མུའུ་ཏན་ཅང་སློབ་ཆེན།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:58ལ་འགྲུབ།

མུའུ་ཏན་ཅང་སློབ་ཆེན།

མུའུ་ཏན་ཅང་སློབ་ཆེན།
མུའུ་ཏན་ཅང་སློབ་ཆེན་ནི(MudanjiangUniversity)སྤྱི་ལོ1983ལོར་བཙུགས། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་པ་དང་མུའུ་ཏན་ཅང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཕྱོགས་བསྡུས་རིགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牡丹江大学
ཕྱི་ཡིག་གི་མིང་།
MudanjiangUniversity
བཙུགས་ལོ།
སྤྱི་ལོ1983ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
ངོ་བོ།
ཕྱོགས་བསྡུས།
ཁྱད་ཆོས།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན
འགོ་ཁྲིད།
ཧྲུའུ་ཅི། ཧྥུ་ཀྲུང་ཡུས།    སློབ་གཙོ། ལུའི་ཀུའེ་ཅུན།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
སློབ་གླིང10 སློབ་དཔྱོད་པུའུ2 ཞོར་གཏོགས་འབྲིང་རིམ་ཆེད་ལས་སློབ་གྲྭ1བཅས་ཡོད།
1 ངོ་སྤྲོད་མདོར་བསྡུས།

སློབ་གྲྭ་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་དུ་ཡོད་པ་དང་། སློབ་ཁུལ་གཙོ་བོ། ཧའེ་ལིན་སློབ་ཁུལ། བཟོ་ལས་གླིང་གི་དངོས་སྦྱོང་རྟེན་གཞི་བཅས་ཁག་གསུམ་ལས་གྲུབ་ཡོད། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི37.3ཟིན་པའི་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.5ཟིན་ཡོད། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི56.6ཉར་ཚགས་བྱས་པ་དང་སློབ་ཁྲིད་ཡོ་བྱད་ཀྱི་སྒྲིག་ཆས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.1ཟིན་ཡོད། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང10དང་། ཆེད་ལས39 རིམ་པ་སྣ་ཚོགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ6000ལྷག་ཙམ་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1982ལོའི་ཟླ11པར་མུའུ་ཏན་ཅང་གྲོང་ཁྱེར་ཏང་ཨུ་ཡི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་མུའུ་ཏན་ཅང་སློབ་ཆེན་འཛུགས་རྒྱུར་གཏན་འབེབས་བྱས།

སྤྱི་ལོ1983ལོའི་ཟླ7པར། ཧེ་ལུང་ཅང་ཞིང་ཆེན་མཐོ་རིམ་སློབ་གསོ་ཅུས་ཀྱིས་མུའུ་ཏན་ཅང་སློབ་ཆེན་འཛུགས་རྒྱུའི་ཆོག་མཆན་བཀོད། ཐོག་མར་བཙུགས་པའི་མུའུ་ཏན་ཅང་སློབ་ཆེན་དུ་གཅིག་ནས་སློབ་གྲྭའི་ཉལ་ཁང་མེད་ལ། གཉིས་ནས་མ་དངུལ་མེད་པ་དང་། གསུམ་ནས་དགེ་རྒན་དཀོན་པ། བཞི་ནས་སྒྲིག་ཆས་མེད་ལ། སློབ་གྲྭའི་སྐབས་དང་པོའི་འགོ་ཁྲིད་ཚན་ཁག་གིས་འཁོར་སྐྱོད་གཞུང་དོན་སྒྲུབ་པའི་གནས་ཚུལ་འོག་མངག་བཅོལ་སློབ་གཉེར་བྱེད་ཐབས་སྤྱད་དེ། ཟླ་བ་གཅིག་ལྷག་ཙམ་གྱི་ནང་དུ་འཁལ་འཐག་ལ་ཚོས་རྒྱག་པ་དང་། འགྱིག་ཤོག་བཟོ་བ། སྐྱེ་ལྡན་འདྲེས་སྦྱོར་རྫས་འགྱུར་བཟོ་ལས་བཅས་ཆེད་ལས་གསུམ་གྱི་སློབ་ཆེན་སློབ་མ་དཀྱུས་མ121བསྡུས་ཡོད། དུས་མཚུངས་སུ་རྫས་འགྱུར་བཟོ་ལས་ཅུས་དང་། སྤོས་འགྱིག་ཀུང་སི། ཡང་བའི་བཟོ་ལས་ཅུས་གཉིས་པ་བཅས་དང་འབྲེལ་གཏུག་བྱསཏེ་གན་རྒྱ་བཞག་ནས་སྐབས་དང་པོའི་སློབ་མ་ཡོངས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས།

སྤྱི་ལོ1984ལོའི་ཟླ8པར། མུའུ་ཏན་ཅང་སློབ་ཆེན་དང་གྲོང་ཁྱེར་སྲིད་འཛིན་ལས་བྱེད་སློབ་གྲྭ་ཟླ་སྒྲིལ་བྱས།

སྤྱི་ལོ1985ལོའི་ཟླ8པར། སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གསར་པ་འཛུགས་སྐྲུན་བྱས། རང་ཉིད་ཀྱི་སློབ་གྲྭའི་སྡོད་ཁང་ཡོད་པས་མངགས་བཅོལ་སློབ་སྒྲུབ་དང་། ས་གཡར་སློབ་སྒྲུབ། མཉམ་འབྲེལ་སློབ་སྒྲུབ་བཅས་ཀྱི་ལོ་རྒྱུས་མཇུག་གྲིལ།

སྤྱི་ལོ1986ལོའི་ཟླ6པར་མུའུ་ཏན་ཅང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བཟོ་པའི་སློབ་ཆེན་མུའུ་ཏན་ཅང་སློབ་ཆེན་དུ་ཟླ་སྒྲིལ་གཏོང་རྒྱུའི་ཐག་བཅད།

སྤྱི་ལོ1991ལོའི་ཟླ5པར། མུའུ་ཏན་ཅང་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་མུའུ་ཏན་ཅང་སློབ་ཆེན་དུ་བསྡུས།

སྤྱི་ལོ2010ལོའི་ཟླ6པའི་ཚེས10ཉིན། ཧའེ་ལིན་སློབ་ཁུལ་དུ་ལས་འགོ་བཙུགས་པ་དང་རྣམ་གྲངས་འཆར་འགོད་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི50ཡོད།

སྤྱི་ལོ2011ལོའི་ཟླ10པར་ཧའེ་ལིན་སློབ་ཁུལ་ལས་མཇུག་གྲིལ་ནས་དངོས་སུ་སྤྱོད་འགོ་ཚུགས།

སྤྱི་ལོ2012ལོའི་ཟླ11པའི་ཚེས15ཉིན། མུའུ་ཏན་ཅང་སློབ་ཆེན་གྱིས་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་འཕར་བྱ་རྒྱུའི་རེ་ཞུ་བྱས་པར་ཧེ་ལུང་ཅང་ཞིང་ཆེན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་གཞིའི་ནང་བསྡུས།

སྤྱི་ལོ2019ལོའི་ཟླ8པའི་ཚེས5ཉིན། མུའུ་ཏན་ཅང་སློབ་ཆེན་སྨན་དོན་སློབ་གླིང་བཙུགས་པ་དང་སྒོ་བྱང་འགེལ་བའི་མཛད་སྒོ་མུའུ་ཏན་ཅང་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭར་བསྡུས། སློབ་གླིང་དེ་བཙུགས་པ་དེས་མུའུ་ཏན་ཅང་གི་སྨན་དོན་མེད་པའི་མཐོ་རིམ་ཆེད་སྦྱོང་གི་ལོ་རྒྱུས་མཇུག་གྲིལ།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2013ལོའི་ཟླ12པའི་བར་དུ། སློབ་གྲྭའི་དགེ་རྒན་ལ་ཁྱོན་བསྡོམས་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ149དང་། མཐོ་རིམ་ལས་རིགས་གཞོན་པ་ཡན་གྱི་དགེ་རྒན207ཡོད། ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན2དང་། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ1 ཞིང་ཆེན་རིམ་པའི་སློབ་ཁྲིད་ཀྱི་ཕུལ་བྱུང་སློབ་མ1དང“ཉིས་འཇོན”དགེ་རྒན136ཡོད།

4 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2013ལོའི་ཟླ12པའི་བར་དུ་སློབ་གྲྭས་རིམ་པ་གཉིས་པའི་སློབ་གླིང10དང་ཆེད་ལས43བཙུགས་ཡོད།

5 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ5པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྱོན་བསྡོམས་ཁྲི་ཉེར་ལྔ་ལྷག་ཙམ་ཡོད་པའི་ནང་དཔྱད་གཞིའི་ལག་ཆའི་དཔེ་དེབ་རིགས4279ལྷག་ཙམ་ཡོད། དུས་ཡོལ་དུས་དེབ17700ཡོད། སྔར་ཡོད་དུས་དེབ་དང་ཚགས་པར་རིགས1174ཡོད་པ་མ་ཟད། ཕྱི་ཡིག་གི་དཔྱད་ཡིག་དང་གློག་རྡུལ་སྒྲ་བརྙན་དཔྱད་ཡིག་ངེས་ཅན་ཞིག་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ཆེད་ལས། ལས་རིགས།