ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-06 16:53ལ་འགྲུབ།

ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་།

ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་།
ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁྱེར(ཧའེ་ལའར)ཁུལ་གསར་དུ་གནས་ཡོད། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གསོ་པུས་ཐོ་འགོད་སྙན་སེང་ཞུས་ནས་ནུས་རྒྱུ་རྫས་འགྱུར་བཟོ་ལས་དང་། འཕྲུལ་གློག སོག་སྨན། ནད་གཡོག ཡུལ་སྐོར། མི་རིགས་སྒྱུ་རྩལ་སོགས་ཆེད་ལས་ཁྱད་ཆོས་སུ་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
呼伦贝尔职业技术学院
ཕྱི་ཡིག་གི་མིང་།
HulunbeierVocationalTechnicalCollege
བསྡུས་མིང་།
ཧུའུ་ལུན་པེར་ལས་རིགས་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1958ལོར།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་ཀྱི་ཆེད་ཚན་མཐོ་རིམ་སློབ་གྲྭ།
གཙོ་གཉེར་ཚན་པ།
ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
སློབ་གྲྭའི་དམ་ཚིག
བདེན་འཚོལ། གསར་འཚོལ། བརྩོན་ལེན།
གནས་ཡུལ།
ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར་ཨོ་ཝུན་ཁེ་རང་སྐྱོང་ཆིའི་པ་ཡན་ཐུའོ་ཧའེ་གྲོང་རྡལ།
རྣམ་པ།
ཕྱོགས་བསྡུས།
ཁོངས་གཏོགས་ས་ཁུལ།
ནང་སོག་ཧུའུ་ལུན་པེར།
སློབ་གཙོ།
ཀྲང་ཐིན།
སློབ་གླིང་དང་སྡེ་ཁག་གཙོ་བོ།
བཟོ་ལས་བཟོ་སྐྲུན་སྡེ་ཁག་དང་། སོག་སྨན་དང་སྦྲིད་སྨན་སྡེ་ཁག སྨན་བཅོས་ནད་གཡོག་སྡེ་ཁག སྒྱུ་རྩལ་སྡེ་ཁག་སོགས།
ཧྲུའུ་ཅི།
ཝང་ཀོང་ལི།
ཡོན་ཀྲང་གཞོན་པ།
ཀྲང་ཅན་ཧྭ། ཆི་ཆི་ཀེ།
གཞུང་ཕྱོགས་དྲ་གནས།
http://www.hlbrzy.com
1 ​སློབ་སྒྲུབ་ལོ་རྒྱུས།     

སློབ་གླིང་ནི་དེ་སྔའི་ཧུའུ་ལུན་པེར་སོག་རིགས་གསོ་རིག་སློབ་གྲྭ་དང་། ཧུའུ་ལུན་པེར་གྲོང་ཁྱེར་མི་རིགས་སྒྱུ་རྩལ་སློབ་གྲྭ ཧུའུ་ལུན་པེར་བཟོ་ལས་སློབ་གྲྭ ནང་སོག་ཏ་ཤིང་ཨན་ལིང་འཕྲོད་བསྟེན་སློབ་གྲྭ་བཅས་འབྲིང་རིམ་ལས་རིགས་སློབ་གྲྭ་བཞི་སྡེབ་སྒྲིག་བྱས་ནས་བཙུགས་པ་ཞིག་རེད། སྤྱི་ལོ2008ལོའི་ཟླ7པའི་ཚེས17ཉིན་ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་གྲབས་འཛུགས་བྱས། སྤྱི་ལོ2009ལོའི་ཟླ9པའི་ཚེས26ཉིན། ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་དངོས་སུ་འཛུགས་རྒྱུའི་ཆོག་མཆན་སྤྲད་ནས་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་པ་རེད། སྤྱི་ལོ2015ལོའི་ཟླ4པའི་ཚེས3ཉིན། ཧུའུ་ལུན་པེར་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞུང་དོན་ཚོགས་འདུའི་ཐོག་དེ་སྔའི་ཧུའུ་ལུན་པེར་ལས་རིགས་ལག་རྩལ་སློབ་གླིང་དུ་ཟླ་སྒྲིལ་གཏོང་རྒྱུ་གཏན་འབེབས་བྱས་པ་རེད།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་ཁྲིད་འཛུགས་སྐྲུན།    

མཐོ་རིམ་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་བྱ་སྤྱོད་འཆར་གཞི(སྤྱི་ལོ2015ལོ་ནས་སྤྱི་ལོ2018ལོ་བར)》རྐང་འཛིན་ཆེད་ལས་ཀྱི་རྣམ་གྲངས་སུ་ངོས་འཛིན་བྱས་ཡོད་ལ། ནད་གཡོག་དང་སོག་པོའི་གསོ་རིག་ཡིན།

2_2 སློབ་གླིང་གི་གཞི་ཁྱོན།

སློབ་གླིང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི60.42ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི22.05ཡོད། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10ཡོད། དེང་རབས་ཅན་གྱི་ལུས་རྩལ་ཁང་དང་། ལུས་རྩལ་ཐང་། དཔེ་མཛོད་ཁང་སོགས་སློབ་གསོ་དང་སློབ་ཁྲིད་ཀྱི་སྒྲིག་ཆས་ཆ་ཚང་ཡོད། སྤྱི་ལོ2018ལོའི་ལོ་འགོར་སློབ་གླིང་ལ་ད་ལྟ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ6100ལྷག་ཙམ་ཡོད། དགེ་རྒན་དང་ལས་བཟོ་བ770ཡོད་པའི་ནང་ཆེད་བསྐོས་དགེ་རྒན494དང་མཐོ་རིམ་གོ་མིང་དགེ་རྒན237ཡོད་པ་རེད། སློབ་གླིང་ལ་ད་ཡོད་འཕྲུལ་གློག་ལས་གྲྭ་སྡེ་ཁག་དང་། རྫས་འགྱུར་ལས་གྲྭ་སྡེ་ཁག ནད་གཡོག་སྡེ་ཁག སོག་སྨན་སྡེ་ཁག ཚོང་དོན་ཡུལ་སྐོར་སྡེ་ཁག ཆ་འཕྲིན་ལས་གྲྭའི་སྡེ་ཁག སྒྱུ་རྩལ་སྡེ་ཁག འཛུགས་སྐྲུན་ལས་གྲྭའི་སྡེ་ཁག དཔལ་འབྱོར་དོ་དམ་སྡེ་ཁག རྨང་གཞིའི་སློབ་ཁྲིད་སྡེ་ཁག རྒྱུན་མཐུད་སློབ་གསོའི་སློབ་གླིང་པུའུ་སོགས་སློབ་ཁྲིད་སྡེ་ཁག11ཡོད་པ་རེད། ཉེར་སྤྱོད་རྫས་འགྱུར་བཟོ་ལས་ཀྱི་ལག་རྩལ་དང་། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ། ནད་གཡོག ཁ་སྦུག་གསོ་རིག་ལག་རྩལ། སོག་ལུགས་གསོ་རིག་གི་སྨན་བཅོས། སྨན་རྫས་ཐོན་སྐྱེད་ལག་རྩལ། རྩིས་གཉེར། ནོར་དོན་དོ་དམ། ཡུལ་སྐོར་དོ་དམ། རྩིས་འཁོར་བཀོལ་སྤྱོད་ལག་རྩལ། རོལ་དབྱངས་འཁྲབ་སྟོན། ཞབས་བྲོ་འཁྲབ་སྟོན། སློབ་སྔོན་སློབ་གསོ་སོགས་མཐོ་རིམ་ལས་རིགས་དང་ཆེད་ལས34བཙུགས་ཡོད། “3+2”ལོ་ལྔའི་ལམ་ལུགས་ཀྱི་ཆེད་ཚན་ཆེད་ལས18དང་འབྲིང་རིམ་ཆེད་ལས24བཅས་ཡོད།

སློབ་གླིང་དེར་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་གསོ་སྦྱོང་རྟེན་གཞི་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་སོག་པོའི་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི། ཀྲུང་གོ་ཚན་རིག་ཁང་སེམས་ཁམས་ཞིབ་འཇུག་སུའོ་ཡི་ལས་དོན་ས་ཚིགས། ཧུའུ་ལུན་པེར་གྲོང་ཁྱེར་གྱི་དྲ་ཞུགས་གློག་ལས་རྒྱུགས་སྤྲོད་ས་ཚིགས། ནུས་རྒྱུ་རྫས་འགྱུར་བཟོ་ལས་དངོས་སྦྱོང་རྟེན་གཞི། རླངས་འཁོར་བེད་སྤྱོད་དང་ཉམས་བཟོའི་དངོས་སྦྱོང་རྟེན་གཞི། དམིགས་བསལ་ལས་རིགས་གསོ་སྦྱོང་རྟེན་གཞི། ལས་རིགས་རྩལ་ནུས་གསལ་འབྱེད་ཁང་། ལས་བྲལ་ལས་ཞུགས་བསྐྱར་མའི་གསོ་སྦྱོང་རྟེན་གཞི། ལས་གཏོད་གསོ་སྦྱོང་རྟེན་གཞི་སོགས་སློབ་ཁྲིད་ཚན་ཞིབ་རྟེན་གཞི་མང་པོ་བཙུགས་ཡོད། སློབ་གླིང་གིས་ཧུའུ་ལུན་པེར་ནུས་རྒྱུ་དང་། རྫས་འགྱུར་བཟོ་ལས། ལྕགས་བཞུ། གློག་ཤུགས། སྐྱེ་དངོས་སྨན་བཟོ། སྨན་ཁང་སོགས་ཁེ་ལས་དང་བྱ་གཞག་ཚན་པ་དང་ལག་ལེན་དངོས་སྦྱོང་དང་། ཚན་ཞིབ་གསོ་སྦྱོང་། སློབ་མ་ལས་ཞུགས་བཅས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ཡོད། སློབ་གླིང་དེ་ཧུའུ་ལུན་པེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ལིང་ཏུང་བཟོ་ལས་གསར་སྤེལ་ཁུལ། མན་ཀྲོའུ་ལི་ཐོན་ལས་གླིང་ཁུལ། ཀྲུང་གོ་དང་ཨུ་རུ་སུའི་ཕན་ཚུན་ཚོང་དོན་ཁུལ་སོགས་བཟོ་ལས་གླིང་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་ཞིག་ཏུ་གྱུར་ཡོད།

སློབ་གླིང་གིས་ལས་རིགས་ལག་རྩལ་ནུས་པ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ལས་རིགས་ལས་གནས་ཀྱི་བླང་བྱ་གཞིར་བཟུང་། སློབ་ཁྲིད་ཀྱི་ནང་དོན་སྡེབ་སྒྲིག་བྱས་ནས་ལས་རིགས་ཀྱི་བྱང་ཚད་གསོ་སྐྱོང་དང་། ཆེད་ལས་ཀྱི་ནུས་པ་སྦྱོང་བརྡར། ལས་གནས་ཀྱི་ཕྱོགས་བསྡུས་ནུས་པ་བཅས་གཞི་གཅིག་ཏུ་འགྱུར་བའི“ལག་རྟགས་གཉིས་ལྡན”གྱི་གསོ་སྐྱོང་བྱེད་སྟངས་སྤྱོད་དགོས། 

2_3 སློབ་སྒྲུབ་རྣམ་པ།     

སློབ་གླིང་གིས“ཚན་རིག་དང་མཐུན་པའི་ངེས་གནས་དང་དམིགས་འབེན་འཚོལ་བ། ཁྱད་ཆོས་ལྡན་པ་དང་ལེགས་ཆ་འདོན་སྤེལ་བྱེད”ཅེས་པ་མཛུབ་ཁྲིད་བསམ་བློར་བྱས་ཏེ“ཧུའུ་ལུན་པེར་ལ་གཞི་ཚུགས་པ་དང་། ནང་སོག་རང་སྐྱོང་ལྗོངས་ལ་བརྟེན་ནས་ནང་སོག་རང་སྐྱོང་ལྗོངས་ལ་ཞབས་འདེགས་ཞུ་བ” “ལས་རིགས་སློབ་གསོ”རྩ་བའི་ཁ་ཕྱོགས་སུ་འཛིན་པ་དང་།  ཚན་རིག་དང་མཐུན་པའི་དོ་དམ་མ་ལག་དང་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འགན་སྲུང་ནུས་ལྡན་བྱེད་དགོས།

3 སློབ་གླིང་གི་འགོ་ཁྲིད།     

ཧྲུའུ་ཅི། ཝང་ཀོང་ལི།     

ཡོན་ཀྲང་། ཀྲང་ཐིང་།     

ཧྲུའུ་ཅི་གཞོན་པ་དང་སྒྲིག་བཤེར་ཧྲུའུ་ཅི་གཅིག་ལྕོགས། ཝང་ཅིན་པའོ།     

ཡོན་ཀྲང་གཞོན་པ། ཀྲང་ཅན་ཧྭ། ཆི་ཆི་ཀེ།


དཔྱད་གཞིའི་ཡིག་ཆ།