ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-06 10:54ལ་འགྲུབ།

ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།

ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་།
ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2011ལོའི་ཟླ1པོར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིང་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པ་ཞིག་ཡིན། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དང་སློབ་གླིང་དཀྱུས་མ་ཞིག་ཡིན། རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ཨ་ལ་ཧྲན་མིང་སྲིད་འཛིན་ཀུང་ཧྲུའུ་ཡི་དོ་དམ་ཉིས་བརྩེགས་འོག་ས་གནས་དེ་གའི་མཐོ་རིམ་སློབ་གླིང་གཅིག་པུ་དེ་རེད། སློབ་གླིང་ནི་སྔ་རྗེས་སུ་སློབ་གྲྭ་བདུན་ཟླ་སྒྲིལ་བཏང་ནས་གྲུབ་པ་རེད། སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་དུ་སློབ་ཁྲིད་སྡེ་ཚན9དང་དོ་དམ་སྡེ་ཚན9ཡོད་པ་དང་། མཐོ་རིམ་ལས་རིགས་ཆེད་ལས13དང་། འབྲིང་རིམ་ལས་རིགས་ཆེད་ལས22རྒྱལ་ཁབ་ཀྱི་སྒོ་འབྱེད་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས15བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ6160(དེའི་ནང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ2785ཡོད། གློག་བརྙན་སློབ་ཆེན་དང་དར་མའི་སློབ་གསོ་རྒྱལ་ཁོངས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ3375ཡོད། ) རིགས་ཁག་གི་སྤྱི་ཚོགས་གསོ་སྦྱོང་དང་ཆེད་ལས་རྩལ་ནུས་གསལ་འབྱེད་ཀྱི་འགན་འཁུར་ནས་ལོ་ལྟར་མི་ཐེངས6000ལྷག་ཙམ་ཡོད་པ་རེད། དགེ་རྒན་དང་ལས་བཟོ་པ403དང་དགེ་རྒན་ཆེན་མོ3ཡོད། གོ་མིང་གཞོན་པ106དང་རབ་འབྱམས་པའི་བསླབ་གནས་ལྡན་པའི་དགེ་རྒན16ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉善职业技术学院
དབྱིན་ཡིག་གི་མིང་།
Alxa Vocational & Technical College
བཙུགས་ལོ།
སྤྱི་ལོ2011ལོའི་ཟླ་དང་པོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རྣམ་པ།
ཕྱོགས་བསྡུས།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ནང་སོག་ཨ་ལ་ཧྲན་མིང་།
སློབ་གཙོ།
ཀྲོའུ་ཡུས་པི།
གཙོ་གཉེར་ཚན་པ།
ནང་སོག་རང་སྐྱོང་ལྗོངས།
སློབ་གྲྭའི་དམ་ཚིག
སྤྱོད་བཟང་དར་སྤེལ་ཕུགས་བསམ་དང་ལག་རྩལ་ལ་ཡིད་སྨོན་བྱེད།
སློབ་གླིང་དང་སྡེ་ཁག་གཙོ་བོ།
རྫས་འགྱུར་བཟོ་ལས་བཟོ་སྐྲུན་སྡེ་ཁག་དང་འཕྲུལ་གློག་བཟོ་སྐྲུན་སྡེ་ཁག་སྨན་བཅོས་ནད་གཡོག་སྡེ་ཁག་དཔལ་འབྱོར་སྒྱུ་རྩལ་སྡེ་ཁག་སོགས།
སློབ་གྲྭའི་གནས་ཡུལ།
ནང་སོག་ཨ་ལ་ཧྲན་མིང་ཨ་ལ་ཧྲན་ཙུའོ་ཆི་པ་ཡན་ཧའོ་ཐེ་གྲོང་རྡལ།
སློབ་གྲྭའི་ཚབ་ཨང་།
14339
བྱ་དགའ་གཙོ་བོ།
རང་སྐྱོང་ལྗོངས་མཐོ་རིམ་ལས་རིགས་རྩལ་ནུས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ།
གཞུང་ཕྱོགས་དྲ་གནས།
www.alszyxy.cn
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2011ལོར་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གསོ་པུའུ་ལ་ཐོ་འགོད་སྙན་ཞུ་ཞུས། དེ་སྔའི་ཨ་ལ་ཧྲན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན། ཨ་ལ་ཧྲན་མིང་དཔལ་འབྱོར་གསར་སྤེལ་ཁུལ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་ཀྱི་རྨང་གཞིའི་ཐོག་ཟླ་སྒྲིལ་བཏང་ནས་བཙུགས་པའི་གཞུང་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན། སློབ་གླིང་གིས་མཐོ་རིམ་ལས་རིགས་སློབ་གསོ་གཉེར་རྒྱུ་གཙོ་བོར་འཛིན་དགོས། དེ་སྔའི་འབྲིང་རིམ་ལས་རིགས་སློབ་གསོ་དང་གློག་འཕྲིན་སློབ་ཆེན་གྱི་རྒྱང་ཁྲིད་སློབ་གསོའི་འགན་ནུས་སོར་འཇོག་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ལ་མུ་མཐུད་སློབ་གསོ་གསོ་སྦྱོང་བྱེད་པའི་འགན་འཁུར་དགོས།     

སྤྱི་ལོ2012ལོའི་ཟླ12པར་ཨ་ལ་ཧྲན་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་དང་། ཨ་ལ་ཧྲན་དཔལ་འབྱོར་གསར་སྤེལ་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭ ཨ་ཙུའོ་ཆི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ཨ་ལ་ཧྲན་ལས་རིགས་ལག་རྩལ་སློབ་གླིང་བཙུགས་པ་རེད།     

སྤྱི་ལོ2015ལོའི་ཟླ9པར་པ་ཡན་ཧའོ་ཐེ་སློབ་ཁུལ་གསར་པ་གནས་སྤོ་བྱས་པ་རེད།     

སྤྱི་ལོ2016ལོའི་ཟླ་དང་པོར་ཨ་ལ་ཧྲན་མིང་ལུས་རྩལ་སློབ་གྲྭ་སློབ་གླིང་དང་ཟླ་སྒྲིལ་བཏང་།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་ཁྲིད་འཛུགས་སྐྲུན།     

སྤྱི་ལོ2014ལོ་ནས་བཟུང་། སློབ་གླིང་གིས་རྣམ་གྲངས་ཅན་གྱི་སློབ་ཁྲིད་ནང་དོན་གཙོ་བོར་བྱས་པའི་སློབ་ཚན་སློབ་ཁྲིད་སྒྱུར་བཅོས་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་དང་སློབ་གླིང་རིམ་པའི་ཚད་ལྡན་སློབ་ཚན19བསྐྲུན་ཟིན་པ་རེད། སློབ་ཚན10ནི་སློབ་གླིང་རིམ་པའི་སྤུས་ལེགས་སློབ་ཚན་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད། གཞན་ཡང་སློབ་གླིང་རིམ་པའི་ཚད་ལྡན་སློབ་ཚན115རེ་ཞུ་བྱས་ནས་རྣམ་གྲངས་འཛུགས་པ་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཚུད་ཡོད། རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཚོགས་པ1ལ་རེ་ཞུ་བྱས་པ་རེད།    

2_2  དགེ་རྒན་གྱི་དཔུང་སྡེ།     

སློབ་གླིང་དུ་ཆེད་བསྐོས་དགེ་རྒན157ཡོད། སློབ་གྲྭའི་ཕྱིའི་དགེ་རྒན80དང་། མཐོ་རིམ་གྱི་གོ་མིང་ཡོད་པའི་དགེ་རྒན65བཅས་ཡོད། གཉསི་འཇོན་རྣམ་པའི་དགེ་རྒན75དང་རབ་འབྱམས་པའི་བསླབ་གནས་ཡན་གྱི་དགེ་རྒན9བཅས་ཡོད་པ་རེད།     

2_3 སློབ་གླིང་དང་ཚན་ཁག་ཆེད་ལས།    

སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་དུ་སློབ་ཁྲིད་ཚན་ཁག7བཙུགས་ཡོད། མཐོ་རིམ་ལས་རིགས་ཆེད་ལས17དང་འབྲིང་རིམ་ལས་རིགས་ཆེད་ལས28རྒྱལ་ཁབ་ཀྱི་སྒོ་འབྱེད་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས15བཙུགས་ཡོད།     

2_3_1 རྒྱུན་མཐུད་སློབ་གསོའི་སློབ་གླིང་། 

ཁྲིམས་ལུགས་རིག་པ་དང་རྩིས་གཉེར་རིག་པ། དངུལ་རྩའི་རིག་པ། སྲིད་འཛིན་དོ་དམ་རིག་པ།     

2_3_2 དཔལ་འབྱོར་སྒྱུ་རྩལ་སློབ་གླིང་། 

སྒྱུ་རྩལ་ཇུས་འགོད།     རྩིས་འཁོར་སློབ་གླིང་། རྩིས་འཁོར་ལག་རྩལ་དང་། རྩིས་འཁོར་དྲ་རྒྱའི་ལག་རྩལ། གློག་རྡུལ་ཚོང་དོན། རྩིས་འཁོར་དོ་དམ་ལག་རྩལ།     

2_3_3 འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།

རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཞིབ་བཤེར་བཟོ་བཅོས་རྩལ་ནུས།     

2_3_4 རྩིས་གཉེར་སློབ་གླིང་། 

རྩིས་གཉེར་གློག་རྩིས་ཅན།     སློབ་ན་མ་སོན་གོང་གི་སློབ་གསོའི་སློབ་གླིང་། བྱིས་པའི་སློབ་གསོ།     

2_3_5 སྨན་བཅོས་ནད་སྐྱོང་སློབ་གླིང་། 

རྒན་རྒོན་ནད་སྐྱོང་དང་། སྡེ་ཁུལ་ནད་གཡོག ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ནད་གཡོག ཀྲུང་ལུགས་གསོ་རིག་གི་ནད་གཡོག ཕྱི་འབྲེལ་ནད་གཡོག བདེ་ཐང་སླར་གསོའི་ནད་སྐྱོང་བཅས་ཡོད། 

3 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཀྲའོ་ཅ་རུའེ།     ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་། ཀྲོའུ་ཡུས་པི།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་ཨུའི་ཧྲུའུ་ཅི་གཅིག་ལྕོགས། བཟོ་ཚོགས་ཀྱི་ཀྲུའུ་ཞི། ལིའུ་མེང་དང་ཅི་རི་ཀེ་ལེ།     

ཏང་ཨུའི་ཨུ་ཡོན་དང་ཡོན་ཀྲང་གཞོན་པ། ཀྲང་ཧའེ།     

ཏང་ཨུའི་ཨུ་ཡོན་དང་ཡོན་ཀྲང་གཞོན་པ། ཀུའོ་ཚུའེ་ཧྥེང་།     

ཏང་ཨུའི་ཨུ་ཡོན་དང་ཡོ་ཀྲང་གཞོན་པ། ལི་ཡིའུ་ཧྲེང་།     

ཏང་ཨུའི་ཨུ་ཡོན། ཐང་ཕེ་ཀྲུང་།


དཔྱད་གཞིའི་ཡིག་ཆ།