ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-26 14:15ལ་འགྲུབ།

ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་།

ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་།
ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་ནི་སྤྱི་ལོ2000ལོའི་ཟླ7པར་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་ཐོབ་ནས་བཙུགས་པ་དང་། སྤྱི་ལོ2003ལོའི་ཟླ12པར་སློབ་གསོ་པུའུ་ཡིས་ལེའོ་ཉིང་དགེ་འོས་སློབ་ཆེན་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མར་གཏན་འཁེལ་བྱས། ད་ལྟ་སློབ་གྲྭར་སློབ་མ7400ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辽宁师范大学海华学院
དབྱིན་ཡིག་གི་མིང་།
Liaoning Normal University Haihua College
བཙུགས་ལོ།
སྤྱི་ལོ1999ལོར།
སློབ་གྲྭའི་རིགས་དབྱེ།
སྒེར་ཚུགས་སློབ་གླིང་།
གཞུང་ཕྱོགས་དྲ་གནས།
http://www.lshhxy.cn
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
1 སློབ་གླིང་གི་གནས་ཚུལ།

ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་དུ་ད་ལྟ་ཧྲེན་དབྱང་དང་ཀྲོང་ཧུ་བཅས་སློབ་ཁུལ་གཉིས་ཡོད་ལ། ཧྲེན་དབྱང་སློབ་ཁུལ་ནི་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཧུན་ནན་ཆུས་ཀྱི་ཆོན་ཡུན་ནུབ་ལམ་གཉིས་པའི་ཨང39པར་གནས་ཡོད། ཀྲོང་ཧུ་སློབ་ཁུལ་ནི་ལེའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་ཀྲོང་ཧུའི་མདུན་ཕྱོགས་ཀྱི་ཁྲོམ་གཞུང་ཨང117པར་གནས་ཡོད། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གི་མཛུབ་སྟོན་གཞིར་བཟུང་ནས་སྤྱི་ལོ2017ལོ་ནས་གསར་དུ་བསྡུས་པའི་སློབ་མ་ཀྲོང་ཧུ་སློབ་ཁུལ་དུ་སློབ་ཁྲིད་བྱེད་པར་ཐག་གིས་བཅད། དེ་བས་སློབ་གྲྭའི་སློབ་ཁྲིད་ཀྱི་གཙོ་གནད་ཀྱང་ཧྲེན་དབྱང་སློབ་ཁུལ་ནས་རིམ་གྱིས་ཀྲོང་ཧུ་སློབ་ཁུལ་དུ་སྤོར་དགོས་བྱུང་།

སློབ་གླིང་གི་ས་རྒྱའི་རྒྱ་ཁྱོན་ལ་མུའུ1300ཟིན་པ་དང་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི40ལྷག་ཙམ་ཉར་ཚགས་བྱས་ཡོད། སློབ་གླིང་གི་དཔེ་མཛོད་ཁང་དང་། སྒྱུ་རྩལ་ལྟེ་གནས། དཔེ་གཟིགས་ཁང་། སྨྱན་གཟུགས་སློབ་ཁང་། རྩིས་འཁོར་ཚོད་ལྟ་ཁང་། རྩིས་འཁོར་སློབ་ཁང་། སྐད་གདངས་ཚོད་ལྟ་ཁང་། ལད་ཟློས་ཁྲིམས་ར། རྩིས་གཉེར་ཆེད་ལས་ཚོད་ལྟ་ཁང་། རི་མོ་ཁང་། པར་ལེན་ཚོད་ལྟ་ཁང་སོགས་སློབ་ཁྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་ཕུལ་དུ་བྱུང་བ་ཡོད། ལུས་རྩལ་ཐང་དང་། ལུས་རྩལ་ཁང་། རྐང་རྩེད་སྤོ་ལོ་ཐང་། སློབ་ཆེན་སློབ་མའི་བྱ་འགུལ་ལྟེ་གནས། ཚོམས་ཆེན་སོགས་ལུས་རྩལ་དང་རིག་གནས་ཀྱི་སྒྲིག་བཀོད་ཆ་ཚང་ཡོད་པ་མ་ཟད། སློབ་མའི་ལས་ཤག་དང་། བཟའ་བཏུང་ལྟེ་གནས། ལུས་འཁྲུད་ལྟེ་གནས། སྒོ་རྩིས་ཚོང་ཁང་སོགས་འཚོ་བའི་སྒྲིག་བཀོད་དང་ཞབས་ཞུའི་འཐུས་སྒོ་ཡང་ཕུན་སུམ་ཚོགས་པོ་ཡོད།

2 སློབ་གཉེར་ལོ་རྒྱུས།

ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་ནི་སྤྱི་ལོ1999ལོར་ལེའོ་ཉིང་དགེ་འོས་སློབ་ཆེན་གྱིས་སློབ་གཉེར་གཞི་རྒྱ་ཆེ་རུ་གཏོང་ཆེད་བཙུགས་པའི་ཡན་ལག་སློབ་གླིང་ཞིག་ཡིན།

སྤྱི་ལོ2001ལོར་ལེའོ་ཉིང་ཁྲལ་དོན་མཐོ་རིམ་ཆེད་ཚན་སློབ་གྲྭར་མཉམ་ལས་བྱས་ནས། ལེའོ་ཉིང་དགེ་འོས་སློབ་ཆེན་ཡན་ལག་སློབ་གྲྭ་བཙུགས་པ་དང་ལོ་དེར་ཆེད་ལས་བཞི་ཡི་སློབ་མ541བསྡུས།

སྤྱི་ལོ2002ལོའི་ཟླ6པར། ལེའོ་ཉིང་དགེ་འོས་སློབ་ཆེན་ཡན་ལག་སློབ་གྲྭ་ཏཱ་ལེན་གྲོང་ཁྱེར་ཧྲ་ཧོ་ཁོའུ་ཆུས་ཧྥུའུ་མིན་ལམ་དུ་སྤོས་ནས་ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་དུ་བསྒྱུར།

སྤྱི་ལོ2003ལོའི་ཟླ12པར་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་སྒེར་ཚུགས་སློབ་གླིང་དུ་ངོས་འཛིན་བྱས།

སྤྱི་ལོ2004ལོར་ཆེད་ལས་འཕར་སྣོན་བྱུང་བ་དང་བསྟུན། ཏཱ་ལེན་སློབ་འབྲིང་བཅུ་བཞི་པའི་སློབ་གྲྭའི་ཁང་པ་ཁག་ཅིག་གླས་ནས་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་ཡན་ལག་ཁང་བཙུགས། ལོ་དེར་རྒྱའི་སྐད་ཡིག་རྩོམ་རིག་སོགས་ཆེད་ལས་གསུམ་གྱི་སློབ་མ164བསྡུས།

སྤྱི་ལོ2009ནས་བཟུང་ཧྲེན་དབྱང་སློབ་ཁུལ་དུ་སློབ་གཉེར་བྱེད་འགོ་ཚུགས། ཧྲེན་དབྱང་སློབ་ཁུལ་ནི་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཏུང་ལིང་ཆུས་པའེ་ཐཱ་ཁྲོམ་གཞུང་ཨང380-3པར་ཡོད།

སྤྱི་ལོ2017ལོར་ལེའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་ཀྲོང་ཧུ་ཁྲོམ་ཆེན་ཨང117པའི་ཀྲོང་ཧུ་སློབ་ཁུལ་གསར་བར་གནས་སྤོར་བྱས།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད། 

ལེའོ་ཉིང་དགེ་འོས་སློབ་ཆེན་ཧའེ་ཧྭ་སློབ་གླིང་དུ་ཁྲིམས་ལུགས་རིག་པ་དང་། རྩོམ་རིག བཟོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན5བཙུགས་ཡོད། དངོས་གཞིའི་སྡེ་ཁག་ལ་ཆེད་ལས14བཙུགས་ཡོད་དེ། གསར་འགྱུར་རིག་པ་དང་། ཁྲིམས་ལུགས་རིག་པ། རྒྱའི་སྐད་ཀྱི་རྩོམ་རིག བརྡ་ཁྱབ་རིག་པ། དྲ་རྒྱ་དང་སྨྱན་སྦྱོར་རིག་པ། དབྱིན་ཡིག ཉི་ཧོང་གི་སྐད། ཡུལ་སྐོར་དོ་དམ། རྩིས་བཤེར་རིག་པ། དཔེ་མཛོད་ཁང་རིག་པ། རྩིས་འཁོར་ཚན་རིག་དང་ལག་རྩལ། གྲངས་འཛིན་སྨྱན་སྦྱོར་ལག་རྩལ། ཁོར་ཡུག་ཇུས་འགོད་སོགས་ཀྱི་ཆེད་ལས་བཙུགས་ཡོད་པ་མ་ཟད། སློབ་མ་བསྡུ་བའི་ཁ་ཕྱོགས་ཀྱང་རྒྱལ་ཡོངས་ལ་ཁ་གཏད་ནས་བསྡུ་བཞིན་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

ཆེད་བསྐོས་དགེ་རྒན351ཡོད་པའི་ནང་དགེ་རྒན་ཆེན་མོ་རྒན་གཞོན་གྱིས27.1%བཟུང་བ་དང་རབ་འབྱམས་པའི་སློབ་གནས་ཡན་གྱི་དགེ་རྒན་གྱིས71.5%བཟུང་ཡོད།