ཧེ་ལུང་ཅང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-08-27 15:59ལ་འགྲུབ།

ཧེ་ལུང་ཅང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་།

ཧེ་ལུང་ཅང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཧེ་ལུང་ཅང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་དུ་གནས་ཡོད། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་ཤིང་། སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་རྒྱལ་ཁབ་ཀྱི་གཞུང་སྒྲུབ་སློབ་གྲྭ་དང་རང་ཚུགས་སུ་བཙུགས་པའི་སློབ་གྲྭ་བཅས་ཀྱི་ཀྲུང་གོའི་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་ཐོག་མ་དེ་ཡིན། ཅིང་པོ་མཚེའུ་ཡི་བྱང་རྒྱུད་ཀྱི་གྲོང་ཁྱེར་གྲགས་ཅན་མུའུ་ཏན་ཅང་གྲོང་ཁྱེར་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑龙江林业职业技术学院
ཕྱི་ཡིག་གི་མིང་།
HeilongjiangForestryVocational-TechnicalCollege
བཙུགས་ལོ།
སྤྱི་ལོ2001ལོ།
སློབ་གཉེར་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
ནགས་ལས་རིགས།
སློབ་གྲྭའི་ཁྱད་ཆོས།
རྒྱལ་ཁབ་ཀྱི་ཁག་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ལས་ཁུངས་ཡིན།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན་སློབ་གསོ་ཐིང་།
ཏང་ཨུའི་ཧྲུའུ་ཅི།
ཅང་ཧོའེ་ལེང་།
གླིང་གཙོ།
ཞུའེ་ཧུང་།
མཐོ་རིམ་ལས་རིགས་ཆེད་ལས།
43ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
བཟོ་སྐྲུན་སློབ་གླིང་། ཁྱིམ་ཆས་བཟོ་སྐྲུན་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། མི་ཆོས་སློབ་གླིང་སོགས་ཡོད།
ས་གནས།
ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ཨའེ་མིན་ཆུས་རིག་གནས་ཁྲོམ་གཞུང་ཨང99པ།
1 ལོ་རྒྱུས་འཕེལ་རིམ།

གཅིག མུའུ་ཏན་ཅང་ནགས་ལས་སློབ་གྲྭ།

སྤྱི་ལོ1958ལོར་མུའུ་ཏན་ཅང་ནགས་ལས་སློབ་གྲྭ་བཙུགས།

སྤྱི་ལོ1958ལོར་ཧོ་ཅང་ནགས་ལས་སློབ་གླིང་དང་སུང་ཧྭ་ཅང་ནགས་ལས་སློབ་གྲྭ་མུའུ་ཏན་ཅང་ནགས་ལས་སློབ་གྲྭར་ཟླ་སྒྲིལ་བཏང་།

ལོ་གཉིས་རིང་ཧེ་ལུང་ཅང་ནགས་ལས་སློབ་གླིང་དང་། དབྱི་ཁྲུན་ནགས་ལས་སློབ་གྲྭ། བྱང་ཤར་ནགས་ལས་སློབ་གླིང(ཆེད་སྦྱོང་སློབ་གྲྭ་ཆེན་མོ) མུའུ་ཏན་ཅང་ནགས་ལས་སློབ་གྲྭར་ཟླ་སྒྲིལ་བཏང་།

སྤྱི་ལོ1958ལོར་དབྱི་ཁྲུན་ནགས་ལས་སློབ་གྲྭ་བཙུགས།

མུའུ་ཏན་ཅང་ནགས་ལས་སློབ་གྲྭ་བྱང་ཤར་ནགས་ལས་སྤྱི་ཁྱབ་ཅུས་མུའུ་ཏན་ཅང་ནགས་ལས་སློབ་གྲྭར་བསྒྱུར།

བྱང་ཤར་ནགས་ལས་སྤྱི་ཁྱབ་ཅུས་མུའུ་ཏན་ཅང་ནགས་ལས་སློབ་གྲྭར་ནགས་ལས་པུའུ་ཡི་མུའུ་ཏན་ཅང་ནགས་ལས་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1971ལོར་མུའུ་ཏན་ཅང་ནགས་ལས་དགེ་འོས་སློབ་གྲྭ་གསར་འཛུགས་བྱས།

ནགས་ལས་པུའུ་མུའུ་ཏན་ཅང་ནགས་ལས་སློབ་གྲྭར་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་ནགས་ལས་སློབ་གྲྭར་མིང་བསྒྱུར།

གཉིས། མུའུ་ཏན་ཅང་ནགས་ལས་དགེ་འོས་སློབ་གྲྭ།

སྤྱི་ལོ1973ལོར་མུའུ་ཏན་ཅང་ནགས་ལས་དགེ་འོས་སློབ་གྲྭ་རང་ཚུགས་ཀྱིས་སློབ་གཉེར་བྱས།

གསུམ། ཏུང་ཅིང་ཁྲེང་ནགས་ལས་འཕྲུལ་གློག་སློབ་གྲྭ།

སྤྱི་ལོ1958ལོར་ཏུང་ཅིང་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས།

ཏུང་ཅིང་ཁྲེང་ནགས་ལས་ཅུས་ལག་རྩལ་བཟོ་པའི་སློབ་གྲྭ་མུའུ་ཏན་ཅང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭར་མིང་བསྒྱུར།

མུའུ་ཏན་ཅང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭར་ཧེ་ལུང་ཅང་ཞིང་ཆེན་ཏུང་ཅིང་ཁྲེང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1996ལོར་ཧེ་ལུང་ཅང་ཞིང་ཆེན་ཏུང་ཅིང་ཁྲེང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭར་ཧེ་ལུང་ཅང་ཞིང་ཆེན་ཏུང་ཅིང་ཁྲེང་ནགས་ལས་འཕྲུལ་གློག་སློབ་གྲྭ་ཞེས་པར་མིང་བསྒྱུར།

བཞི། མུའུ་ཏན་ཅང་ནགས་ལས་ལས་བྱེད་པའི་སློབ་གྲྭ།

མུའུ་ཏན་ཅང་ནགས་ཚལ་བཟོ་ལས་དོ་དམ་ཅུས་ཀྱི་ལས་བྱེད་པའི་སློབ་གྲྭ་བཙུགས།

མུའུ་ཏན་ཅང་ནགས་ཚལ་བཟོ་ལས་དོ་དམ་ཅུས་ཀྱི་ལས་བྱེད་སློབ་གྲྭ་ཡི་མིང་མུའུ་ཏན་ཅང་ནགས་ལས་དོ་དམ་ཅུས་ཀྱི་ལས་བྱེད་སློབ་གྲྭར་བསྒྱུར།

མུའུ་ཏན་ཅང་ནགས་ལས་དོ་དམ་ཅུས་ཀྱི་ལས་བྱེད་སློབ་གྲྭ་མུའུ་ཏན་ཅང་ནགས་ལས་དོ་དམ་ཅུས་ཀྱི་ཆབ་སྲིད་སློབ་གྲྭར་བསྒྱུར།

མུའུ་ཏན་ཅང་ནགས་ལས་དོ་དམ་ཅུས་ཆབ་སྲིད་སློབ་གྲྭ་མུའུ་ཏན་ཅང་ནགས་ལས་དོ་དམ་ཅུས་ལྔ་བདུན་ལས་བྱེད་སློབ་གྲྭར་བསྒྱུར།

མུའུ་ཏན་ཅང་ནགས་ལས་དོ་དམ་ཅུས་ལྔ་བདུན་ལས་བྱེད་པའི་སློབ་གྲྭ་མུའུ་ཏན་ཅང་ནགས་ལས་ལས་བྱེད་པའི་སློབ་གྲྭར་བསྒྱུར།

ལྔ། མུའུ་ཏན་ཅང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭ།

མུའུ་ཏན་ཅང་ནགས་ལས་སློབ་གྲྭ(ནགས་གཉེར་ཆེད་ལས)ཏུང་ཅིང་ཁྲེང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭ(ཡན་ལག་སློབ་གྲྭ)རུ་བཅོས་སྐྲུན་བྱས།

སྤྱི་ལོ1981ལོར་ཏུང་ཅིང་གྲོང་ཁྱེར་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭ(ཡན་ལག་སློབ་གྲྭ)མུའུ་ཏན་ཅང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭར་བསྒྱུར་བཀོད་བྱས།

2001ལོར་མུའུ་ཏན་ཅང་ནགས་ལས་སློབ་གྲྭ་དང་། མུའུ་ཏན་ཅང་ནགས་ལས་དགེ་འོས་སློབ་གྲྭ། ཏུང་ཅིན་ཁྲེང་ནགས་ལས་འཕྲུལ་གློག་སློབ་གྲྭ། མུའུ་ཏན་ཅང་ནགས་ལས་ལས་བྱེད་པའི་སློབ་གྲྭ། མུའུ་ཏན་ཅང་ནགས་ལས་ལག་རྩལ་བཟོ་པའི་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ཧེ་ལུང་ཅང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་འཕར་བྱས།

སྤྱི་ལོ2016ལོའི་ཟླ8པར་ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ལས་ཁུངས་སུ་བདམས།

2 སློབ་གླིང་དང་སྡེ་ཁག་ངོ་སྤྲོད།

སློབ་གླིང་དུ་ནགས་ལས་ཐོན་ཁུངས་སྡེ་ཁག་དང་། ནགས་ཚལ་བཟོ་ལས་སྡེ་ཁག འཛུགས་སྐྲུན་བཟོ་སྐྲུན་སྡེ་ཁག ནགས་ལས་སྲིད་ཁྲིམས་སྡེ་ཁག ནགས་ལས་དཔལ་འབྱོར་དོ་དམ་སྡེ་ཁག ནགས་ལས་འཕྲུལ་གློག་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག མཐོ་རིམ་དགེ་འོས་པུའུ། རྨང་གཞི་པུའུ། དྲག་ཆས་ལུས་རྩལ་པུའུ། གསོ་སྦྱོང་པུའུ། འབྲིང་རིམ་ཆེད་ལས་པུའུ། དཔེ་མཛོད་ཁང་། ཚོད་ལྟའི་དངོས་སྦྱོང་ལྟེ་གནས་སོགས་སྡེ་ཁག་བདུན་དང་པུའུ་ལྔ། དཔེ་མཛོད་ཁང་གཅིག ལྟེ་གནས་གཅིག་བཅས་ཡོད། དེ་ནི་ནགས་ལས་དང་། བཟོ་སྐྲུན། སྐྱེ་དངོས་ལག་རྩལ། ཆ་འཕྲིན་བཟོ་སྐྲུན། ནགས་ལས་དཔལ་འབྱོར་དོ་དམ། ནོར་སྲིད་དཔལ་འབྱོར། དགེ་འོས་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་རིག་ཚན་མང་བའི་མཐོ་རིམ་དཀྱུས་མའི་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན། ལོ་ངོ་བཞི་བཅུའི་རིང་། རྒྱལ་ཁབ་ལ་འབྲིང་རིམ་ཆེད་ལས་མཐར་ཕྱིན་སློབ་མ24000དང་མཐོ་རིམ་དགེ་འོས་མཐར་ཕྱིན་སློབ་མ427ཡོད། དེའི་ནང་དུ་དགེ་རྒན་ཆེན་མོ་དང་། ཞིབ་འཇུག་པ། མཐོ་རིམ་བཟོ་སྐྲུན་དགེ་རྒན་སོགས་མཐོ་རིམ་ལག་རྩལ་གྱི་གོ་གནས་འཛིན་མཁན་ཆིག་སྟོང་ལྷག་ཙམ་ཟིན་ཡོད། ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ100ལྷག་ཙམ་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

ངེད་སློབ་གླིང་དུ་ད་ལྟ་ཆེད་བསྐོས་དགེ་རྒན34ཡོད་པ་དེའི་ནང་དུ། དགེ་རྒན་ཆེན་མོ་དང་དགེ་རྒན་ཆེ་མོ་གཞོན་པ16ཡོད་པ་དང་རབ་འབྱམས་པ་ཡན་གྱི་སློབ་རྒྱུས་ལྡན་པའི་དགེ་རྒན7ཡོད། གཞན་ཡང་ད་དུང་ཆེད་བསྐོས་ཟུར་ཁྲིད་པ2བཀོད་སྒྲིག་བྱས་ཡོད། དགེ་རྒན་གྱི་དཔུང་ཁག་འདི་ལ་ཚད་མཐོའི་ལས་བཀུར་སྙིང་སྟོབས་དང་ལས་སྒོའི་བྱང་ཚད་ཡག་པོ་ཡོད། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་དུས་དེབ་ཐོག་ཚན་རིག་ཞིབ་འཇུག་དང་སློབ་གསོ་ཞིབ་འཇུག་གི་ཆེད་རྩོམ400ལྷག་ཙམ་དང་སློབ་དེབ25རྩོམ་སྒྲིག་བྱས་ཡོད། སློབ་གསོ་དང་སློབ་ཁྲིད་ཀྱི་གྲུབ་འབྲས་ཁག28ཡོད། ལག་ལེན་གྱི་སློབ་ཁྲིད་དང་སློབ་མའི་ནུས་རྩལ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སློབ་མའི་ཚོད་ལྟ་དང་དངོས་སྦྱོང་ཆ་རྐྱེན་གྱི་འཛུགས་སྐྲུན་དང་ལེགས་བཅོས་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཡོད། ད་ཡོད་ཀྱི་ཉེར་སྤྱོད་འཕྲུལ་ཆས་ཁང10དང་། སྒྲིག་སྦྱོར་དང་སྲུང་སྐྱོང་ཚོད་ལྟ་ཁང་། སྒྲིག་འཛུགས་ལག་རྩལ་ཚོད་ལྟ་ཁང་། གློག་བརྙན་དང་བརྙན་འཕྲིན་བཟོ་སྐྲུན་ཚོད་ལྟ་ཁང་། སྨྱན་མང་སློབ་ཁང་། ཆེད་ལས་རི་མོ་ཁང་སོགས་སློབ་ཁྲིད་དང་ཚོད་ལྟ་བྱེད་ཡུལ། སྒྲིག་ཆས་སྔོན་ཐོན་སོགས་ཀྱི་མཐུན་རྐྱེན་ཡོད་པས་སློབ་མར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྡེ་ཁག ཆེད་ལས། དགེ་རྒན།