་སྦྱོང་ཁང་། སེམས་ཁམས་བྱེ་གཞོང་དངོས་སྦྱོང་ཁང་། ཨོར་ཕུའུ་རོལ་དབྱངས་དངོས་སྦྱོང་ཁང་། མོང་ཐའེ་སུའོ་ལི་སློབ་གསོ་དངོས་སྦྱོང་ཁང་། རླངས་འཁོར་གྱི་གྲུབ་ཆ་འཆད་ཁྲིད་ཁང་། གྲངས་འཛིན་ཚོད་ལྟ་ཁང་སོགས་ཚོད་ལྟ་ཁང70ལྷག་ཙམ་ཡོད།

4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2015ལོའི་བར་དུ་སློབ་གྲྭར་ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་རིག་ཚན1ཡོད།

5 འཛུགས་སྐྲུན་གྲུབ་འབྲས།

སྤྱི་ལོ2011ལོ་ནས་སྤྱི་ལོ2013ལོའི་བར་དུ། སློབ་གྲྭ་དེའི་དགེ་རྒན་གྱིས་རྩོམ་སྒྲིག་པ་གཙོ་བོ་དང་རྩོམ་སྒྲིག་ནང་ཞུགས་པའི་སློབ་གཞི70ལྷག་ཙམ་དང་སློབ་ཁྲིད་ཚན་ཞིབ་རྣམ་གྲངས60ལྷག་ཙམ་ལེགས་འགྲུབ་བྱས་ཡོད། རིག་གཞུང་དཔྱད་རྩོམ170ལྷག་ཙམ་ཡོངས་བསྒྲགས་བྱས་ཡོད། དེའི་ནང་དུ་སློབ་ཁྲིད་ཚན་ཞིབ་རྣམ་གྲངས་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཁག30ལྷག་ཙམ་ཐོབ་ཡོད། ཧེ་ལུང་ཅང་ཞིང་ཆེན་མཐོ་རིམ་སློབ་གསོའི་སློབ་ཚོགས་ཀྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ་ཨང་དང་པོ3དང་ཨང་གཉིས་པ4 བྱ་དགའ་ཨང་གསུམ་པ13ཡོད།

6 རིག་གཞུང་ཐོན་ཁུངས།

ཧར་པིན་ཅན་ཆའོ་སློབ་གླིང་གི་སྤྱི་ལོ2013ལོའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་སྙན་ཞུའི་ནང་མངོན་པར་གཞིགས་ན། སློབ་གླིང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་བུའི་དཔེ་དེབ950319དང་སློབ་མ་རེའི་ཆ་སྙོམས་དཔེ་དེབ94.89ཡོད། དུས་ཡུན་རིང་པོར་རྒྱལ་ནང་གི་དུས་དེབ387དང་གློག་རྡུལ་དུས་དེབ་ཁྲི3ལྷག་ཙམ་མངག་ཉོ་བྱས་ཡོད། སྤྱི་ལོ2012ལོར་དཔེ་དེབ38319གསར་དུ་བསྣན་ནས་སློབ་མ་རེར་ཆ་སྙོམས་དེབ3.83ཡོད། དེང་རབས་གློག་རྡུལ་དཔེ་དེབ་མ་ལག་དང་རྩིས་འཁོར་དྲ་རྒྱའི་ཞབས་ཞུའི་མ་ལག་བཙུགས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།