ཏཱ་ལེན་གསོ་རིག་སློབ་ཆེན་ཀྲུང་ཧྲན་སློབ་གླིང་།སྔ་མའི་པར་གཞི་དེ ལྷ་དབང་རྡོ་རྗེ།  ནས 2020-08-26 11:55ལ་འགྲུབ།

ཏཱ་ལེན་གསོ་རིག་སློབ་ཆེན་ཀྲུང་ཧྲན་སློབ་གླིང་།

ཏཱ་ལེན་གསོ་རིག་སློབ་ཆེན་ཀྲུང་ཧྲན་སློབ་གླིང་།
ཏཱ་ལེན་གསོ་རིག་སློབ་ཆེན་ཀྲུང་ཧྲན་སློབ་གླིང་ནི་ལེའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་དུ་གནས་ཡོད་ལ། སློབ་གླིང་འདི་ནི་ཏཱ་ལེན་གསོ་རིག་སློབ་ཆེན་དང་ཏཱ་ལེན་ཅིན་ཀྲེན་ཡོན་ཚོགས་པས་མཉམ་འབྲེལ་གྱིས་གཉེར་བའི་སྒེར་ཚུགས་ཀྱི་སློབ་གླིང་ཞིག་ཡིན། སློབ་གླིང་འདི་སྤྱི་ལོ1999ལོའི་ཟླ7པར་བཙུགས་པའི་ཏཱ་ལེན་གསོ་རིག་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ3པར་མིང་ལ་ཏཱ་ལེན་གསོ་རིག་སློབ་ཆེན་ཀྲུང་ཧྲན་སློབ་གླིང་ཞེས་བསྒྱུར། སློབ་གྲྭར་ཆེད་བསྐོས་དགེ་རྒན363དང་སློབ་མ4000ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大连医科大学中山学院
དབྱིན་ཡིག་གི་མིང་།
Zhongshan College of Dalian Medical University
བཙུགས་ལོ།
སྤྱི་ལོ1999ལོའི་ཟླ7པའི་ནང་བཙུགས།
རྣམ་པ།
གསོ་རིག
སློབ་སྒྲུབ་ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་སློབ་གྲྭ་དཀྱུས་མ།
སློབ་གྲྭའི་ཚབ་ཨང་།
13212
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་།
དངོས་གཞིའི་ཆེད་ལས།
20ཡོད།
གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་ཀའོ་ཞིན་ཆུས་འེ་ཞན་ཁྲོམ་གཞུང་ཨང28པ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
རྒྱལ་སྤྱིའི་ནད་སྐྱོང་སློབ་གླིང་། བདེ་ཐང་སླར་གསོའི་ལས་གྲྭའི་སློབ་གླིང་། ཉེར་སྤྱོད་ལག་རྩལ་སློབ་གླིང་། རྩིས་འཁོར་ལས་གྲྭའི་སློབ་གླིང་སོགས།
1 སློབ་གཉེར་ལོ་རྒྱུས།

སྤྱི་ལོ1999ལོའི་ཟླ7པར། ལེའོ་ཉིན་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་ཏཱ་ལེན་གསོ་རིག་སློབ་ཆེན་ཡན་ལག་སློབ་གྲྭ་བཙུགས།

སྤྱི་ལོ2001ལོའི་ཟླ4པར་སློབ་གླིང་གིས་ནད་སྐྱོང་སྡེ་ཁག་གསར་དུ་བཙུགས།

སྤྱི་ལོ2004ལོའི་ཟླ3པའི་ཚེས18ཉིན། སློབ་གསོ་པུའུ་ཡིས་ཏཱ་ལེན་གསོ་རིག་སློབ་ཆེན་ཀྲུང་ཧྲན་སློབ་གླིང་སྒེར་ཚུགས་ཀྱི་སློབ་གླིང་ཞིག་ཡིན་པར་གཏན་འཁེལ་བྱས།

སྤྱི་ལོ2008ལོར་སློབ་གླིང་གིས་སྒྱུ་རྩལ་ཇུས་འགོད་སློབ་གླིང་བཙུགས།

སྤྱི་ལོ2013ལོར་སློབ་གླིང་གིས་ནད་སྐྱོང་སློབ་གླིང་དང་། བདེ་ཐང་སླར་གསོའི་ལས་གྲྭའི་སློབ་གླིང་། དོ་དམ་སློབ་གླིང་། རྩིས་འཁོར་དང་ཆ་འཕྲིན་ལས་གྲྭའི་སློབ་གླིང་བཅས་གསར་དུ་བཙུགས།

སྤྱི་ལོ2014ལོར་སློབ་གླིང་གིས་ཉེར་སྤྱོད་ལག་རྩལ་སློབ་གླིང་བཙུགས།

སྤྱི་ལོ2015ལོའི་ཟླ3པར་ནད་སྐྱོང་སློབ་གླིང་གི་མིང་ལ་རྒྱལ་སྤྱིའི་ནད་སྐྱོང་སློབ་གླིང་ཞེས་བསྒྱུར།

སྤྱི་ལོ2017ལོའི་ཟླ3པར་སློབ་གླིང་གིས་སྨན་རྫས་རིག་པའི་སྡེ་ཁག་བཙུགས་པ་དང་། ཟླ4པར། སློབ་གླིང་གི་རྩིས་འཁོར་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་ལ་རྩིས་འཁོར་བཟོ་སྐྲུན་སློབ་གླིང་ཞེས་མིང་བསྒྱུར། 

2 སློབ་སྒྲུབ་ཆ་རྐྱེན།    
2_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2019ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་ཁྲིད་སྡེ་ཁག16དང་དངོས་གཞིའི་ཚན་ཁག་གི་ཆེད་ལས20བཙུགས་ཡོད། བཟོ་རིག་དང་། དོ་དམ་རིག་པ། གསོ་བ་རིག་པ། སློབ་གསོ་རིག་པ། སྒྱུ་རྩལ་རིག་པ་བཅས་རིག་ཚན5ཡོད།

2_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན363ཡོད་པའི་ནང་དགེ་རྒན་ཆེན་མོ72དང་དགེ་རྒན་ཆེན་མོ་གཞོན་པ117ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན7བཅས་ཡོད།

སྤྱི་ལོ2015ལོར་སློབ་གླིང་གི་དགེ་རྒན5ཞིང་ཆེན་རིམ་པའི་ཆེད་ལས་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས།

2_3 སློབ་ཁྲིད་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་གནས་ཐོག་མངོན་པར་གཞིགས་ན། སློབ་གླིང་གིས་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་བྱ་དགའ26བླངས་ཡོད།

སྤྱི་ལོ2015ལོའི་ཟླ6པར་སློབ་གླིང་ལ་ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གསོ་སློབ་ཚོགས་ཀྱི་ཕུལ་བྱུང་རིག་གཞུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ2ཐོབ།

སྤྱི་ལོ2018ལོར་སློབ་གླིང་གི་དགེ་རྒན1ལ་རྒྱལ་ཡོངས་གསོ་རིག་སློབ་གླིང་གི་ན་གཞོན་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། ཟླ3པར་སློབ་གླིང་ལ་ལེའོ་ཉིང་ཞིང་ཆེན་མཐོ་རིམ་སློབ་གསོ་སློབ་ཚོགས་ཀྱི་སྤྱི་ལོ2017ལོའི་ལོ་རེའི་རིག་གཞུང་ཚོགས་ཐོག་ཏུ་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ།     

སྤྱི་ལོ2018ལོའི་ཟླ12པའི་ནང་། ལོ་འཁོར་རེའི་ལེའོ་ཉིང་ཞིང་ཆེན་གྱི་མཐོ་རིམ་སློབ་གསོ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སྒྱུར་བཅོས་ཞིབ་འཇུག་ལས་གཞི6ལ་ཆོག་མཆན་ཐོབ།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2010ལོ་ནས་སྤྱི་ལོ2017ལོའི་བར་སློབ་གླིང་གི་ལས་གཞི་མང་པོ་ཞིག་ཞིང་ཆེན་རིམ་པའི་ལས་གཞིའི་ཁོངས་སུ་ཚུད། དེའི་ནང་ཞིང་ཆེན་རིམ་པའི་མི་ཚུལ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་གཞི2དང་ཞིང་ཆེན་རིམ་པའི་ཚན་རིག་ལག་རྩལ་ཞིབ་འཇུག་ལས་གཞི4བཅས་ཡོད།

3_2 ཞིང་ཆེན་རིམ་པའི་མི་ཚུལ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལས་གཞི།

བརྗོད་བྱ་གཙོ་བོའི་སློབ་གསོའི་དྲ་ཚིགས་སོགས་སྨྱན་སྦྱོར་གསར་པས་སློབ་ཆེན་སློབ་མའི་བསམ་བློའི་གོ་རྟོགས་ཐད་ཀྱི་སློབ་གསོའི་ནུས་པར་ཞིབ་འཇུག་དང་སེམས་ཁམས་རིག་པའི་མིག་རྒྱང་འོག་མཐོ་སློབ་ཀྱིས་མི་སྣ་གསོ་སྐྱོང་བྱེད་སྟངས་བཅས་ལས་གཞི2ཡོད།

3_3 ཚན་རིག་ལག་རྩལ་ཞིབ་འཇུག་ལས་གཞི། 

ནོར་འཐུས་དྲ་རྒྱའི་ནང་གི་ཁྱབ་ཁུལ་རང་བཞིན་དང་ཁྱབ་མཆེད་རང་བཞིན་གྱི་ཞིབ་འཇུག་དང་། microRNA-30eཡིསSOX9རྒྱུད་རྒྱུ་མཚོན་པའི་ཆུ་ཚད་ཐད་ཀར་སྙོམས་སྒྲིག་བྱས་ཏེ་ཕྲ་ཕུང་ཆུང་བའི་གློ་སྐྲན་སྐྱེ་འཕེལ་དང་གནོད་འཚེ་གཏོང་ནུས་ལ་ཤུགས་རྐྱེན་ཐེབས་པའི་ཞིབ་འཇུག དྲ་རྒྱའི་གྲུབ་ཆའི་ཁྲོད་ཀྱི་ཁྱབ་ཁུལ་རང་བཞིན་དང་ཁྱབ་མཆེད་རང་བཞིན་གྱི་ཞིབ་འཇུག་བཅས་ཡོད།

དཔྱད་གཞིའི་ཡིག་ཆ།