ཞིན་ཁྲང་ཞིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-26 16:58ལ་འགྲུབ།

ཞིན་ཁྲང་ཞིང་།

ཞིན་ཁྲང་ཞིང་།
ཞིན་ཁྲང་ཞིང་ནི་སྤྱི་ལོ1963ལོའི་ཟླ12པར་ཧྲན་ཏུང་ཧུའེ་མེང་དུ་སྐྱེས། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས་ཤིང་སྤྱི་ལོ1986ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཧྭ་ཀྲུང་དགེ་འོས་སློབ་ཆེན་ཆབ་སྲིད་སྡེ་ཁག་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་ལ། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དཔལ་འབྱོར་རིག་པའི་རབ་འབྱམས་པ་ཡིན། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲེང་ཀྲང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信长星
སྐྱེས་ཡུལ།
ཧྲན་ཏུང་ཧུའེ་མེང་།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ12པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཧྭ་ཀྲུང་དགེ་འོས་སློབ་གྲྭ་ཆེན་མོ།
1 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1979ལོའི་ཟླ9པ་ནས་སྤྱི་ལོ1983ལོའི་ཟླ8པའི་བར་ཆུས་ཧྥུ་དགེ་འོས་སློབ་ཆེན་ཆབ་སྲིད་སྡེ་ཁག་ཏུ་ཆབ་སྲིད་སློབ་གསོའི་ཆེད་ལས་ལ་སློབ་སྦྱོང་བྱས། 

སྤྱི་ལོ1983ལོའི་ཟླ8པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་ཧྭ་ཀྲུང་དགེ་འོས་སློབ་ཆེན་ཆབ་སྲིད་སྡེ་ཁག་ཏུ་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1988ལོའི་ཟླ6པའི་བར་ངལ་རྩོལ་མི་དོན་པུའུ་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གི་ལས་བྱེད་པ་བྱས། 

སྤྱི་ལོ1988ལོའི་ཟླ6པ་ནས་སྤྱི་ལོ1989ལོའི་ཟླ1པོའི་བར་ངལ་རྩོལ་པུའུ་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་རམ་འདེགས་པའི་འགན་བཞེས།

སྤྱི་ལོ1989ལོའི་ཟླ1པོ་ནས་སྤྱི་ལོ1991ལོའི་ཟླ1པོའི་བར་ངལ་རྩོལ་པུའུ་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་གླ་ཕོགས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། 

སྤྱི་ལོ1991ལོའི་ཟླ1པོ་ནས་སྤྱི་ལོ1993ལོའི་ཟླ2པའི་བར་ངལ་རྩོལ་པུའུ་ངལ་རྩོལ་ཚན་རིག་ཞིབ་འཇུག་ཁང་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ1992ལོའི་ཟླ2པ་ནས་སྤྱི་ལོ1993ལོའི་ཟླ2པའི་བར་ཐའེ་ཡོན་ངར་ལྕགས་ཀུང་སིའི་ངལ་རྩོལ་པ་དང་མ་རྩ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་གནས་སྦྱར) 

སྤྱི་ལོ1993ལོའི་ཟླ2པ་ནས་སྤྱི་ལོ1994ལོའི་ཟླ1པོའི་བར་ངལ་རྩོལ་པུའུ་སྲིད་ཇུས་ཁྲིམས་སྲོལ་སིའི་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1994ལོའི་ཟླ1པོ་ནས་སྤྱི་ལོ1997ལོའི་ཟླ2པའི་བར་ངལ་རྩོལ་པུའུ་སྲིད་ཇུས་ཁྲིམས་སྲོལ་སིའི་སྒྲིག་སྲོལ་བསྒྱུར་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1997ལོའི་ཟླ2པ་ནས་སྤྱི་ལོ1998ལོའི་ཟླ7པའི་བར་ངལ་རྩོལ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ1999ལོའི་ཟླ3པའི་བར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ3པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གསོ་སྦྱོང་ལས་ཞུགས་སིའི་སི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ7པ་ནས་སྤྱི་ལོ2002ལོའི་ཟླ3པའི་བར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གསོ་སྦྱོང་ལས་ཞུགས་སིའི་སི་ཀྲང་གི་འགན་བཞེས།

སྤྱི་ལོ2002ལོའི་ཟླ3པ་ནས་སྤྱི་ལོ2005ལོའི་ཟླ6པའི་བར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ6པ་ནས་སྤྱི་ལོ2006ལོའི་ཟླ3པའི་བར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་འཆར་འགོད་ནོར་དོན་སིའི་སི་ཀྲང་གི་འགན་བཞེས(སྤྱི་ལོ2004ལོའི་ཟླ2པ་ནས་སྤྱི་ལོ2006ལོའི་ཟླ1པོའི་བར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པར་འགན་འཁྱེར་གནང) 

སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ7པའི་བར་ངལ་རྩོལ་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་ལས་ཐིང་གི་ཀྲུའུ་རེན་གྱི་འགན་བཞེས(དེའི་རིང་སྤྱི་ལོ2007ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ1པོའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས) 

སྤྱི་ལོ2008ལོའི་ཟླ7པ་ནས་སྤྱི་ལོ2010ལོའི་ཟླ9པའི་བར་རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2010ལོའི་ཟླ9པ་ནས་སྤྱི་ལོ2014ལོའི་ཟླ8པའི་བར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ། ཏང་ཙུའུ་ཡི་ཁོངས་མི། ཀྲུང་དབྱང་ཞིན་ཅང་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2014ལོའི་ཟླ8པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐབས་ཉེར་བཞི་བའི་དགུན་ཁའི་ཨོ་ལིན་ལུས་རྩལ་འགྲན་ཚོགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཀྲུང་དབྱང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2016ལོའི་ཟླ9པ་ནས་སྤྱི་ལོ2020ལོའི་ཟླ7པའི་བར་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2020ལོའི་ཟླ7པ་ནས་སྤྱི་ལོ2020ལོའི་ཟླ8པའི་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 

སྤྱི་ལོ2020ལོའི་ཟླ8པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲེང་ཀྲང་བཅས་ཀྱི་འགན་བཞེས།

སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་བཅས་ཡིན།

2 གོ་གནས་བསྐོ་འཐེན། 

སྤྱི་ལོ2020ལོའི་ཟླ8པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ལས་ཚབ་ཧྲེང་ཀྲང་བཅས་ལ་བསྐོ་གཞག་བྱས། 

སྤྱི་ལོ2020ལོའི་ཟླ8པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུཐེངས་ལྔ་པའི་སྟེང་ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལ་བསྐོས།

དཔྱད་གཞིའི་ཡིག་ཆ།