ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-07 10:04ལ་འགྲུབ།

ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་།

ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་།
ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་དང་། ཨེར་ཏུའོ་སི་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས། ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཞིང་ཕྱུགས་སློབ་གྲྭའི་རྨང་གཞིའི་ཐོག་བཙུགས་པའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་གིས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་རིགས་ཀྱི་ཉེར་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཆེད་ལས་བཀོད་སྒྲིག་བྱས། ས་གནས་དེ་གར་གཞི་ཚུགས་པ་དང་། ནུབ་རྒྱུད་ལ་ཁ་ཕྱོགས་པ། ལྗོངས་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མཐོ་རིམ་ལས་རིགས་སློབ་གསོ་གཙོ་བོར་བྱེད་པ་དང་། འབྲིང་རིམ་ལས་རིགས་སློབ་གསོ་རམ་འདེགས་སུ་བྱེད་པ། དར་མའི་ཡིག་སྤྲིངས་སློབ་ཁྲིད་དང་གསོ་སྦྱོང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་སྣ་མང་སློབ་གཉེར་མ་ལག་ཅིག་ཡིན། ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་ནི་སྔོན་ཆད་སྤྱི་ལོ1978ལོར་ཏ་ལ་ཐེ་ཆི་རུ་བཙུགས་པའི་ཨེར་ཏུའོ་སིའི་ཞིང་ཕྱུགས་སློབ་གྲྭ་ཡིན། སྤྱི་ལོ2011ལོར་ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་དུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鄂尔多斯生态环境职业学院
བཙུགས་ལོ།
སྤྱི་ལོ1978ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རྣམ་པ།
མཐོ་རིམ་ལས་རིགས་སློབ་གླིང་།
ངོ་བོ།
རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ལས་རིགས་སློབ་གྲྭ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་ཨེར་ཏུའོ་སི།
སློབ་གཙོ།
ཧན་ཀོང་ཡོན།
སློབ་གྲྭའི་གནས་ཡུལ།
ཨར་ཏུའོ་སི་གྲོང་ཁྱེར་གྱི་ཁམས་པ་ཧྲི་ཁུལ་གསར་དུ་ཨར་ཏུའོ་སིའི་ལུས་རྩལ་ལྟེ་གནས་ལྷོ་ཨོར་ཏུའོ་སིའི་ལས་རིགས་སློབ་གླིང་གསར་སྐྲུན་བྱས།
གཙོ་གཉེར་ཚན་པ།
ནང་སོག་སློབ་གསོ་ཐིང་།
གཞུང་ཕྱོགས་དྲ་གནས།
http://www.ordosnmxx.com
1 ​སློབ་གླིང་ངོ་སྤྲོད།

ཨར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་གི་རྒྱ་ཁྱོན་མུའུ1000ལྷག་ཙམ་ཡོད་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི17.66ཡོད།     

དངོས་སྦྱོང་ཐོག་ཁང་དང་། རླུང་འཚུབ་ལུས་རྩལ་ཐང་། བཟའ་བཏུང་ལྟེ་གནས། དགེ་སློབ་ཞབས་ཞུ་ལྟེ་གནས། སློབ་མའི་ཉལ་ཁང་། དགེ་རྒན་གྱི་ལས་ཤག་སོགས་བཟོ་སྐྲུན་རྐྱང་པ22ལས་གྲུབ། སློབ་མ5000ཤོང་ཐུབ་པ་ནི་བཀོད་སྒྲིག་ལུགས་མཐུན་དང་། སྒྲིག་བཀོད་འཐུས་སྒོ་ཚང་བ། ཁོར་ཡུག་མཛེས་པ་བཅས་ཀྱི་ཚད་གཞི་མཐོ་བའི་སྐྱེད་ཚལ་རྣམ་པའི་སློབ་གྲྭ་ཞིག་རེད།     སློབ་གླིང་གི་དགེ་རྒན་གྱི་སྟོབས་ཤུགས་ཆེ་ཞིང་། ད་ལྟ་དགེ་རྒན་དང་ལས་བཟོ་པ260ཡོད། དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ34དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་པའི་དགེ་རྒན114ཡོད། གཉིས་མཁས་ཅན་གྱི་དགེ་རྒན42ཡོད།

2 རིག་ཚན་འཛུགས་སྐྲུན།

སློབ་གྲྭ་ཨེར་ཏུའོ་སིའི་སྐྱེ་ཁམས་ཁོར་ཡུག་ལས་རིགས་སློབ་གླིང་དུ་འཕར་རྗེས་ཆེད་ལས13འཛུགས་རྩིས་ཡོད། ས་ཆུ་སྲུང་འཛིན་དང་མྱ་ངམ་ཐང་འགོག་བཅོས་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་བཅོས་སྐྱོང་ལག་རྩལ། དེང་རབས་ལྡུམ་རའི་ལག་རྩལ། ཞིང་ཕྱུགས་ནགས་བྱེ་གསུམ་གྱི་ཐོན་རྫས་ལས་སྣོན། ཕྱུགས་ལས་སྨན་བཅོས། སྒྲིག་བཀོད་ཞིང་ལས་ལག་རྩལ། འཕྲུལ་གློག་ལས་གྲྭ(འཕྲུལ་གློག་སྒྲིག་ཆས་བེད་སྤྱོད་དང་ཉམས་གསོའི་ཁ་ཕྱོགས། )ཞིང་ལས་འཕྲུལ་ཆས་ཅན་དང་གློག་ཤུགས་ཅན་དུ་འགྱུར་བ། རླངས་འཁོར་ཉམས་གསོ་དང་ཁ་ལོ་བསྒྱུར་བ། ནོར་དོན་རྩིས་པ(ལས་གྲྭའི་སྔོན་རྩིས་དང་ངེས་རྩིས་ཀྱི་ཁ་ཕྱོགས། )བཟོ་ལས་དང་དམངས་སྤྱོད་ཨར་ལས། བགྲོད་ལམ་དང་ཟམ་པ་ལས་གྲྭའི་ལག་རྩལ། གྲོང་ཁྱེར་སྲིད་དོན་ལས་གྲྭའི་ལག་རྩལ་བཅས་ཡིན།

སྐྱེ་ཁམས་འཛུགས་སྐྱོང་དང་དོ་དམ། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་རིགས་ཀྱི་ཉེར་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སློབ་གཉེར་དམིགས་འབེན་ལྟར། སློབ་གླིང་གིས་ས་ཆུ་སྲུང་འཛིན་དང་ཐང་རྒོད་ཅན་འགོག་བཅོས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་བཅོས་སྒྲིག་ལག་རྩལ་སོགས་ཆེད་ལས13འཛུགས་རྒྱུ་ཡིན་པ་རེད། སློབ་གླིང་དེ་མཐོ་རིམ་ལས་རིགས་སློབ་གསོ་གཙོ་བོར་འགྱུར་རྒྱུ་རེད། འབྲིང་རིམ་ལས་རིགས་སློབ་གསོ་དང་ལས་རིགས་མཐོ་འབྲིང་གི་སློབ་གསོ་རམ་འདེགས་སུ་བྱེད་པ་དང་། དར་མའི་ཡིག་སྤྲིངས་སློབ་ཁྲིད་དང་ལས་རིགས་གསོ་སྦྱོང་ལ་ཁ་གསབ་བྱེད་པའི་སྣ་མང་ཅན་དང་ཕྱོགས་བསྡུས་རང་བཞིན་གྱི་སློབ་གཉེར་དངོས་ཚན་ཡིན།

3 སློབ་གླིང་དང་སྡེ་ཁག་གི་གནས་ཚུལ་མདོར་བསྡུས།

སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ཧ་ཅང་ཆེ། དགེ་རྒན་དང་ལས་བཟོ་པ240ཡི་ཁྲོད་ནས་དངོས་གཞིའི་ཚན་ཁག་གི་སློབ་གཉེར་བརྒྱུད་རིམ་ལྡན་པའི་དགེ་རྒན་གྱི95%ཡན་ཟིན། རབ་འབྱམས་ཞིབ་འཇུག་སློབ་མ23ཡོད། མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་མིང་ཡོད་པའི་དགེ་རྒན109ཡོད། དེའི་ནང་མཐོ་རིམ་གོ་མིང་ཐོབ་པའི་དགེ་རྒན114དང་། རབ་འབྱམས་ཞིབ་འཇུག་སློབ་མ34ཡོད། “གཉིས་འཇོན་རྣམ་པའི”དགེ་རྒན42ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ5000ཡོད། མཐར་ཕྱིན་སློབ་མའི་ལས་ཞུགས་ཚད98%ཡན་ཟིན་ཡོད། སློབ་གྲྭས་སྔོག་འདོན་ལག་རྩལ་དང་འཕྲུལ་གློག་ལས་གྲྭ། རླངས་འཁོར་བཟོ་སྐྲུན་ཞིབ་བཤེར་བཟོ་བཅོས། ཚ་ལའི་ལག་རྩལ། སྔོག་འདོན་ལས་གྲྭ། བཟོ་དམངས་འཛུགས་སྐྲུན། རྩིས་འཁོར་སྙོམས་ངོས་ཇུས་འགོད། རོལ་དབྱངས་དགེ་རྒན་སོགས་ཀུན་གྱིས་དོ་སྣང་བྱེད་ཡུལ་གྱི་ཆེད་ལས་ཉི་ཤུ་ལྷག་བཙུགས་ཡོད། ཞིང་ནགས་ཕྱུགས་གསུམ་གྱི་ཆེད་ལས་དངོས་སྦྱོང་ར་བ9དང་རྨང་གཞིའི་ཚོད་ལྟ་ཁང12ཡོད། ཚད་གཞི་མཐོ་བའི་ཆེད་ལས་དངོས་སྦྱོང་ཁང23བཅས་ཡོད་པ་རེད། དེའི་ནང་ཕྱུགས་ལས་ཆེད་ལས་དེ་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཆེད་ལས་སུ་བདམས་པ་དང་འཕྲུལ་གློག་ཆེད་ལས་དེ་རང་སྐྱོང་ལྗོངས་རིམ་པའི་རྩེར་སོན་ཆེད་ལས་དང་རྒྱལ་ཁབ་རིམ་པའི་དངོས་སྦྱོང་རྣམ་གྲངས་ཀྱི་མ་འཇོག་རྟེན་གཞིར་བདམས་པ་རེད། སྤྱི་ལོ1999ལོར་སློབ་གྲྭ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་རིགས་མཐོ་འབྲིང་དུ་བདམས་པ་རེད། ལོ་དེར་རང་སྐྱོང་ལྗོངས་རིམ་པའི་བསམ་པའི་དཔལ་ཡོན་ཚན་པའི་དཔེ་དམག་ཅེས་མིང་བཏགས་པ་དང་སྤྱི་ལོ2005ལོར་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ལས་རིགས་སློབ་གྲྭར་བདམས་པ་རེད།

4 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོ་ཧན་ཀོང་ཡོན་ནི་སྤྱི་ལོ1960ལོའི་ཟླ7པར་སྐྱེས། སྤྱི་ལོ1981ལོར་བྱ་བར་ཞུགས། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན། སློབ་གྲྭའི་ཁྱོན་ཡོངས་ཀྱི་ལས་དོན་ལ་གཙོ་སྐྱོང་གནང་བ་རེད།     

རྒྱུན་ལས་སློབ་གཙོ་གཞོན་པ་ཉིག་ཧྥིན་མིན་ནི་སྤྱི་ལོ1974ལོའི་ཟླ9པར་སྐྱེས། སྤྱི་ལོ1998ལོར་བྱ་བར་ཞུགས། རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། སློབ་གཙོ་ལ་གཞོགས་འདེགས་བྱས་ནས་རྒྱུན་ལས་བྱ་བ་ཐག་གཅོད་བྱེད་དགོས། ཞིབ་ཕྲའི་ལས་བགོས་འགན་གཉེར་གཞུང་ལས་ཁང་དང་། སློབ་དོན་ཁྲུའུ། ལས་རིགས་མཐོ་རིམ་སློབ་གསོ་པུའུ། སློབ་དཔྱོད་ཁང་བཅས་ལ་འགན་གཉེར་བྱེད་དགོས།     

སློབ་གཙོ་གཞོན་པ་ཁྲེན་ཁྲུན་ཞའོ་ནི་སྤྱི་ལོ1964ལོའི་ཟླ2པར་སྐྱེས། སྤྱི་ལོ1985ལོར་བྱ་བར་ཞུགས། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་དང་མཐོ་རིམ་འཆད་ཁྲིད་དགེ་རྒན། སློབ་སྡུད་ལས་ཞུགས་ཚན་ཁག དུས་ཐུང་གསོ་སྦྱོང་ལས་དོན་བཅས་ལ་ལས་བགོས་འགན་གཉེར་བྱེད་དགོས།     

སློབ་གཙོ་གཞོན་པ་ཏོན་མིན་ཀོང་ནི་སྤྱི་ལོ1965ལོར་སྐྱེས། སྤྱི་ལོ1987ལོར་བྱ་བར་ཞུགས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། ཞིབ་ཕྲའི་ལས་བགོས་འགན་གཉེར་གཞུང་ལས་ཁང་དང་། བཟོ་ཚོགས། མི་དོན་ཁོའོ་སོགས་ཀྱི་ལས་དོན་ལ་ཞིབ་ཕྲའི་འགན་གཉེར་བྱེད་དགོས།     

སློབ་གཙོ་གཞོན་པ་ལུའི་ཞི་ཧོའོ་ནི་སྤྱི་ལོ1962ལོའི་ཟླ་དང་པོར་སྐྱེས། སྤྱི་ལོ1978ལོར་བྱ་བར་ཞུགས། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། དར་མའི་སློབ་གསོ་ཁོའོ་དང་། སློབ་མའི་ཚན་ཁག སྡེ་ཚོགས་ཨུ་ལྷན། ཁ་ལོ་བའི་གསོ་སྦྱོང་ལྟེ་གནས་བཅས་ཀྱི་ཞིབ་ཕྲའི་ལས་བགོས་འགན་གཉེར་བྱེད་དགོས།


དཔྱད་གཞིའི་ཡིག་ཆ།