ཧེ་ཧོ་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

ཧེ་ཧོ་སློབ་གླིང་།

ཧེ་ཧོ་སློབ་གླིང་།
ཧེ་ཧོ་སློབ་གླིང་ནི་ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་གྲོང་ཁྱེར་དུ་གནས་ཡོད། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པའི་མཐོ་རིམ་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ་ཞིག་ཡིན་ལ། ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གསར་གཏོད་ཚོད་ལྟ་ཁུལ་དང་རྒྱལ་ཁབ་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ་ཞིག་ཀྱང་ཡིན། སློབ་གསོ་པུས་ཁག་དང་པོར་གཏན་འཁེལ་བྱས་པའི“ཀྲུང་ཨུ་མཉམ་འབྲེལ་ཐོག་དངོས་གཞིའི་ཚན་ཁག་གི་སློབ་མ་གསོ་སྐྱོང་རྣམ་གྲངས”ཀྱི་ལས་ཁུངས་དང་ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་སྐྱེད་སྲིང་ལས་ཁུངས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑河学院
ཕྱི་ཡིག་གི་མིང་།
HeiheUniversity
བཙུགས་ལོ།
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
ཕྱོགས་བསྡུས།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ།    ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་གསོ་སྐྱོང་ལས་ཁུངས།(སྤྱི་ལོ2010ལོ)
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་།
འགོ་ཁྲིད།
ཝང་ཀང་། (ཏང་ཨུའི་ཧྲུའུ་ཅི) ཁྲེང་ཁྲང་ཧྥུ། (སློབ་གཙོ)
དངོས་གཞིའི་ཆེད་ལས།
39ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཚན་རིག་སློབ་གླིང་། རོལ་དབྱངས་སློབ་གླིང་། མཛེས་རྩལ་དང་ཇུས་འགོད་སློབ་གླིང་། རང་བྱུང་ཚན་རིག་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང14ཡོད།
ས་གནས།
ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་གྲོང་ཁྱེར་སློབ་གླིང་ལམ།
སློབ་གླིང་ཚབ་ཨང་།
13744
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1958ལོར་སློབ་གྲྭ་བཙུགས་པ་དང་ཧེ་ཧོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དང་ཆི་ཆི་ཧར་སློབ་ཆེན་ཧེ་ཧོ་ཡན་ལག་སློབ་གྲྭ་སོགས་འཕེལ་རྒྱས་ཀྱི་དུས་རིམ་བརྒྱུད་ཡོད། སྤྱི་ལོ2004ལོར་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་འཕར་བྱས། མིང་ལ་ཧེ་ཧོ་སློབ་གླིང་ཞེས་བཏགས། སྤྱི་ལོ2017ལོར་རབ་འབྱམས་པའི་བསླབ་གནས་གསར་དུ་བསྣན་པའི་དབང་ཆ་སྤྲད་པའི་ལས་ཁུངས་འཛུགས་རྒྱུའི་ཆོག་མཆན་ཐོབ།

སྤྱི་ལོ2020ལོའི་ཟླ7པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི61.53ཟིན་པ་དང་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི24.44ཟིན་ཡོད། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.56ཟིན་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་སྒོར་ཁྲི10732.95ཡོད། རིམ་པ་གཉིས་པའི་སློབ་གླིང14བཙུགས་ནས་དངོས་གཞིའི་ཚན་ཁག་གི་ཆེད་ལས39བཙུགས། དགེ་རྒན་དང་ལས་བཟོ་པའི844ཡོད་པའི་ནང་དུ་ཆེད་བསྐོས་དགེ་རྒན584ཡོད། ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ10747ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1960ལོའི་ཟླ8པར་ཧེ་ཧོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དེ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས།

སྤྱི་ལོ1962ལོའི་ཟླ8པར། སློབ་གྲྭ་གཉེར་མཚམས་བཞག

སྤྱི་ལོ1976ལོར་ཞིང་ཆེན་མཐོ་རིམ་སློབ་གསོ་ཅུས་ཀྱིས་ཧེ་ཧོ་དགེ་འོས་སློབ་གྲྭ་རུ་ཆེད་སྦྱོང་ཚན་ཁག་བཙུགས།

སྤྱི་ལོ1985ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧེ་ཧོ་དགེ་འོས་ཆེད་སྦྱོང་སློབ་གྲྭ་གྲབས་འཛུགས་བྱེད་པར་འཐད་པ་བྱུང་།

སྤྱི་ལོ1989ལོའི་ཟླ10པར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆི་ཆི་ཧར་དགེ་འོས་སློབ་གླིང་ཧེ་ཧོ་ཡན་ལག་སློབ་གྲྭ་ཞེས་པར་བསྒྱུར།

སྤྱི་ལོ1990ལོའི་ཟླ6པའི་ཚེས5ཉིན། ཆི་ཆི་ཧར་དགེ་འོས་སློབ་གླིང་གི་ཧེ་ཧོ་ཡན་ལག་སློབ་གྲྭ་འཛུགས་པའི་མཛད་སྒོ་བསྡུས།

སྤྱི་ལོ1997ལོར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧེ་ཧོ་དགེ་འོས་སློབ་གྲྭ་དང་། ཆི་ཧྲི་སློབ་གླིང་ཧེ་ཧོ་ཡན་ལག་སློབ་གྲྭ ཧེ་ཧོ་སློབ་གསོའི་སློབ་གླིང་བཅས་ཟླ་སྒྲིལ་བཏང་ནས་ཆི་ཆི་ཧར་སློབ་ཆེན་ཧེ་ཧོ་ཡན་ལག་སློབ་གྲྭ་བཙུགས།

སྤྱི་ལོ2001ལོའི་ཟླ2པར་ཧེ་ཧོ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ཆི་ཆི་ཧར་སློབ་ཆེན་ཧེ་ཧོ་ཡན་ལག་སློབ་གྲྭ་དང་ཟླ་སྒྲིལ་བཏང་།

སྤྱི་ལོ2004ལོའི་ཟླ5པར། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་གི་མཐོ་རིམ་དངོས་གཞིའི་ཚན་ཁག་གི་སློབ་གླིང་སྟེ་ཧེ་ཧོ་སློབ་གླིང་བཙུགས།

སྤྱི་ལོ2006ལོའི་ཟླ4པར་ཞིང་ཆེན་ཁོངས་གཏོགས་ཀྱི་སློབ་གླིང་དུ་བསྡུས།

སྤྱི་ལོ2008ལོར་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ལས་ཁུངས་ཀྱི་ཆོག་མཆན་ཐོབ།

སྤྱི་ལོ2009ལོར། སློབ་གསོ་པུས་སློབ་གྲྭའི་རྨང་གཞིའི་ཐོག“ཀྲུང་ཨུའི་སློབ་གྲྭ་ཆེན་མོ་བའི་སྤེལ་རེས་རྟེན་གཞི”དང“ཨུ་རུ་སུའི་སྐད་ཡིག་སློབ་འབྲིང”འཛུགས་རྒྱུའི་ཆོག་མཆན་སྤྲད། ཀྲུང་གོའི་ཕྱི་འགྲིམ་སློབ་མའི་ཞབས་ཞུའི་ལྟེ་གནས་དང་མཉམ་དུ་རྒྱལ་ཡོངས་ཀྱི་ཨུ་རུ་སུར་སློབ་སྦྱོང་བྱེད་པར་སྐྱོད་མཁན་གྱི་གསོ་སྦྱོང་རྟེན་གཞི་སྐྲུན།

སྤྱི་ལོ2010ལོར་སློབ་གྲྭ་ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་གསོ་སྐྱོང་ལས་ཁུངས་སུ་གཏན་ཁེལ་བྱས།

སྤྱི་ལོ2015ལོར་སློབ་གླིང་གིས་སློབ་གསོ་པུའུ་ཡི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཚད་ལོན་དཔྱད་དཔོག་བྱས།

སྤྱི་ལོ2017ལོར་སློབ་གླིང་ལ་རབ་འབྱམས་པའི་བསླབ་གནས་སྤྲད་པའི་དབང་ཆ་ཡོད་པའི་འཛུགས་སྐྲུན་ལས་ཁུངས་གསར་སྣོན་བྱ་རྒྱུའི་ཆོག་མཆན་ཐོབ།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ6པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང14ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས39ཡོད་པའི་ནང་བཟོ་ལས་དང་། རང་བྱུང་ཚན་རིག དཔལ་འབྱོར། དོ་དམ། སྤྱི་ཚོགས་ཚན་རིག ཁྲིམས་ལུགས། སྒྱུ་རྩལ་བཅས་རིག་ཚན་ཆེ་གྲས་བདུན་ཚུད་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ7པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་དགེ་རྒན་དང་ལས་བཟོ་པ844ཡོད་པའི་ནང་དུ་ཆེད་བསྐོས་དགེ་རྒན584ཡོད། ཆེད་བསྐོས་དགེ་རྒན་ཁྲོད་འབུམ་རམས་པ30དང་རབ་འབྱམས་པ418ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གཙོ་གནད་འཛུགས་སྐྲུན་རིག་ཚན1ཡོད།

6 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཁག7ཐོབ་པ་དང་། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི1བཙུགས་ཡོད། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས2དང་རྒྱལ་ཁབ་རིམ་པའི“ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི”རྣམ་གྲངས1ཡོད། ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1བཅས་བཙུགས་ཡོད། ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2དང་། ཞིང་ཆེན་གྱི་སློབ་གསོའི་ཚན་རིག་ཞིབ་འཇུག་རྟེན་གཞི1 ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས3 ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན3བཅས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།