དབྱི་ཁྲུན་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:30ལ་འགྲུབ།

དབྱི་ཁྲུན་ལས་རིགས་སློབ་གླིང་།

དབྱི་ཁྲུན་ལས་རིགས་སློབ་གླིང་།
དབྱི་ཁྲུན་ལས་རིགས་སློབ་གླིང་ནི་ཧེ་ལུང་ཅང་སློབ་ཆེན་དབྱི་ཁྲུན་ཡན་ལག་སློབ་གྲྭ་དང་ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་དགེ་འོས་སློབ་གྲྭ་ཟླ་སྒྲིལ་བཏང་བའི་རྨང་གཞིའི་ཐོག རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད་དེ་བཙུགས་པའི་སྨན་པ་དང་། བཟོ་ལས། རང་བྱུང་ཚན་རིག དོ་དམ། སྒྱུ་རྩལ། དགེ་རྒན་བཅས་ཕྱོགས་བསྡུས་ཀྱི་ཉིན་གང་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊春职业学院
ཕྱི་ཡིག་གི་མིང་།
YichunVocationalCollege
བཙུགས་ལོ།
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
མཐོ་རིམ་སློབ་གྲྭ་དཀྱུས་མ།
རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ།
གཙོ་སྒྲུབ་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། མ་ཁྲང་ཅེ། གླིང་གཙོ། ན་ཧྲེང་ཧུའེ།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སྡེ་ཁག རྩིས་འཁོར་ཚན་རིག་སྡེ་ཁག བཟོ་སྐྲུན་ལག་རྩལ་སྡེ་ཁག་སོགས་ཡོད།
ས་གནས།
ཧེ་ལུང་ཅང་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་དབྱི་མེ་ཆུས།
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་གྱི་སྔོན་ཐོན་ལས་ཁུངས།    ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དོ་དམ་སྔོན་ཐོན་ལས་ཁུངས།    ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་སྔོན་ཐོན་སྡེ་ཁག
1 ངོ་སྤྲོད་མདོར་བསྡུས།

སློབ་གྲྭ་འདི་ནི་སྤྱི་ལོ1958ལོར་བཙུགས་པའི་དབྱི་ཁྲུན་དགེ་འོས་སློབ་གྲྭ་ལས་བྱུང་ཞིང་། སྤྱི་ལོ1999ལོར། རྒྱལ་ཁབ་སློབ་གསོ་པུའུ་ཡིས་དབྱི་ཁྲུན་དགེ་འོས་སློབ་གྲྭ་དང་ཧེ་ལུང་ཅང་སློབ་ཆེན་གྱི་དབྱི་ཁྲུན་ཡན་ལག་སློབ་གྲྭ་ཟླ་སྒྲིལ་བཏང་ནས་དབྱི་ཁྲུན་ལས་རིགས་སློབ་གླིང་བཙུགས། སྤྱི་ལོ2000ལོ་ནས་བཟུང་མཐོ་རིམ་ལས་རིགས་ཆེད་སྦྱོང་སློབ་མ་བསྡུ་འགོ་བརྩམས། སྤྱི་ལོ2016ལོར་དབྱི་ཁྲུན་གྲོང་ཁྱེར་གྱི་འཕྲོད་བསྟེན་སློབ་གྲྭ་ཟླ་སྒྲིལ་བཏང་།

སློབ་གླིང་གིས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི36ཟིན་པ་དང་སློབ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20ཡོད། སློབ་གླིང་གི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར2.4ཟིན་ནས་སློབ་ཁྲིད་ཡོ་བྱད་ཀྱི་སྒྲིག་ཆས་རིན་ཐང་བསྡོམས་འབོར་སྒོར་ཁྲི4942ཡོད། དཔེ་མཛོད་ཁང་དུ་དཔེ་ཆ་ཁྲི28.57ཉར་ཚགས་བྱས་ཡོད། དགེ་རྒན་དང་ལས་བཟོ་པ406ཡོད། དེའི་ནང་དུ་ཆེད་བསྐོས་དགེ་རྒན262ཡོད་པ་དང་ཆེད་ལས27བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་དབྱི་ཁྲུན་དགེ་འོས་སློབ་གྲྭ་བཙུགས།

སྤྱི་ལོ1984ལོའི་ཟླ5པར། ཧེ་ལུང་ཅང་ནགས་ལས་དགེ་འོས་ཆེད་སྦྱོང་སློབ་གྲྭ་གྲབས་འཛུགས་བྱས།

སྤྱི་ལོ1993ལོའི་ཟླ9པར་ཞིང་ཆེན་སྲིད་གཞུང་གིས་སློབ་གྲྭས་ཧེ་ལུང་ཅང་སློབ་ཆེན་དབྱི་ཁྲུན་ཡན་ལག་སློབ་གྲྭའི་མིང་ཐོག་ནས་སློབ་མ་བསྡུས་ཏེ་སློབ་གཉེར་བྱ་རྒྱུར་མོས་མཐུན་བྱུང་།

སྤྱི་ལོ1999ལོའི་ཟླ7པར། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཆོག་མཆན་བཀོད། དབྱི་ཁྲུན་དགེ་འོས་སློབ་གྲྭ་དང་ཧེ་ལུང་ཅང་སློབ་ཆེན་དབྱི་ཁྲུན་ཡན་ལག་སློབ་གྲྭ་ཟླ་སྒྲིལ་བཏང་བའི་རྨང་གཞིའི་ཐོག་དབྱི་ཁྲུན་ལས་རིགས་སློབ་གླིང་བཙུགས།

སྤྱི་ལོ2000ལོའི་ཟླ9པར་སློབ་གླིང་དངོས་སུ་སྒོ་བྱང་བཀལ་བ་དང་། ཧེ་ལུང་ཅང་སློབ་ཆེན་དབྱི་ཁྲུན་ཡན་ལག་སློབ་གྲྭའི་སྒོ་བྱང་སྔར་བཞིན་སོར་འཇོག་བྱས་ཡོད།

སྤྱི་ལོ2012ལོའི་ཟླ9པར། སློབ་གླིང་དང་དབྱི་ཁྲུན་ནགས་ལས་འཕྲོད་བསྟེན་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་ནས་ནད་གཡོག་ཚན་ཁག་བཙུགས་པ་དང་འབྲེལ་སྐབས་དང་པོའི་སློབ་མ་བསྡུ་འགོ་ཚུགས།

3 གཏན་འཇགས་རྒྱུ་ནོར།

སློབ་གླིང་གི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར1.74ཟིན་ཡོད། དེའི་ནང་དུ་སྡོད་ཁང་སྒོར་དུང་ཕྱུར1.34དང་སློབ་ཁྲིད་ཡོ་བྱད་ཀྱི་སྒྲིག་ཆས་སྒོར་ཁྲི1769ཟིན་ཡོད། དཔེ་དེབ་དཔྱད་ཡིག་སྒོར་ཁྲི616དང་། འགྲིམ་འགྲུལ་ཡོ་བྱད་སྒོར་ཁྲི170 གཞན་དག་ཁྲི1155བཅས་ཡོད། འོན་ཀྱང་དབྱི་ཁྲུན་ལས་རིགས་སློབ་གླིང་གི་དཔལ་འབྱོར་ཚད་ཡོད་དང་དཔེ་དེབ་ཐོན་ཁུངས་ཅུང་རྗེས་ལུས་ཡིན།

4 རྒྱ་ཁྱོན།

སློབ་གླིང་གིས་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི36.04ཟིན་ཡོད། སློབ་གླིང་གི་འཕེལ་རྒྱས་བླང་བྱ་དང་བསྟུན་ཆེད་སྤྱི་ལོ2002ལོའི་ཟླ5པར་དབྱི་ཁྲུན་གྲོང་ཁྱེར་སྲིད་གཞུང་གིས་ཐག་བཅད། སློབ་གླིང་གི་ནུབ་ཕྱོགས་སུ་གསར་སྤེལ་བྱ་རྒྱུའི་སྨི་གྲུ་བཞི་མ་ཁྲི14ཟིན་པའི་ས་ཞིང་དབྱི་ཁྲུན་སློབ་གླིང་དུ་སྤྲད།

5 དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས།

སློབ་གླིང་དུ་ད་ལྟ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི30.3ཡོད། སློབ་མ་རེར་ཆ་སྙོམས་དེབ86.64ཡོད་པ་དང་གློག་རྡུལ་དཔེ་དེབ་ཁྲི2.5ཡོད། དུས་དེབ་རིགས720ཡོད་པ་དང་དཔེ་གཟིགས་ཁང4བཙུགས་ཡོད། སྡོད་གནས354ཡོད་པ་དང་སློབ་མ་བརྒྱ་རེར་ཆ་སྙོམས་སྡོད་གནས10ཡོད། གློག་རྡུལ་ལྟ་ཀློག་ཁང་དུ་སྡོད་གནས100ཡོད། སློབ་མ་བརྒྱ་རེར་ཆ་སྙོམས0.28ཡོད།

6 སྒྱུ་རྩལ་ཁང་།

རོལ་དབྱངས་ཚོམས་ཆེན1དང་ནུས་མང་ཚོམས་ཆེན2 སྒྲ་སྙན་ཁང65དང་རི་མོ་ཁང9ཡོད།

7 ཆེད་ལས་སྒྲིག་བཀོད།

དབྱི་ཁྲུན་ལས་རིགས་སློབ་གླིང་གིས་ལོ10ཡི་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་བརྒྱུད་ད་ལྟ་སྡེ་ཁག11ཡོད། བཟོ་སྐྲུན་ལག་རྩལ་སྡེ་ཁག་དང་། ཕྱི་སྐད་སྡེ་ཁག ནད་གཡོག་སྡེ་ཁག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག རྩིས་འཁོར་ཚན་རིག་སྡེ་ཁག སྒྱུ་རྩལ་ཇུས་འགོད་སྡེ་ཁག འཛུགས་སྐྲུན་ལས་གྲྭ་དང་རྒྱུ་ཆའི་སྡེ་ཁག ནགས་ལས་ཐོན་ཁུངས་སྡེ་ཁག ཡུལ་སྐོར་ཚོང་དོན་སྡེ་ཁག རོལ་དབྱངས་སྡེ་ཁག་སོགས་ཡིན། མཐོ་རིམ་ལས་རིགས་ཆེད་ལས31དང་དགེ་འོས་རིགས་ཀྱི་ཆེད་ལས6བཅས་ཡོད། ཕྱི་སྐད་སྡེ་ཁག་དང་། དཔལ་འབྱོར་དོ་དམ་སྡེ་ཁག རྩིས་འཁོར་ཚན་རིག་སྡེ་ཁག རྒྱ་ཡིག་སྡེ་ཁག ཁྲིམས་ལུགས་རིག་པའི་སྡེ་ཁག མཛེས་རྩལ་སྡེ་ཁག རོལ་དབྱངས་སྡེ་ཁག དགེ་རྒན་ཆེད་ལས་པུའུ། དར་མའི་སློབ་གསོ་པུའུ་སོགས་ཡིན། ཆེད་སྦྱོང་ཆེད་ལས20ཡོད། ཁྱིམ་ཆས་དང་ཤིང་བཟོས་བཟོ་རྩལ་ཐོན་རྫས་ཇུས་འགོད(རྒྱལ་ཁབ་ཀྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས)དང་། དབྱིན་ཡིག དྲུང་ཡིག གཞུང་ལས་རང་འགུལ་ཅན། ཁྲིམས་ལུགས་རིག་པ། ནད་གཡོག་སྡེ་ཁག རྩིས་གཉེར་གློག་རྩིས་ཅན། ཁྲོམ་རའི་གཉེར་ཚོང་། སྨན་རྫས་ཚོང་དོན། གློག་རྡུལ་ཚོང་དོན། ཡུལ་སྐོར་དོ་དམ(ཧེ་ལུང་ཅང་ཞིང་ཆེན་གྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས) རོལ་དབྱངས། རྩིས་འཁོར་བཀོལ་སྤྱོད་ལག་རྩལ། གློག་རྡུལ་ཆ་འཕྲིན་ལག་རྩལ། རྒྱ་ཡིག་སློབ་གསོ། རྩིས་རིག་སློབ་གསོ། དབྱིན་ཡིག་སློབ་གསོ། འཕྲུལ་འཁོར་ཆུང་བའི་སློབ་གསོ། རོལ་དབྱངས་སློབ་གསོ། མཛེས་རྩལ་སློབ་གསོ། ལུས་རྩལ་སློབ་གསོ་སོགས་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།