ཐེ་ལིན་ལས་བཟོའི་སློབ་ཆེན་ནི་དེ་སྔ་ཐེ་ལིན་ཧྥ་མོན་བཟོ་གྲྭའི་ལས་བཟོའི་སློབ་ཆེན་ཡིན་པ་དང་། སྤྱི་ལོ1979ལོའི་ཟླ5པར་ཐོག་མར་བཙུགས་ཤིང་སྤྱི་ལོ1982ལོའི་ཟླ10བར། ལིའོ་ཉིང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་བཙུགས། འཕྲུལ་ཆས་བཟོ་སྐྲུན་བཟོ་རྩལ་དང་སྒྲིག་ཆས་ཆེད་ལས1ཡོད། ཐེ་ལིན་ས་ཁུལ་གྱི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ནས་སློབ་མ་བསྡུ་རྒྱུ་དང་སློབ་གྲྭར་ཡོད་པའི་སློབ་མ120ཡོད། སློབ་ཡུན་ལོ་གསུམ་ཡིན། སྤྱི་ལོ1985ལོའི་ཟླ2པར་ལིའོ་ཉིང་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ཆོག་མཆན་ཐོབ་པ་བརྒྱུད། འཕྲུལ་ཆས་བཟོ་སྐྲུན་ཆེད་ལས་ལས་ཞོར་འཛིན་གྲྭ་གསར་དུ་བཙུགས་ནས་སློབ་ཡུན་ལོ་བཞི་ཡིན།
སྤྱི་ལོ2014ལོའི་བར་སློབ་གྲྭས་མཉམ་འབྲེལ་ཐོག་གཉེར་བའི་དངོས་གཞིའི་ཚན་ཁག་གི་ཆེད་ལས11དང་ཆེད་སྦྱོང་ཆེད་ལས47བཙུགས་ཡོད།
སྤྱི་ལོ2014ལོའི་བར། སློབ་གྲྭ་དེར་དགེ་རྒན་དང་ལས་བཟོ་བ590ཡོད་པའི་ནང་ཆེད་བསྐོས་དགེ་རྒན411ཡོད་པ་རེད། ཆེད་བསྐོས་དགེ་རྒན་ཁྲོད་དགེ་རྒན་ཆེན་མོ87དང་དགེ་རྒན་ཆེན་མོ་གཞོན་པ109ཡོད་པ་དང་། རབ་འབྱམས་པ་ཡན་གྱི་ཤེས་ཡོན་པ190ཡོད། དགེ་རྒན་ཁྲོད་རྒྱལ་ཡོངས་དང་དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་ཁྲིད་གྲགས་ཅན་དགེ་རྒན། ངལ་རྩོལ་དཔེ་བཟང་བ། “ལྔ་གཅིག”གི་གཟེངས་རྟགས་ཐོབ་མཁན། སློབ་གསོ་སློབ་ཁྲིད་རིགས་གཅིག་མཁས་ཅན། སྤྱོད་བཟང་མིག་དཔེ་དགེ་རྒན། རིག་ཚན་གྱི་སྣེ་ཁྲིད་པ་སོགས་མི60ལྷག་ཙམ་ཡོད།
སྤྱི་ལོ2014ལོའི་བར། སློབ་གྲྭར་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ2དང་། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན4སློབ་གྲྭ་རིམ་པའི་གཙོ་གནད་ཆེད་ལས6བཅས་ཡོད་པ་རེད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ། ལུས་རྩལ་བདེ་ཐང་སློབ་ཁྲིད་ཚོགས་པ་དང་རྒྱ་སྐད་ཁ་སྐད་སློབ་ཁྲིད་ཚོགས་པ། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན་ནི་ཀང་ཆིན་དང་། ལུས་རྩལ་བདེ་ཐང་། ཉེར་སྤྱོད་རྩོམ་འབྲི་བཅས་ཡིན། སློབ་གྲྭ་རིམ་པའི་གཙོ་གནད་ཆེད་ལས་ནི་དམའ་རིམ་སློབ་གསོའི་ཆེད་ལས་དང་། སྐད་ཡིག་སློབ་གསོའི་ཆེད་ལས། དབྱིན་ཡིག་སློབ་གསོའི་ཆེད་ལས། རྩིས་རིག་སློབ་གསོའི་ཆེད་ལས། སློབ་སྔོན་སློབ་གསོའི་ཆེད་ལས། རྩིས་འཁོར་བཀོལ་སྤྱོད་ལག་རྩལ་ཆེད་ལས་བཅས་ཡིན།
སྤྱི་ལོ2004ལོ་ནས་སྤྱི་ལོ2010ལོའི་བར། དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ1582 དེའི་ནང་དུ་དུས་དེབ་གཙོ་གྲས་ཁག169དང་། བསླབ་གཞི་དང་གསུང་རྩོམ135 ཞིང་ཆེན་རིམ་པ་ཡན་གྱི་བསླབ་གཞི་རྩེ་གྲ3ཡོད་པ་དང་། ཞིབ་འཇུག་དང་ཚན་ཞིབ་རྣམ་གྲངས220ལེགས་འགྲུབ་བྱུང་བ་དང་དེའི་ནང་ཞིང་ཆེན་རིམ་པ་ཡན་གྱི་རྣམ་གྲངས92ཡོད་པ་དང་། རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས183ལ་བྱ་དགའ་ཐོབ་པ་རེད། དེའི་ནང་ཞིང་ཆེན་རིམ་པ་ཡན་གྱི་རྣམ་གྲངས141དང་རྒྱལ་ཁབ་ཀྱི་ལག་རྩལ་ཁེ་བེད་བདག་ཐོབ་ཀྱི་ཚན་རྩལ་གྲུབ་འབྲས་ཁག3ཡོད།
ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོ། ཀྲུང་ཧྲི་ཞིན།
ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཀྲི་ཡུན།
སློབ་གཙོ་གཞོན་པ། དབྱི་ཧུང་ཝེ། ཏུའུ་ཀྲེན་ཧྥང་། ཚའེ་ཐེན། ལིའུ་ཧུའེ།
སྒྲིག་ཨུའི་ཧྲུའུ་ཅི། ཁྲན་ཀྲའོ་ཁའེ།
སྤྱོད་བཟང་། ཡོན་ཏན། ཧུར་བརྩོན། གསར་གཏོད།
ཁོག་ཡངས། ཤེས་རྒྱས་ཆེ་བ།