ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-08-06 14:48ལ་འགྲུབ།

ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་།

ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་།
ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་ནི་སྤྱི་ལོ1997ལོར་བཙུགས་པ་རེད། ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ལ་ཐོ་འགོད་སྙན་ཞུ་ཞུས་པས། རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་སློབ་རིམ་ལག་ཁྱེར་རང་ཚུགས་ཀྱིས་སྤྲོད་པའི་ཐོབ་ཐང་ཡོད། རྒྱལ་ཁབ་ཀྱི་འཆར་གཞིའི་ནང་བཅུག་ནས་སློབ་མ་བསྡུ་བའི་དམངས་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ནུས་རྒྱུ་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་སློབ་དཀྱུས་མ་ཞིག་ཡིན། སློབ་གླིང་གི་འོག་ཏུ་ནུས་ཁུངས་སྒུལ་ཤུགས་ཚན་ཁག་དང་། གློག་ཤུགས་བཟོ་སྐྲུན་ཚན་ཁགས་སྣུམ་རྫས་འགྱུར་བཟོ་ལས་ཚན་ཁག ཨར་ལས་བཟོ་སྐྲུན་ཚན་ཁག འགྲིམ་འགྲུལ་སྐྱེལ་འདྲེན་ཚན་ཁག ཨར་ལས་ལས་རིགས་ལག་རྩལ་སློབ་གྲྭ(འབྲིང་རིམ་ཆེད་ལས་སློབ་གྲྭ)དང་མཐོ་རིམ་རྒྱུན་མཐུད་སློབ་གསོའི་སློབ་གླིང་བཅས་བཙུགས་ཡོད། གྲོང་ཁྱེར་གྱི་ཚ་ནུས་དང་། རྡོ་སྣུམ། རྡོ་སོལ། གློག་ཤུགས་དོ་དམ་སོགས་ཧ་ཅང་དཀོན་པའི“མངགས་ཐོའི”ཆེད་ལས་ཀྱི་ཁྱད་ཆོས་དང་སྤུས་རྟགས་ཆེད་ལས20ལྷག་ཙམ་བཀོད་སྒྲིག་བྱས་ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཆིག་སྟོང་ལྷག་ཙམ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་བཅུ་ལྷག་ཙམ་ནས་ཡོང་བ་ཡིན། སློབ་གླིང་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་གནས་ཡོད། ས་ཁྱོན་མུའུ150ལྷག་ཙམ་བཟུང་བ་དང་། སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5ལྷག་ཙམ་ཡོད། སློབ་གྲྭའི་དྲ་བ་དང་། སྨྱན་མང་གཟུགས་སྟོན། གློག་རྡུལ་ལྟ་ཀློག་སོགས་སྔོན་ཐོན་སློབ་ཁྲིད་སྒྲིག་ཆས་ཡོད་པ་རེད། སློབ་གཉེར་བྱས་ཚུན་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་མཐར་ཕྱིན་སློབ་མ་ཁྲི་ཙམ་བཏང་ནས་གཙོ་བོ་ལྗོངས་ཕྱི་ནང་གི་གློག་ཤུགས་དང་ནུས་རྒྱུ་གསར་པའི་ལས་རིགས་སུ་ལས་ཀ་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内蒙古能源职业学院
དབྱིན་ཡིག་གི་མིང་།
Inner Mongolia Energy Vocational College
བསྡུས་མིང་།
ནང་སོག་ནུས་ཁུངས་ལས་རིགས་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1997ལོར།
རིགས་དབྱེ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
སློབ་གྲྭའི་རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
ཆེད་སྦྱོང་ཚན་ཁག་དཀྱུས་མའི་སློབ་གྲྭ་ཆེན་མོ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་ཧོ་ཧའོ་ཐེ།
སློབ་གཙོ།
ཀྲའོ་ཞའོ་ཧྥེང་།
གཙོ་གཉེར་ཚན་པ།
ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
སློབ་གྲྭའི་དམ་ཚིག
མཁས་མཛངས་ལྡན་ན་རང་ལ་ཡིད་ཆེས་བཟོད་སྒོམ།
སློབ་གླིང་དང་ཚན་ཁག་གཙོ་བོ།
གྲོང་ཁྱེར་གྱི་ཚ་ནུས་བེད་སྤྱོད་དང་། གློག་བཟོ་གྲྭའི་སྒྲིག་ཆས་འཁོར་སྐྱོད་དང་སྲུང་སྐྱོང་། གྲོང་ཁྱེར་གྱི་ཚ་ནུས་བེད་སྤྱོད་ལག་རྩལ་སོགས།
སློབ་གྲྭའི་གནས་ཡུལ།
ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྲོང་ཁུལ་གསར་པའི་ཤིན་ཉི་ལམ།
སློབ་གྲྭའི་ཚབ་ཨང་།
14337
གཞུང་ཕྱོགས་དྲ་གནས།
http://www.nmpower.cn
1 སློབ་གླིང་སྲ་ཆས།     

སློབ་གླིང་གི་སློབ་གཉེར་ཆ་རྐྱེན་ལེགས་པ་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར2ཡོད་པ་བཅས་རེད། རྒྱ་ཁྱོན་མུའུ200ལྷག་ཙམ་ཡོད་པ་དང་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5ཡོད་པ་རེད། རིགས་ཁག་གི་དེང་རབས་ཅན་གྱི་སློབ་ཁྲིད་སྒྲིག་ཆས་སྒྲིག་བཀོད་ལ་མ་དངུལ་སྒོར་ཁྲི603.72ལྷག་ཙམ་བཏང་ནས་སློབ་གྲྭའི་དྲ་བ་དང་། སྨྱན་མང་གཟུགས་ཀྱི་འགྲེམས་སྟོན། གློག་རྡུལ་ལྟ་ཀློག་སོགས་སྔོན་ཐོན་སློབ་ཁྲིད་སྒྲིག་ཆས་ཡོད་པ་དང་དེ་བཞིན་སློབ་མར་དེ་བས་ལེགས་པའི་འཕེལ་རྒྱས་དང་སློབ་མའི་ལག་ལེན་གྱི་ནུས་པ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད། སློབ་གླིང་གིས་མ་དངུལ་སྒོར་ཁྲི700བཏང་ནས་ཅིན་ཁྲོན་གསར་སྤེལ་ཁུལ་དུ་སློབ་ཁྲིད་དངོས་སྦྱོང་བཟོ་གྲྭ་དང་། སློབ་ཁྲིད་དངོས་སྦྱོང་ཁང་། སློབ་ཁྲིད་ཚོད་ལྟ་ཁང་དངོས་སྦྱོང་ལྟེ་གནས་བཅས་བཙུགས་པ་རེད། སློབ་གླིང་གིས་སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས། སྤུས་ཚད་མཐོ་བ་དང་བྱང་ཚད་མཐོ་བའི་ཆེད་གཉེར་དགེ་རྒན་དཔུང་ཁག་དང་སློབ་ཁྲིད་དོ་དམ་དཔུང་ཁག་ཅིག་ཡོད་པ་དང་། ད་ལྟ་དགེ་རྒན84ཡོད། ད་ཡོད་དགེ་རྒན་ཁྲོད་མཐོ་རིམ་གོ་མིང་ཡོད་མཁན25ཡོད་པ་དེས་དགེ་རྒན་བསྡོམས་འབོར་གྱི29.8%བཟུང་ཡོད། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན14ཡོད་པ་དེས་དགེ་རྒན་བསྡོམས་འབོར་གྱི16.7%བཟུང་ཡོད།

2 སློབ་སྒྲུབ་ཁྱད་ཆོས།    

ནང་སོག་ནུས་རྒྱུ་ལས་རིགས་སློབ་གླིང་གི་སློབ་གཉེར་ཁྱད་ཆོས།     ངེད་སློབ་གླིང་གིས་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། སློབ་གྲྭས་གཉེར་བའི་ཐོན་ལས། བཟོ་སློབ་ཟུང་འབྲེལ། ལས་གནས་ཚབ་སྒྲུབ་དང་དངོས་སྦྱོང་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ལག་བསྟར་བྱས། ལག་ལེན་བྱེད་པ། སློབ་ཁྲིད། སློབ་སྦྱོང་། བྱ་བ་བཅས་གཞི་གཅིག་ཏུ་འགྱུར་བའི་སློབ་ཁྲིད་བྱེད་སྟངས་དང་། སློབ་གྲྭས་གཉེར་བའི་ཐོན་ལས་ཀྱིས་ཆེད་ལས་སློབ་མ་མང་ཆེ་བའི་དངོས་སྦྱོང་དང་དངོས་སྦྱོང་གི་བླང་བྱ་སྐོང་ཐུབ། སློབ་སྦྱོང་གི་ཁོར་ཡུག་ནི་ལས་ཀའི་ཁོར་ཡུག་ཡིན་པ་དང་། རྣམ་གྲངས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱོད་དགོས། སློབ་མའི་བརྩམས་ཆོས་ནི་ཁེ་ལས་ཀྱི་ཐོན་རྫས་ཡིན་པ་དང་། སློབ་མའི་ལག་ལེན་ནུས་རྩལ་ནི་ཁེ་ལས་ཀྱི་བབ་མཚུངས་ལས་གནས་ཀྱི་ལས་རིགས་ནུས་པ་ཡིན། དེང་རབས་ལས་རིགས་སློབ་གསོའི་འདུ་ཤེས་དང་དེང་རབས་ཁེ་ལས་ཀྱི་ཤེས་ལྡན་མི་སྣའི་ནུས་པའི་བླང་བྱ་དང་འཚམ་པར་བྱས་ཏེ། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གཉེར་ལམ་བུ་འཚོལ་ཞིབ་དང་ལག་ལེན་བྱ་དགོས།

3 དམིགས་འཛུགས་ལས་ཞུགས།     

སློབ་གླིང་གི་ལས་ཞུགས་བཀོད་སྒྲིག་ལས་དོན་དེ“སློབ་མར་འགན་འཁུར་བ་དང་ཁྱིམ་བདག་བློ་བདེ་པོ་ཡོང་བ་བྱེད་དགོས། ཁེ་ལས་བློ་ཡིད་ཚིམ་དུ་འཇུག་པའི”དམིགས་ཡུལ་ནི་སློབ་གླིང་གི་གཙོ་འགན་འཁུར་མཁན་ངོ་མས་སྣེ་ཁྲིད་དེ་ཚན་ཁག་ཁག་གི་ཀྲུའུ་རེན་དང་། ཆེད་བསྐོས་ཟུར་ཁྲིད་པ། ལས་ཞུགས་མཛུབ་ཁྲིད་པ། དེ་བཞིན“མངགས་ཐོའི”ཁེ་ལས་མི་ཤུགས་ཐོན་ཁུངས་སྤྱི་ཁྱབ་ལྟ་ཞིབ་པ་སོགས་ཀྱིས་མཐར་ཕྱིན་སློབ་མའི་ལས་ཐོག་སློབ་གསོ་དང་ལས་ཞུགས་བཀོད་སྒྲིག་གི་ཆེད་དོན་ཚོགས་ཆུང་དང་མཉམ་དུ་བཙུགས་པ་རེད། “གཅིག་གཏད་གཅིག”གི་ཚད་འབེབས་ཞབས་ཞུ་དང་ལས་རྗེས་དཔྱད་ཞིབ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་ཞུགས་བཀོད་སྒྲིག་ལས་ཀའི“ལས་ཞུགས་ཐུབ་ཚད་དང་། གླ་ཕོགས་མཐོ་བའི་ཚད། སྲ་བརྟན་ཡོང་ཚད། ཁེ་ལས་ཀྱི་བློ་ཡིད་ཚིམ་ཚད”དང་སློབ་གླིང་གི་སློབ་གཉེར་འགན་འཁྲི་འབྲེལ་མཐུད་དམ་ཟབ་ཐུབ་པའི་འགན་ལེན་བྱས་པ་རེད།    

སློབ་གླིང་གིས་རྒྱལ་ཁབ་ལ་དབང་བ་དང་དམངས་གཉེར་གྱི་ནུས་ཁུངས་ཁེ་ལས་ཆེ་གྲས་དང་ཚན་རིག་ཞིབ་འཇུག་ཁང་ལ་བརྟེན་ནས། ལོ་མང་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་འཐབ་ཇུས་མནའ་འབྲེལ་ཁེ་ལས་དང་མཉམ་དུ་དངོས་སྦྱོང་རྟེན་གཞི200ལྷག་ཙམ་བསྐྲུན་ཡོད། སློབ་གླིང་གིས་སློབ་བསྡུའི་འཆར་གཞིར་ཚོད་འཛིན་ནན་པོ་བྱས་ནས་སློབ་མའི་སྤུས་ཚད་ནན་པོ་སྲུང་དགོས། སློབ་གྲྭར་ཞུགས་པ་སྟེ་ལས་ཞུགས་གྲོས་མཐུན་ཡི་གེ་འཇོག་པ་དང་། བརྒྱུད་རིམ་ཧྲིལ་པོར་ཚད་འབེབས་ཞབས་ཞུ་དང་དོ་དམ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལྡན། “མངགས་ཐོའི”ཁེ་ལས་མང་པོའི་གཅེས་སེམས་ཟབ་མོ་ཐོབ་ནས་ཉེ་བའི་ལོ་ཤས་རིང་མཐར་ཕྱིན་སློབ་མའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད། སྤྱི་ལོ2013ལོར་གྲོང་ཁྱེར་གྱི་ཚ་ནུས་དང་། རྡོ་སྣུམ། རྡོ་སོལ། འོད་ཤུགས། གསོལ་རླངས། རྫས་འགྱུར་བཟོ་ལས། གློག་ཤུགས་དོ་དམ་སོགས་ཆེད་ལས་ཀྱི་སློབ་མ་གསར་པ་མངགས་ཟིན་པ་རེད། གནས་གཏན་འཁེལ་གྱི་ལས་ཞུགས་དེ་གཙོ་བོ་ནང་སོག་དང་། ཤིན་ཅང་། ཀན་སུའུ། ཧྲན་ཤིས། ཧྲའན་ཤིས། ཀྲེ་ཅང་། ཅང་སུའུ། ཧོ་པེ་བཅས་དང་དེ་བཞིན་པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཏ་ལེན། ཆིང་ཏའོ་སོགས་རྒྱལ་ཁབ་དང་ས་ཁུལ་དང་དེ་བཞིན་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་ཁག་ཏུ་ཁྱབ་ཡོད།

4 མཉམ་འབྲེལ་སློབ་གཉེར།     

སློབ་གླིང་གིས་ཏུང་པའེ་རྡོ་སྣུམ་སློབ་ཆེན། ཀྲུང་ནན་སློབ་ཆེན། ཧོ་པེ་ཚན་རྩལ་སློབ་ཆེན་སོགས་རྒྱལ་ནང་གི་སློབ་ཆེན་གྲགས་ཅན་དང་མཉམ་འབྲེལ་གྱིས་སློབ་གཉེར་བྱས། ཉེར་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་དགོས། ལག་ལེན་ལ་མཐོང་ཆེན་དང“ལག་རྟགས་གཉིས་ལྡན”གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བཙུགས་ཏེ། “འཇོན་མིའི་ཁྲོམ་ར”ཡི་ཁྲོད་ཀྱི་སློབ་མའི་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་།     སློབ་གླིང་གིས“མངགས་ཐོའི”གསོ་སྐྱོང་བྱ་ཐབས་ལག་ལེན་བསྟར་ནས་སློབ་མ་བསྡུ་བ་དང་ལས་ཞུགས་གཞི་གཅིག་ཅན་དུ་འགྱུར་བ་དང་ལྗོངས་ཕྱི་ནང་གི་ནུས་རྩལ་ཁང་གི་ཁེ་ལས80ལྷག་ཙམ་ལ་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གསོ་སྦྱོང་འབྲེལ་བ་ཡག་པོ་བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།