ནང་སོག་བཟོ་ལས་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-06 15:43ལ་འགྲུབ།

ནང་སོག་བཟོ་ལས་ལས་རིགས་སློབ་གླིང་།

ནང་སོག་བཟོ་ལས་ལས་རིགས་སློབ་གླིང་།
ནང་སོག་བཟོ་ལས་ལས་རིགས་སློབ་གླིང(སྔར་ནང་སོག་ཞོན་ཡོན་ལས་རིགས་སློབ་གླིང)ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། (ནང་སྲིད་ཡིག〔2009〕ཨང91པ། ) རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་མཆན་བཀོད(སློབ་ཁྲིད་བཏང་ཡིག[2010]ཡིག་ཨང71པ) སློབ་གཉེར་བརྒྱུད་རིམ་ལག་ཁྱེར་རང་ཚུགས་ངང་སྤྲོད་པའི་དབང་ཆ་ལྡན་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན་པ་རེད། སྔོན་ཆད་ནང་སོག་ཚོང་ལས་བཅའ་ཁྲིམས་ཆེད་སྦྱོང་སློབ་གླིང་ཡིན། སྤྱི་ལོ2012ལོའི་ཟླ4པའི་ཚེས9ཉིན་ནང་སོག་ཤོན་ཡོན་ལས་རིགས་སློབ་གླིང་གི་མིང་ནང་སོག་བཟོ་ལས་ལས་རིགས་སློབ་གླིང་ཞེས་པར་བསྒྱུར། ལོ་བཅུའི་རིང་གི་འཕེལ་རྒྱས་བརྒྱུད་ད་སྐབས་མཐོ་རིམ་སློབ་གསོ་དང་། དར་མའི་རྒྱུན་མཐུད་སློབ་གསོ། འབྲིང་རིམ་ལས་རིགས་སློབ་གསོ། དུས་ཐུང་ལས་རིགས་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དམངས་བཙུགས་སློབ་གསོའི་སྒྲིག་གཞི་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内蒙古工业职业学院
དབྱིན་ཡིག་གི་མིང་།
Inner Mongolia Industrial College
བསྡུས་མིང་།
ནང་ལས་བཟོ་གླིང་།
བཙུགས་ལོ།
སྤྱི་ལོ1997ལོར།
རིགས་དབྱེ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
ངོ་བོ།
ཞིང་ཆེན་ཁོངས་ཀྱི་ཆེད་སྦྱོང་ཚན་ཁག་དཀྱུས་མའི་མཐོ་རིམ་སློབ་གྲྭ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་ཧུའུ་ཧོ་ཧའོ་ཐེ།
སློབ་གཙོ།
ལིའུ་ཞའོ་ཀོང་།
གཙོ་གཉེར་ཚན་པ།
ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ནུས་ཁུངས་བཟོ་སྐྲུན་སྡེ་ཁག་དང་། ཨར་ལས་བཟོ་སྐྲུན་སྡེ་ཁག་འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་དོ་དམ་བཟོ་སྐྲུན་སྡེ་ཁག་སྒྱུ་རྩལ་སྡེ་ཁག་སོགས།
1 སློབ་གླིང་གི་གནས་ཚུལ།     

ནང་སོག་བཟོ་ལས་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གསོ་པུའུ་ཡིས་ཐོ་འགོད་ཆོག་མཆན་བཀོད། རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཅུག་ནས་རྒྱལ་ཁབ་ཀྱིས་སློབ་གཉེར་བརྒྱུད་རིམ་ལག་ཁྱེར་རང་ཚུགས་ངང་སྤྲོད་པའི་དབང་ཆ་ལྡན་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན་པ་རེད། སློབ་གླིང་དེ་ལོ་བཅུ་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད་ད་ཆ་མཐོ་རིམ་སློབ་རྒྱུས་སློབ་གསོ་དང་། དར་མའི་རྒྱུན་མཐུད་སློབ་གསོ། འབྲིང་རིམ་ལས་རིགས་གསོ། དུས་ཐུང་ལས་རིགས་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རྣམ་པའི་དམངས་བཙུགས་སློབ་གསོའི་སྒྲིག་གཞིར་གྱུར་ཡོད། སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ཞབས་ཞུ་དམིགས་ཡུལ་དུ་འཛིན་པ་དང་ལས་ཞུགས་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས། བཟོ་སློབ་ཟུང་འབྲེལ་དང་། སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་གྱི་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བའི་ཐོན་སྐྱེད་དང་། འཛུགས་སྐྲུན། དོ་དམ། ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་དང་པོའི་ནུས་རྩལ་ཆེ་བའི་ཉེར་སྤྱོད་རྣམ་པའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

2 སློབ་སྒྲུབ་གཞི་ཁྱོན།     

སློབ་གླིང་དེ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་སྤྲོ་སྐྱིད་དཔལ་འབྱོར་གླིང་ཁུལ་དུ་གནས་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2ཟིན་ནས་རྒྱ་ཁྱོན་ལ་མུའུ308ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.9ཡོད་པ་དང་། ཚད་གཞི་མཐོ་བའི་སློབ་མའི་ལས་ཤག་དང་། ཕྱོགས་བསྡུས་སློབ་ཁྲིད་ཐོག་ཁང་། ཟ་ཁང་། དཔེ་མཛོད་ཁང་། ཚོད་ལྟའི་དངོས་སྦྱོང་རྟེན་གཞི་བཅས་དང་ཕྱོགས་བསྡུས་ལུས་རྩལ་ཐང་བསྐྲུན་ཡོད། སློབ་གྲྭའི་སྒྲིག་བཀོད་འཐུས་ཚང་དང་སློབ་ཁྲིད་སྒྲིག་ཆས་ཆ་ཚང་བ། སློབ་གྲྭའི་ཁོར་ཡུག་ཡག་པོ་ཡོད་པ་བཅས་རེད།     

སློབ་གླིང་གིས“སྤུས་ཚད་ལ་བརྟེན་ནས་འཚོ་གནས་བྱེད་དགོས། ཁྱད་ཆོས་ལ་བརྟེན་ནས་འཕེལ་རྒྱས་བརྩོན་ལེན་བྱེད”ཅེས་པའི་ཡུན་རིང་སློབ་གཉེར་བསམ་བློ་དེ་སློབ་གླིང་གི་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་། སློབ་ཁྲིད་བྱེད་སྟངས་བཅས་དཔྱད་གཞིར་འཛིན་པ། དགེ་རྒན་དཔུང་ཁག་གསོ་སྐྱོང་སྦྱོང་བརྡར། ཆེད་མཁས་པ་སློབ་གྲྭར་སློབ་ཁྲིད་བྱེད་པར་གདན་འདྲེན་ཞུ་བ་སོགས་ཀྱི་རྣམ་པ་བརྒྱུད། དགེ་རྒན་གྱི་ཕྱོགས་བསྡུས་ལས་སྒོའི་ནུས་པ་ཆེ་རུ་བཏང་ཡོད། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མའི་བསམ་གཞིག་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་སློབ་མའི་མཐོང་རྒྱ་ཆེ་རུ་བཏང་ནས་སློབ་མའི་ཐུན་མོང་མ་ཡིན་པའི་ལྟ་ཞིབ་དང་། དབྱེ་ཞིབ། བརྡར་གཅོད། ཐག་གཅོད་བཅས་ཀྱི་ནུས་པ་བསྐྱེད་སྲིང་བྱེད་དགོས། སློབ་གླིང་དུ་ད་ཆ་རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ3200ལྷག་ཙམ་དང་དགེ་རྒན་དང་ལས་བཟོ་བ106ཡོད་པ་རེད། དེའི་ནང་ཆེད་བསྐོས་དགེ་རྒན43ཡོད་པ་དང་དགེ་རྒན87ཡོད་པ་རེད། ཆེད་འགན་དང་འགན་གཅིག་ལྕོགས་འཁུར་བའི་དགེ་རྒན་ནང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན44ཡོད་པ་དང་ཆེད་ལས་ཁག་ཚང་མར་མཐོ་རིམ་གོ་མིང་ཡོད་པའི་རིག་ཚན་སྣེ་ཁྲིད་པ་དང“གཉིས་འཇོན་རྣམ་པའི”ཆེད་འགན་འཁུར་བའི་དགེ་རྒན་གཉིས་ཡན་བཀོད་སྒྲིག་བྱས་ཡོད་པ་རེད། 

3 ཁྱད་ལྡན་སློབ་གསོ།     
3_1 ཕྱོགས་ཡོངས་ཀྱི་སློབ་སྐུལ་སློབ་རོགས་སྲིད་ཇུས།     

སློབ་མ་སློབ་གྲྭར་ཡོད་པའི་སྐབས་སུ་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་དང་། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སྐུལ་ལྕག་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཅས་དང་དེ་བཞིན་སློབ་གླིང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུ་དང་། སློབ་མའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དང་། བསམ་བློ་ཀུན་སྤྱོད། སློབ་སྦྱོང་བྱས་འབྲས། ལུས་རྩལ་སྦྱོང་བརྡར། སློབ་གྲྭའི་སྒྲིག་ལམ་སོགས་དམིགས་ཚད་ཞིབ་ཕྲར་གཞིགས་ནས་སློབ་མར་དཔྱད་ཞིབ་བྱ་དགོས། ཆ་རྐྱེན་འཛོམས་པའི་སློབ་མར་བྱ་དགའ་སྤྲོད་དགོས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་བདེ་བླག་ངང་སྦྱང་གཞི་ལེགས་འགྲུབ་ཡོང་བར་རོགས་རམ་བྱ་ཆེད། སློབ་གླིང་གིས་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མར་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གཡར་རོགས་བྱ་རྒྱུ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་དཀའ་ངལ་ཡོད་པའི་སློབ་མར་སློབ་ཞོར་ལས་ཀ་བྱས་ནས་སློབ་ཞུགས་རོགས་སྐྱོར་བྱེད་པའི་ལས་གནས་མཁོ་འདོན་བྱ་རྒྱུ་དེ་ཡིན།   

དཔྱད་གཞིའི་ཡིག་ཆ།