ཀྲ་ལན་ཐུན་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-07 11:11ལ་འགྲུབ།

ཀྲ་ལན་ཐུན་ལས་རིགས་སློབ་གླིང་།

ཀྲ་ལན་ཐུན་ལས་རིགས་སློབ་གླིང་།
ཀྲ་ལན་ཐུན་ལས་རིགས་སློབ་གླིང་ནི་ཀྲ་ལན་ཐུན་གྲོང་ཁྱེར་དུ་གནས་ཡོད། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་ནི་ཀྲ་ལན་ཐུན་ནགས་ལས་སློབ་གྲྭ་དང་། ཀྲ་ལན་ཐུན་ཞིང་ཕྱུགས་སློབ་གྲྭ ཀྲ་ལན་ཐུན་བྱིས་པའི་དགེ་ཐོན་སློབ་གྲྭ ཧུའུ་ལུན་པེར་འཕྲོད་བསྟེན་སློབ་གྲྭ་བཅས་ལས་གྲུབ་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎兰屯职业学院
དབྱིན་ཡིག་གི་མིང་།
Zhalantun Vocational College
བཙུགས་ལོ།
སྤྱི་ལོ2015ལོའི་ཟླ3པར།
ཁོངས་གཏོགས་ས་ཁུལ།
ནང་སོག་ཀྲ་ལན་ཐུན་གྲོང་ཁྱེར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གཙོ།
ཡིའུ་ཧྥིན་ཡུས།
གཙོ་གཉེར་ཚན་པ།
ཀྲུང་གོ་སློབ་གསོ་པུའུ།
གཞུང་ཕྱོགས་དྲ་གནས།
http://www.zltzyxy.com
1 སློབ་གྲྭའི་གནས་ཚུལ་མདོར་བསྡུས།

ཀྲ་ལན་ཐུན་ལས་རིགས་སློབ་གླིང་ནི་སྤྱི་ལོ2015ལོའི་ཟླ3པར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སྤྱི་ལོ2015ལོའི་ཟླ4པར་སློབ་གསོ་པུའུ་ཡིས་ཞིབ་མཆན་ཐོ་འགོད་བྱས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གཞུང་བཙུགས་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་རེད།     ཀྲ་ལན་ཐུན་ལས་རིགས་སློབ་གླིང་གིས་ད་ལྟ་ཧུའུ་ལུན་པེར་ལིན་ཏུང་ལས་རིགས་སློབ་གསོའི་ཚོགས་པའི་སྣེ་ཁྲིད་ཚན་པར་བདམས་པ་རེད། ནགས་ལས་ལག་རྩལ་དང་། སྐྱེད་ཚལ་ལག་རྩལ། ཕྱུགས་ལས་སྨན་བཅོས། སྔོ་ལྗང་ཟས་རིགས་ཐོན་སྐྱེད་དང་ཞིབ་དཔྱད། སློབ་སྔོན་སློབ་གསོ། ནད་གཡོག་སོགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ཆེད་ལས་དཀྱུས་མ6བཙུགས་ཡོད། དེ་དང་ཆབས་ཅིག་དེང་རབས་ནགས་ལས་ལག་རྩལ་དང་། སྐྱེད་ཚལ་ལག་རྩལ། ནགས་ལས་ལས་གྲྭའི་ཚད་ལེན། ཕྱུགས་ལས་སྨན་པ། ཞིང་ལས་རིག་པ། རྩྭ་ཐང་། གཉེར་སྐྱོང་དོ་དམ། བཟའ་བཅའི་ལས་གྲྭ རླངས་འཁོར་བེད་སྤྱོད་དང་སླར་གསོ། ཚ་ལའི་ལག་རྩལ་ཉེར་སྤྱོད། རྩིས་གཉེར་གློག་རྩིས་ཅན། ཡུལ་སྐོར་ཞབས་ཞུ་དང་དོ་དམ། སློབ་སྔོན་སློབ་གསོ། འགུལ་རིས་ཇུས་འགོད། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། འགུལ་སྐྱོད། རོལ་མོ། མཛེས་རིསམོ། བདག་སྐྱོང་། ཁ་སྦུག་བཟོ་རྩལ་ལག་རྩལ། སྨན་རྫས། ཐོན་སྐྱེད་རོགས་རམ། གྲོང་གསེབ་ཀྱི་གསོ་རིག ཀྲུང་ལུགས་གསོ་རིག གསོ་རིག་ཞིབ་བཤེར། གསོ་རིག་བརྙན་པར་ལག་རྩལ་སོགས་འབྲིང་རིམ་ཆེད་ལས33བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ5549ཡོད།     ཀྲ་ལན་ཐུན་ལས་རིགས་སློབ་གླིང་དུ་ད་ལྟ་དགེ་རྒན400ཡོད་པ་རེད། དེའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་དགེ་རྒན205དང་གཉིས་འཇོན་རྣམ་པའི་དགེ་རྒན113ཡོད། འབུམ་རམས་པ3དང་རབ་འབྱམས་པ66ཡོད། ད་དུང་མཐོ་རིམ་སློབ་གྲྭ་དང་། ཁེ་ལས། བྱ་ལས་སྡེ་ཁག་གཞན་དག་གིས་གདན་འདྲེན་ཞུས་པའི་ཆེད་མཁས་པ་དང་མཁས་དབང་། ཁེ་ལས་དོ་དམ་པ། ཆེད་ལས་ལག་རྩལ་མི་སྣ་བཅས་འགན་གཅིག་ལྕོགས་ཀྱི་དགེ་རྒན་བྱེད་ཀྱིན་ཡོད།

2 སློབ་སྒྲུབ་ཆ་རྐྱེན།
2_1 ཆེད་ལས་སྒྲིག་བཀོད།

ཀྲ་ལན་ཐུན་ལས་རིགས་སློབ་གླིང་གིས་ད་ལྟ་ཧུའུ་ལུན་པེར་ལིན་ཏུང་ལས་རིགས་སློབ་གསོའི་ཚོགས་པའི་སྣེ་ཁྲིད་ཚན་པར་བདམས་པ་རེད། ནགས་ལས་ལག་རྩལ་དང་། སྐྱེད་ཚལ་ལག་རྩལ། ཕྱུགས་ལས་སྨན་བཅོས། སྔོ་ལྗང་ཟས་རིགས་ཐོན་སྐྱེད་དང་ཞིབ་དཔྱད། སློབ་སྔོན་སློབ་གསོ། ནད་ཐོག་གསོ་རིག(སྤྱི་ལོ2019ལོའི་ཆེད་ལས་གསར་པ)ནད་གཡོག་སོགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ཆེད་ལས་དཀྱུས་མ6གཉེར་བཞིན་ཡོད། དེ་དང་ཆབས་ཅིག་དེང་རབས་ནགས་ལས་ལག་རྩལ་དང་། སྐྱེད་ཚལ་ལག་རྩལ། ནགས་ལས་ལས་གྲྭའི་ཚད་ལེན། ཕྱུགས་ལས་སྨན་པ། ཞིང་ལས་རིག་པ། རྩྭ་ཐང་། གཉེར་སྐྱོང་དོ་དམ། བཟའ་བཅའི་ལས་གྲྭ། རླངས་འཁོར་བེད་སྤྱོད་དང་སླར་གསོ། ཚ་ལའི་ལག་རྩལ་ཉེར་སྤྱོད། རྩིས་གཉེར་གློག་རྩིས་ཅན། ཡུལ་སྐོར་ཞབས་ཞུ་དང་དོ་དམ། སློབ་སྔོན་སློབ་གསོ། འགུལ་རིས་ཇུས་འགོད། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། སྦྱོང་བརྡར། རོལ་མོ། མཛེས་རིས། བདག་སྐྱོང་། ཁ་སྦུག་བཟོ་རྩལ་ལག་རྩལ། སྨན་རྫས། ཐོན་སྐྱེད་རོགས་རམ། གྲོང་གསེབ་ཀྱི་གསོ་རིག ཀྲུང་ལུགས་གསོ་རིག གསོ་རིག་ཞིབ་བཤེར། གསོ་རིག་བརྙན་པར་ལག་རྩལ་སོགས་འབྲིང་རིམ་ཆེད་ལས33བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ5549ཡོད།     

སྤྱི་ལོ2019ལོའི་ཟླ10པའི་ཚེས11ཉིན་སློབ་གྲྭ་དེའི་ནགས་ལས་ལག་རྩལ་ཆེད་ལས་དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་ནགས་རྩྭ་རིགས་ཀྱི་གཙོ་གནད་ཆེད་ལས་སྐྱེད་སྲིང་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད།

2_2 དགེ་རྒན་གྱི་དཔུང་སྡེ།

ཀྲ་ལན་ཐུན་ལས་རིགས་སློབ་གླིང་དུ་ད་ལྟ་དགེ་རྒན400ཡོད་པ་རེད། དེའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་དགེ་རྒན205དང་གཉིས་འཇོན་རྣམ་པའི་དགེ་རྒན113ཡོད། འབུམ་རམས་པ3དང་རབ་འབྱམས་པ66ཡོད། ད་དུང་མཐོ་རིམ་སློབ་གྲྭ་དང་། ཁེ་ལས། བྱ་ལས་སྡེ་ཚན་གཞན་དག་གིས་གདན་འདྲེན་ཞུས་པའི་ཆེད་མཁས་པ་དང་མཁས་དབང་། ཁེ་ལས་དོ་དམ་པ། ཆེད་ལས་ལག་རྩལ་མི་སྣ་བཅས་འགན་གཅིག་ལྕོགས་ཀྱི་དགེ་རྒན་བྱེད་ཀྱིན་ཡོད།

3 གོང་སྤེལ་འཆར་འགོད།

“ལོ་ལྔའི་འཆར་འགོད་ཨང་བཅུ་གསུམ་པའི”རིང་། ཀྲ་ལན་ཐུན་ལས་རིགས་སློབ་གླིང་གིས་ཧུའུ་ལུན་པེར་གྲོང་ཁྱེར་ལ་གཞི་ཚུགས་ཏེ་ལྗོངས་ཡོངས་དང་མཐའ་འཁོར་ཞིང་ཆེན་ལ་ཁྱབ་འགྱེད་བྱས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གསོ་གཙོ་བོར་འཛིན་པ་དང་། འབྲིང་རིམ་ལས་རིགས་སློབ་གསོ་དང་། དར་མའི་རྒྱུན་མཐུད་སློབ་གསོ། གསོ་སྦྱོང་བཅས་མཉམ་དུ་འཕེལ་རྒྱས་བཏང་ཡོད། མཐོ་རིམ་ལས་རིགས་སློབ་གསོའི་འདུ་ཤེས་འཛུགས་པ་དང་། སློབ་གསོ་སློབ་ཁྲིད་ཚད་ལྡན་དུ་གཏོང་བ། གཞི་རྩའི་འཛུགས་སྐྲུན་དང་སློབ་གསོའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་བཏང་ཡོད། མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་གྱི་ཚད་གཞིར་སླེབས་ནས་སྤྱི་ལོ2020ལོར་མཐོ་རིམ་ལས་རིགས་སློབ་གླིང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་དཔྱད་དཔོག་བྱ་རྒྱུ་ཡིན་པ་རེད།


དཔྱད་གཞིའི་ཡིག་ཆ།