སྤྱི་ལོ1906ལོར(ཆིང་ཀོང་ཞུས་སྲིད་ལོ་སུམ་ཅུ་སོ་གཉིས་པ)ཞིང་ཆེན་གྱི་གྲོང་ཁྱེར(ཆི་ཆི་ཧར)མཐོ་རིམ་སློབ་ཆུང་གིས་དགེ་འོས་མྱུར་འགྲུབ་འཛིན་གྲྭ་བཙུགས།
སྤྱི་ལོ1908ལོར(ཀོང་ཞུས་ལོ་སོ་བཞི་པར)རྨང་གཞི་དེའི་ཐོག་རིམ་པ་གཉིས་ཀྱི་དགེ་འོས་སློབ་གྲྭ་བཙུགས།
སྤྱི་ལོ1914ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པ)མིང“ཧེ་ལུང་ཅང་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་དང་པོ”ཞེས་པར་བསྒྱུར། རྒྱལ་ཡོངས་སུ་སློབ་གྲྭ་འཛུགས་སྔ་ཤོས་ཀྱི་འབྲིང་རིམ་དགེ་འོས་སློབ་གྲྭ་འགའ་ཤས་ཀྱི་གྲས་ཤིག་ཡིན།
སྤྱི་ལོ2003ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་དེ་སྔར་ཆི་ཆི་ཧར་གྲོང་ཁྱེར་དགེ་འོས་སློབ་གྲྭ་དང་། ཆི་ཆི་ཧར་གྲོང་ཁྱེར་བྱིས་པའི་དགེ་འོས་སློབ་གྲྭ་ཆི་ཆི་ཧར་གྲོང་ཁྱེར་སློབ་གསོ་སློབ་གླིང་གི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་ཆ་ཤས། ཁེ་ཧྲན་དགེ་འོས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ཞིང་། ཆི་ཆི་ཧར་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཙུགས།
སློབ་གྲྭར་ད་ལྟ་དགེ་རྒན392ཡོད་པ་དེའི་ནང་དུ་དགེ་རྒན་ཆེན་མོ20ཡོད། དགེ་རྒན་ཆེན་མོ་གཞོན་པ142དང་སློབ་གྲྭར་ཡོད་པའི་སློབ་མ5000ལྷག་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི12.2ཟིན་ཡོད། ས་ཁྱོན་སྨི་གྲུ་བཞི་མ་ཁྲི28ཟིན་ཡོད། གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར2.11ཟིན་ཡོད། སློབ་གྲྭའི་སློབ་ཁྲིད་སྒྲིག་ཆས་ཆ་ཚང་ཞིང་རྩིས་འཁོར་སློབ་ཁང7 ཚོད་ལྟ་ཁང8 སྐད་བརྡ་ཁང6 སེམས་ཁམས་སློབ་གསོའི་ཚོད་ལྟ་ཁང1 དྲ་རྒྱའི་ལྟེ་གནས1བཅས་ཡོད།
དུས་རབས་གཅིག་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སློབ་གྲྭ་འཕོ་འགྱུར་ཐེངས་འགའ་བྱུང་བ་དང་། བརྩོན་བསྲིས་སློབ་གཉེར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སློབ་གྲྭ་ནན་སྐྱོང་། མི་གསོ་སྐྱོང་བཅས་བྱ་རྒྱུ་རྩ་བར་བཟུང་ཡོད། དཀའ་སྤྱད་ལས་སྐྲུན་གྱི་སྲོལ་རྒྱུན་གཟི་བརྗིད་ཅན་དང་སློབ་གཉེར་གཟབ་ནན་བྱེད་པའི་སློབ་གྲྭའི་སྲོལ་རྒྱུན་བཟང་པོ་ཆགས་ནས་རྒྱལ་ཁབ་ལ་སྤྱོད་ཡོན་གཉིས་ལྡན་གྱི་འཛུགས་སྐྲུན་བྱེད་མཁན་ཡོན་ཏན་ཅན་འབོར་ཆེན་གསོ་སྐྱོང་བྱས་ཡོད། རྒྱལ་ཁབ་བཙུགས་ཚུན། སློབ་གྲྭ་ནས་བྱིས་གཉོར་ཁང་གི་སློབ་གྲྭ་དང་། འབྲིང་རིམ་དགེ་རྒན། སློབ་གྲྭ་ཆེན་མོའི་དངོས་གཞི་ཚན་ཁག་བཅས་ཀྱི་ཆེད་ལས་སློབ་མ་ཁྱོན་བསྡོམས་ཁྲི5ལྷག་སློབ་མཐར་ཕྱིན། མི་མང་པོ་ཞིག་རིགས་གཅིག་མཁས་པ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་རྐང་འཛིན་པ་བཅས་སུ་གྱུར་ཡོད། དེ་སྔའི་རྒྱལ་ཁབ་ཉིང་རྡུལ་བདེ་འཇགས་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་དེ་སྔའི་ཉིང་རྡུལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་མཐུན་ཅང་ཧྲེང་ཅེ། དེ་སྔའི་ཆིང་ཧྭ་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོ་བློ་མཐུན་ལིའུ་ཏ་ནི་མཐར་ཕྱིན་སློབ་མའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཡིན།
ལོ་རྒྱུས་ཀྱི་དུས་སྐབས་གསར་པར། སློབ་གྲྭས་མུ་མཐུད་དུ་མི་གཙོ་བོར་འཛིན་པ་དང་སློབ་གཉེར་ཁྱད་ཆོས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དང་ཤེས་ལྡན་མི་སྣའི་ལྟ་བ་འཛུགས་པ་དང་། མཐོ་རིམ་སློབ་གསོའི་ཆོས་ཉིད་དང་ཚོང་རའི་དཔལ་འབྱོར་གྱི་ཆོས་ཉིད་བརྩི་སྲུང་། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས། སློབ་གཉེར་གྱི་བར་སྟོང་ཧུར་ཐག་གིས་རྒྱ་བསྐྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭའི་འཕེལ་རྒྱས་ཀྱི་དམིགས་འབེན་འཆར་འགོད་བྱེད་པ། སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད། ས་གནས་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་དང་། གཞི་ཁྱོན། སྤུས་ཚད། ཕན་འབྲས་བཅས་མཐུན་སྦྱོར་གཅིག་གྱུར་ངང་འཕེལ་རྒྱས་ཡོང་བ་བྱས་ནས་ས་ཁོངས་ནང་གི་གྲགས་ཅན་སློབ་གྲྭ་ཧུར་ཐག་ངང་གཉེར་ཡོད།