ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-05 17:05ལ་འགྲུབ།

ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་།

ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་།
ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་ནས་བཙུགས་པ་ཞིག་ཡིན།(ནང་སྲིད་ཡིག[2010]ཡིག་ཨང248པ། ) སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་བྱས་ཏེ། (སློབ་ཁྲིད་འཕྲིན་ཡིག[2012]ཡིག་ཨང70པ། ) རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཅུག་ནས་རྒྱལ་ཁབ་ཀྱིས་སློབ་གཉེར་བརྒྱུད་རིམ་ལག་ཁྱེར་རང་ཚུགས་ངང་སྤྲོད་པའི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གླིང་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མཛེས་རྩལ་ཆེད་ལས་སློབ་གླིང་གཅིག་པུ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内蒙古美术职业学院
དབྱིན་ཡིག་གི་མིང་།
The Art Vocational University in Mongolia
བསྡུས་མིང་།
ནང་སོག་མཛེས་གླིང་།
བཙུགས་ལོ།
སྤྱི་ལོ2010ལོར།
རིགས་དབྱེ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
སློབ་གྲྭའི་རྣམ་པ།
སྒྱུ་རྩལ།
ངོ་བོ།
ཞིང་ཆེན་ཁོངས་ཀྱི་ཆེད་སྦྱོང་ཚན་ཁག་དཀྱུས་མའི་མཐོ་རིམ་སློབ་གྲྭ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་པ་ཡན་ཀྲོར།
གཙོ་གཉེར་ཚན་པ།
ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
སློབ་གྲྭའི་དམ་ཚིག
མཐུན་སྒྲིལ་ཞུམ་མེད། བདེན་འཚོལ་གསར་གཏོད།
སློབ་གླིང་དང་ཚན་ཁག་གཙོ་བོ།
འགུལ་རིས་སློབ་གླིང་། ཁོར་ཡུག་སྒྱུ་རྩལ་སློབ་གླིང་། རི་མོའི་འཇིམ་རྐོས་སློབ་གླིང་། མི་རིགས་རིག་གནས་གསར་གཏོད་སློབ་གླིང་དང་སློབ་ཞུགས་གོང་གི་སློབ་གསོའི་སློབ་གླིང་སོགས།
སློབ་གྲྭའི་གནས་ཡུལ།
པ་ཡན་ཀྲོར་གྲོང་ཁྱེར་ཅིན་ཁྲོན་ལམ་ཆེན་ཨང་དང་པོ།
སློབ་གླིང་གི་གསར་གཏོད་པ།
རྨེང་པའོ་ཧོ་དགེ་རྒན་ཆེན་མོ།
གཞུང་ཕྱོགས་དྲ་གནས།
www.nmgmsxy.net
1 སློབ་སྒྲུབ་ཆ་རྐྱེན།

ནང་སོག་མཛེས་རྩལ་ལས་རིགས་སློབ་གླིང་ནི་ནང་སོག་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པ་ཞིག་ཡིན་ལ། (ནང་སྲིད་ཡིག〔2010〕ཨང248པ། ) སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་ཞུ་བྱས་ཏེ། (སློབ་ཁྲིད་འཕྲིན་ཡིག〔2012〕ཨང70པ། ) རྒྱལ་ཁབ་ཀྱི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཅུག་ནས་རྒྱལ་ཁབ་ཀྱིས་སློབ་གཉེར་བརྒྱུད་རིམ་ལག་ཁྱེར་རང་ཚུགས་ངང་སྤྲོད་པའི་ཐོབ་ཐང་ལྡན་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་དཀྱུས་མ་ཞིག་ཡིན། ནང་སོག་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་མཛེས་རྩལ་ཆེད་ལས་སློབ་གླིང་གཅིག་པུ་དེ་ཡིན། ཁོར་ཡུག་སྒྱུ་རྩལ་ཇུས་འགོད་དང་། ཁང་པའི་ནང་ཇུས་འགོད། མཛེས་རྩལ་སློབ་གསོ། སྣུམ་ཚོན་རི་མོ། འཇིམ་བརྐོས་སོགས་ཆེད་ལས10ལྷག་ཙམ་བཙུགས་ཡོད། མཐོ་རིམ་སློབ་གཉེར་བརྒྱུད་རིམ་ལྡན་པའི་སློབ་གསོ་དང་དར་མའི་རྒྱུན་མཐུད་སློབ་གསོ་གཞི་གཅིག་ཏུ་གྱུར་པའི་ཆེད་ལས་རང་བཞིན་ཧ་ཅང་ཆེ་བའི་མཐོ་རིམ་མཛེས་རྩལ་ལས་རིགས་སློབ་གླིང་ཞིག་ཡིན།

2 སློབ་སྒྲུབ་ཁྱད་ཆོས།
2_1 སློབ་གསོ་ལ་རྒྱལ་མཚམས་མེད། བཟོད་སྒོམ་ལ་མུ་མཐའ་མེད།     

སློབ་གླིང་གིས་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དང་། ཆིང་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་། ལུའུ་ཤུན་མཛེས་རྩལ་སློབ་གླིང་། ཨུ་རུ་སུའི་ལེ་པིན་མཛེས་རྩལ་སློབ་གླིང་། དབྱིན་ཇིའི་ཧོང་ཅཱ་མཛེས་རྩལ་སློབ་གླིང་། ཕ་རི་སིའི་མཛེས་རྩལ་སློབ་གླིང་སོགས་ཕྱི་རྒྱལ་གྱི་གྲགས་ཅན་སློབ་ཆེན10ལྷག་ཙམ་དང་མཉམ་དུ་སློབ་གཉེར་བྱས་ཡོད། རིག་གཞུང་སྤེལ་རེས་བྱས་ཏེ། དངོས་གཞིར་འཕར་བ་དང་ཆེད་དོན་དངོས་གཞིར་འབྲེལ་བའི་བྱ་ཐབས་བརྒྱུད་རྒྱ་ཆེའི་སློབ་མ་ཚོར་སློབ་གྲྭ་གྲགས་ཅན་དུ་མུ་མཐུད་ཟབ་སྦྱོང་བྱེད་པའི་གོ་སྐབས་དང་གདམ་ག་མཁོ་འདོན་བྱས་ཡོད།     

2_2 ​ཐུན་མིན་གྱི་ཚོང་རྟགས། ཚད་མེད་ཀྱི་བར་སྟོང་།     

སློབ་གླིང་ནི་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དང་། ཞི་ཨན་མཛེས་རྩལ་སློབ་གླིང་། ཀོང་ཀྲོའུ་མཛེས་རྩལ་སློབ་གླིང་སོགས་རྗེས་ཀྱི་རྒྱལ་ཡོངས་ཀྱི་མཛེས་རྩལ་སློབ་གླིང་ཨང་བཅུ་བ་ཡིན། ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱིས་སློབ་གཉེར་བརྒྱུད་རིམ་ལག་ཁྱེར་གྱི་ཐོབ་ཐང་ཁས་ལེན་པའི་མཐོ་རིམ་མཛེས་རྩལ་ཆེད་ལས་སློབ་གླིང་གཅིག་པུ་དེ་ཡིན། སློབ་གླིང་གིས“མེང་ཡོན་རིག་གནས་དང་རྩྭ་ཐང་རིག་གནས”རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རང་འགན་དུ་བཟུང་ནས། ནང་སོག་གི་རིག་གནས་གསར་གཏོད་ཐོན་ལས་རྒྱ་ཆེར་གཏོང་རྒྱུ་དེ་མཐའ་མའི་དམིགས་འབེན་དུ་བཟུང་ཡོད།

2_3 མངགས་ཐོ་གསོ་སྐྱོང་། ལས་ཞུགས་བརྟན་པོ།   

སློབ་གླིང་གིས་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ས་གནས་ཁག་གི་མི་དོན་སྡེ་ཚན་དང་དེ་བཞིན་ཁེ་ལས་དང་བྱ་གཞག་ཚན་པ་དང་འབྲེལ་བ་ཧུར་ཐག་བྱས་ཏེ་ལོ་མང་རིང་སློབ་གླིང་གིས་རྒྱལ་ནང་གི་གྲགས་ཅན་ཁེ་ལས་བརྒྱ་གྲངས་དང་ལས་ཞུགས་དངོས་སྦྱོང་གི་འབྲེལ་བ་བཟང་པོ་བཙུགས་ཡོད།

3 སློབ་སྒྲུབ་ཀྱི་རྣམ་པ།

“སྔོན་ལ་ལས་གནས་གཏན་འཁེལ་དང་། རྗེས་སུ་ལས་ཀ་དང་སློབ་སྦྱོང་བརྗེ་རེས”ཀྱི་སློབ་གཉེར་བྱེད་སྟངས་གསར་གཏོད་བྱས་ཏེ།    སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྡུས་པའི་སློབ་མ་རེ་རེར་སྔོན་ལ་ལས་གནས་ཀྱི་ངེས་གནས་འཚོལ་བ་དང་། རྗེས་སུ་ལས་ཀ་དང་སློབ་སྦྱོང་བརྗེ་རེས་བྱེད་པ། དེ་ནས་ལས་གནས་ཀྱི་ཚབ་ཏུ་དངོས་སྦྱོང་བྱེད་པ། སློབ་གྲྭས་སློབ་གྲྭར་བསྡད་པའི་སྐབས་སུ་དགེ་རྒན་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་དངོས་གཞིའི་ཀུང་སི་གཉེར་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སློབ་མ་མཐར་ཕྱིན་སྐབས་རང་ཚུགས་ཀྱི་ལས་གཏོད་ནུས་པ་དང་ཁེ་ལས་ཀྱི་ལས་སྒོའི་རྐང་འཛིན་པར་གྱུར་པའི་ལས་ཞུགས་ནུས་པ་ཞིག་ཡོད། སློབ་གླིང་གིས་ལས་ཞུགས་སློབ་མ་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ཞབས་ཞུ་ཉུང་མཐར་ཡང་ལོ་གསུམ་བྱེད་ཀྱིན་ཡོད།


དཔྱད་གཞིའི་ཡིག་ཆ།