ནན་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-08-10 15:20ལ་འགྲུབ།

ནན་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན།

ནན་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན།
ནན་ཅིན་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་ནི(NanjingUniversityofAeronauticsandAstronautics) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཐད་གཏོགས་ཀྱི་མཁའ་འགྲུལ་མཁའ་སྐྱོད་ཀྱི་ཁྱད་ཆོས་ལྡན་པ་དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི“འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་མཐོ་རིམ་སློབ་གྲྭ”ཡིན། རྒྱལ་ཁབ་ཀྱི“211ལས་གཞི”དང“985ལས་གཞིའི་ལེགས་ཆ་ལྡན་པའི་རིག་ཚན་གསར་གཏོད་ལས་སྟེགས”ཀྱི་གཙོ་གནད་འཛུགས་སྐྲུན་མཐོ་སློབ། རྒྱལ་ཁབ་ཀྱི“111འཆར་གཞི”དང་། ཕུལ་བྱུང་བཟོ་བཀོད་ཆེ་མོ་བ་སློབ་གསོ་གསོ་སྦྱོང་འཆར་གཞི། རྒྱལ་ཁབ་ཀྱིས་ཆུ་ཚད་མཐོ་བའི་སློབ་ཆེན་གྱི་གཞུང་མངགས་ཞིབ་འཇུག་སློབ་མའི་རྣམ་གྲངས། བཟོ་རིག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས། ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་སློབ་མ་བསྡུ་ལེན་བྱེད་པའི་སློབ་གླིང་། རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི་བཅས་ཡིན། སྤྱི་ལོ2019ལོའི་ཟླ་དང་པོའི་བར། དཔེ་མཛོད་ཁང་གིས་པར་སྐྲུན་རྣམ་པའི་ཚད་ལྡན་ཡིག་ཆ་ཁྲི278ལྷག་ཙམ་དང་གློག་རྡུལ་དང་གྲངས་འཛིན་རྣམ་པའི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ཐོན་ཁུངས་སྣ་ཚོགས་ཁྲི1120ལྷག་ཙམ་ཉར་ཚགས་བྱས། སློབ་གླིང16དང་དངོས་གཞིའི་ཚན་ཁག་གི་ཆེད་ལས58ཡོད། རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན2དང་རིམ་པ་གཉིས་པའི་རིག་ཚན་གྱི་རྒྱལ་ཁབ་གཙོ་གནད་རིག་ཚན9 དགེ་རྒན་དང་ལས་བཟོ་པ3131 ཡོན་ཧྲི་དང་དེ་བཞིན་གདན་འདྲེན་ཞུས་པའི་ཡོན་ཧྲི11ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京航空航天大学
ཕྱི་ཡིག་གི་མིང་།
Nanjing University of Aeronautics and Astronautics
བསྡུས་མིང་།
ནན་ཧང{NUAA}
བཙུགས་ལོ།
སྤྱི་ལོ1952ལོའི་ཟླ10པ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།
སློབ་གྲྭའི་ཚབ་ཨང་།
10287
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1951ལོའི་ཟླ11པར། མཁའ་སྐྱོད་བཟོ་ལས་ཅུས་ཀྱིས་ནན་ཅིན511བཟོ་གྲྭ་རུ་ནན་ཅིན་སློབ་གྲྭ་འཛུགས་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས་སློབ་གྲྭ་འཛུགས་གྲབས་བྱས།

སྤྱི་ལོ1952ལོའི་ཟླ6པར་སློབ་གྲྭའི་མིང་ནན་ཅིང་མཁའ་འགྲུལ་བཟོ་ལས་ཆེད་ཚན་སློབ་གྲྭར་གཏན་འཁེལ་བྱས།

སྤྱི་ལོ1993ལོར་ནན་ཅིང་མཁའ་འགྲུལ་སློབ་གླིང་གི་མིང་ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དུ་བསྒྱུར།

སྤྱི་ལོ1997ལོའི་ཟླ་12པར་རྒྱལ་ཁབ་ཀྱི“211ལས་གཞིའི”གཙོ་གནད་འཛུགས་སྐྲུན་གྱི་གྲལ་དུ་ཚུད་ཡོད།

སྤྱི་ལོ1998ལོར་ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་དམག་དཔོན་ལུའུ་སློབ་ཁུལ་བཙུགས།

སྤྱི་ལོ2000ལོར་སློབ་གསོ་པུའུ་ཡིས་ཞིབ་འཇུག་སློབ་མའི་སློབ་གླིང་འཛུགས་རྒྱུའི་ཆོག་མཆན་སྤྲད།

སྤྱི་ལོ2006ལོར་རྒྱལ་ཁབ་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞིར་བདམས།

སྤྱི་ལོ2019ལོའི་ཟླ་དང་པོར་སློབ་གྲྭ་དེ་བཟོ་ལས་ཆ་འཕྲིན་ཅན་པུའུ་དང་སློབ་གསོ་པུའུ། ཅང་སུའུ་ཞིང་ཆེན་བཅས་གྱིས་མཉམ་སྐྲུན་བྱས་པའི“རྩེ་གྲ་གཉིས”འཛུགས་སྐྲུན་གྱི་མཐོ་སློབ་ཏུ་གྱུར།

སྤྱི་ལོ2019ལོའི་ཟླ9པར་ནན་ཅིང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སློབ་ཆེན་ཐེན་མུའུ་ཧུའུ་སློབ་ཁུལ་བཙུགས་པ་དང་འབྲེལ་སྤྱོད་འགོ་ཚུགས།

2 སློབ་གཉེར་རྒྱ་ཁྱོན།
2_1 དགེ་རྒན་གྱི་དཔུང་ཁག

སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ3131ཡོད་པའི་ནང་ཆེད་བསྐོས་དགེ་རྒན1845ཡོད། ཆེད་བསྐོས་དགེ་རྒན་ཁྲོད་མཐོ་རིམ་གོ་མིང་མི1260ཡོད། འབུམ་རམས་པའི་མཛུབ་སྟོན་དགེ་རྒན516དང་། ཡོན་ཧྲི་དང་གདན་འདྲེན་ཞུས་པའི་ཡོན་ཧྲི11 ཕུལ་བྱུང་གཞོན་ནུའི་ཐེབས་རྩ་ཐོབ་མཁན8 རྒྱལ་ཡོངས་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན4  རྒྱལ་ཁབ་རིམ་པ་དང་ཞིང་ཆེན། པུའུ་རིམ་པའི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་ཆེད་མཁས་པ26 རྒྱལ་ཁབ་དང་ཞིང་ཆེན་དང་པུའུ་རིམ་པའི་ཤེས་ལྡན་མི་སྣ་སྣ་ཚོགས་ཀྱི་འཆར་གཞིའི་མི་ཐེངས600ལྷག་ཙམ་བདམས་ཐོན་བྱུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ147དང་། རྒྱལ་ཁབ་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ5 བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཞིབ་འཇུག་རྣམ་པའི་སློབ་ཁྲིད་གསར་གཏོད་ཚོགས་པ3བཅས་ཡོད།

2_2 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན11ཡོད་པ་དང་། རྒྱལ་ཁབ་ཀྱི་སྤུས་ལེགས་བརྙན་འཕྲིན་ཡོངས་བསྒྲགས་སློབ་ཚན6 འཛུགས་སྐྲུན་རྣམ་གྲངས6 རྒྱལ་ཁབ་ཀྱི་སྤུས་དག་དྲ་ཐོག་སྒོ་འབྱེད་སློབ་ཚན10 རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ2 རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས(འཛུགས་སྐྲུན་བྱེད་གནས)6 བཟོ་འཕྲིན་པུའུ་ཡི་གཙོ་གནད་ཆེད་ལས8 རྒྱལ་སྲུང་གི་གཙོ་གནད་ཆེད་ལས་དང་དཀོན་ཤོས་ཀྱི་ཆེད་ལས(ཁ་ཕྱོགས)7 རྒྱལ་ཁབ་བཟོ་རིག་གི་རྨང་གཞིའི་སློབ་ཚན་སློབ་ཁྲིད་རྟེན་གཞི2 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས4བཅས་ཡོད།

2_3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ་དང་པོའི་བར། སློབ་གྲྭར་རབ་འབྱམས་པའི་རིམ་པ་དང་པོའི་རིག་ཚན་དབང་བཅོལ་བྱེད་ས33དང་། འབུམ་རམས་པའི་རིམ་པ་དང་པོའི་རིག་ཚན་དབང་བཅོལ་བྱེད་ས17 འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས16 རིམ་པ་དང་པོའི་རིག་ཚན་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན2 རིམ་པ་གཉིས་པའི་རིག་གཞུང་ཚན་ཁག་གི་རྒྱལ་ཁབ་གཙོ་གནད་རིག་ཚན9 རྒྱལ་ཁབ་ཀྱི་གཙོ་གནད(གསོ་སྐྱོང)རིག་ཚན2 རྒྱལ་སྲུང་གི་ཁྱད་ཆོས་ལྡན་པའི་རིག་ཚན10  ཅང་སུའུ་ཡི་མཐོ་རིམ་སློབ་གྲྭའི་དགེ་མཚན་ལྡན་པའི་རིག་ཚན8 ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་རིམ་སྟར་རིག་ཚན3 ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་རིག་ཚན8བཅས་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་ལས་ཁུངས།

སྤྱི་ལོ2019ལོའི་ཟླ་དང་པོའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང3ཡོད། ཞིང་ཆེན་དང་པུའུ་ཡིས་མཉམ་སྒྲུབ་གསར་གཏོད་ལྟེ་གནས1དང་། སློབ་གསོ་པུའུ་ཡི“རྒྱལ་ཁབ་དང་ས་ཁོངས་ཞིབ་འཇུག”ལྟེ་གནས1 རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་ལས་གྲྭའི་ཚོད་ལྟ་ཁང1བཅས་ཡོད། རྒྱལ་སྲུང་ཚན་རྩལ་བཟོ་ལས་ལག་རྩལ་ཞིབ་འཇུག་བཀོལ་སྤྱོད་ལྟེ་གནས1དང་། བཟོ་འཕྲིན་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང6 རྒྱལ་ཁབ་རིག་གནས་ཐོན་ལས་ཞིབ་འཇུག་ལྟེ་གནས1 རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས5 པུའུ་རིམ་པའི་ཚན་ཞིབ་ལས་སྟེགས71བཅས་ཡོད།

4 ད་ལྟའི་འགོ་ཁྲིད།

ཀྲིན་ཡོན་ཨན། ཏང་ཨུའི་ཧྲུའུ་ཅི་ཀྲན་ཀྲེང་ཡུང་ཨན།

ཏེན་ཀྲུང་ཏེ།   སློབ་གྲྭའི་འགོ་འཛིན་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ།


དཔྱད་གཞིའི་ཡིག་ཆ།