ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-05 16:53ལ་འགྲུབ།

ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།

ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་ལོ37གྱི་སློབ་གཉེར་ལོ་རྒྱུས་ལྡན་ཡོད། གཟབ་ནན་གྱི་སློབ་གསོའི་ཁོར་ཡུག་ལ་སློབ་མའི་ཁྱིམ་བདག་གི་ཡིད་ཆེས་དང་སྤྱི་ཚོགས་ཁྲོད་ཀྱི་མིས་གདེང་འཇོག་ཡག་པོ་ཐོབ་ཡོད། སློབ་གྲྭའི་སློབ་གཉེར་མཛུབ་སྟོན་བསམ་བློ་ཁ་གསལ་དང་དྲང་ཏིག་ཡིན་ཞིང་། “ཞབས་ཞུ་དམིགས་ཡུལ་དུ་འཛིན་པ་དང་། ལས་ཞུགས་ཁྲིད་སྟོན་དུ་འཛིན་པའི”ལས་རིགས་སློབ་གསོའི་བྱེད་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱིས་ལས་རིགས་ཅན་གྱི་ཤེས་ལྡན་མི་སྣའི་དངོས་ཡོད་དགོས་མཁོ་དང་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཞུ་རྒྱུ་དེ་སློབ་གཉེར་ཁ་ཕྱོགས་གཙོ་བོར་བཟུང་ཡོད། “དེང་རབས་ཅན་དུ་འགྱུར་བའི་སློབ་གསོ་དང་འཚམ་པའི་བྱིས་པའི་དགེ་རྒན་དང་། དེང་རབས་ཅན་དུ་འགྱུར་བའི་སྒྱུ་རྩལ་གྱི་མཛེས་དཔྱོད་དང་མཐུན་པའི་ཞབས་བྲོ། རོལ་དབྱངས་སོགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ”དེ་སློབ་གཉེར་གྱི་དམིགས་ཡུལ་དུ་འཛིན་པ། “འགྲན་རྩོད་ཁྲོད་འཕེལ་རྒྱས་ཡོང་ཐབས་དང་། འཕེལ་རྒྱས་ལ་བརྟེན་ནས་འཚོ་གནས་ཡོང་ཐབས་བྱེད་པའི”སློབ་གཉེར་མཛུབ་སྟོན་བསམ་བློ་དང་སློབ་གཉེར་འདུ་ཤེས་ཆགས་པར་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内蒙古民族幼儿师范高等专科学校
བསྡུས་མིང་།
མི་རིགས་བྱིས་པའི་ཆེད་སྦྱོང་སློབ་གྲྭ།
བཙུགས་ལོ།
སྤྱི་ལོ1980ལོར།
ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭ་རིགས་དབྱེ།
མི་རིགས་དང་དགེ་རྒན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཕིང་དང་སློབ་གཙོ་ཀྲང་པའོ་ཁྲེང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
སློབ་སྔོན་སློབ་གསོའི་སྡེ་ཁག རོལ་དབྱངས་སྡེ་ཁག མཛེས་རྩལ་སྡེ་ཁག
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1974ལོར་དབྱི་ཁེ་ཀྲའོ་མིང་མི་རིགས་སློབ་འབྲིང(ཞོར་དུ་འབྲིང་རིམ་དགེ་འོས་འཛིན་གྲྭ་བཙུགས)བཙུགས།     

སྤྱི་ལོ1980ལོར་དབྱི་ཁེ་ཀྲའོ་མིང་མི་རིགས་སློབ་འབྲིང(ཞོར་དུ་འབྲིང་རིམ་དགེ་འོས་འཛིན་གྲྭ)དབྱི་ཁེ་ཀྲའོ་མེང་སོག་རིགས་དགེ་འོས་སློབ་གྲྭ་རུ་བསྒྱུར།     

སྤྱི་ལོ1989ལོར་དབྱི་ཁེ་ཀྲའོ་མིང་སོག་རིགས་དགེ་འོས་སློབ་གྲྭ་ནང་སོག་མི་རིགས་བྱིས་པའི་དགེ་འོས་སློབ་གྲྭ་ཞེས་པར་མིང་བསྒྱུར།     

སྤྱི་ལོ2000ལོར་དབྱི་ཁེ་ཀྲའོ་མིང་སྒྱུ་རྩལ་སློབ་གྲྭ་དང་ནང་སོག་མི་རིགས་བྱིས་པའི་དགེ་འོས་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ནང་སོག་མི་རིགས་བྱིས་པའི་དགེ་འོས་སློབ་གྲྭ་བཙུགས།     

སྤྱི་ལོ2013ལོར་ནང་སོག་མི་རིགས་བྱིས་པའི་དགེ་འོས་སྒྱུ་རྩལ་སློབ་གྲྭ་ནང་སོག་མི་རིགས་བྱིས་པའི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་རིམ་སྤོར་བྱས་པ་རེད།

2 འགོ་ཁྲིད།

སློབ་གཙོ་ཀྲང་པའོ་ཁྲེང་།

3 སློབ་སྒྲུབ་ཆ་རྐྱེན།

སློབ་གྲྭའི་སློབ་ཁྲིད་ཀྱི་ཆ་རྐྱེན་ལེགས་པ་དང་། དགེ་རྒན་གྱི་སྟོབས་ཤུགས་ཆེ་བ། དངོས་སྦྱོང་གི་སྒྲིག་ཆས་ཆ་ཚང་བ། ལུས་རྩལ། འཕྲོད་བསྟེན་བཅས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་བ། སློབ་གྲྭ་གསར་དུ་གནས་སྤོས་པའི་སློབ་ཁུལ་གསར་པ་ནི་ནང་སོག་ས་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་ལེགས་ཤོས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་ཞིག་རེད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ186760(མུའུ280)ཡོད། ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ91356ཡོད་པ་དང་། ད་ལྟ་སློབ་ཁྲིད་ཐོག་ཁང་ལྔ་དང་། དཔེ་དེབ་ཐོག་ཁང་གཅིག སྤྱི་ཤག་ཐོག་ཁང་ལྔ། བཟའ་བཏུང་ཐོག་ཁང་གཅིག བྱིས་པའི་སློབ་གསོ་གསོ་སྦྱོང་ལྟེ་གནས་གཅིག གཞུང་ལས་ཐོག་ཁང་བཅས་ཡོད། སློབ་ཁང་ཆེ་ཆུང163དང་སྒྲ་སྙན་ཁང174ཡོད། རོལ་ཆས་ཁང66དང་། འཕྲུལ་ཆས་ཁང8བཅས་ཡོད། སྨྱན་མང་གཟུགས་དང་སྒྲ་གདངས་ཁང་གི་ཁང་མིག་གསུམ་དང་དངོས་ལུགས་རྫས་འགྱུར་སློབ་མའི་ཚོད་ལྟ་ཁང་གི་ཁང་མིག་གཉིས། བཤམས་སྟོན་ཁང1 དྲ་མིག་ཅན་གྱི་སློབ་ཁང་དང་། སེམས་ཁམས་བློ་འདྲི་ཁང་། ལད་ཟློས་བུ་བཅོལ་ཁང་བཅས་ཁང་མིག3ཡོད། སློབ་གསོ་དང་སྒྱུ་རྩལ་དངོས་སྦྱོང་ཁང་ཁག42ཡོད་པ་རེད། ལས་ཤག643ནང་སློབ་མ4500སློབ་སྦྱོང་དང་འཚོ་བ་སྐྱེལ་ཆོག དུས་མཚུངས། སློབ་གྲྭས་ད་དུང་ཚོད་ལྟའི་ཟློས་གར་ཁང་དང་འཁྲབ་སྟོན་ཚོམས་ཆེན1བསྐྲུན་ནས་སློབ་གྲྭའི་སྒྱུ་རྩལ་སློབ་ཁྲིད་དང་ལག་ལེན་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭར་སློབ་གཉེར་བརྒྱུད་རིམ་གྱི་གྲུབ་ཆ་དང་གོ་མིང་གི་གྲུབ་ཆ་ཚན་རིག་དང་མཐུན་ལ་ལུགས་མཐུན་གྱི་དགེ་རྒན་དཔུང་ཁག་ཅིག་ཡོད། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ265དང་ཆེད་བསྐོས་དགེ་རྒན232ཡོད། དེའི་ནང་རབ་འབྱམས་པ78དང་། འབུམ་རམས་པ1འབུམ་རམས་གཉེར་བཞིན་པ2བཅས་ཡོད། མཐོ་རིམ་འཆད་ཁྲིད་དགེ་རྒན65ཡོད་པའི་ནང་དགེ་རྒན་ཆེན་མོ་གཞོན་པ11དང་མཐོ་སློབ་ཀྱི་འཆད་ཁྲིད་དགེ་རྒན108ཡོད། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཐོབ་མཁན194དང་གཉིས་མཁས་ཅན་གྱི་དགེ་རྒན115ཡོད་པ་རེད། སློབ་གྲྭར་སློབ་ཁྲིད་འཛིན་གྲྭ96ཐོ་འགོད་བྱས་པའི་སློབ་མ4460ཡོད། སློབ་གྲྭ་རང་གི་སློབ་མ3502ཡོད་པའི་ནང་ཆེད་ཚན་སློབ་གྲྭ་ཆེ་བའི་སློབ་མ1953ཡོད། ལོ་ལྔའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་འབྲིང་རིམ་ཆེད་ལས་ཚན་ཁག་གི་མི1084ཡོད། འབྲིང་རིམ་ཆེད་ལས་སློབ་གྲྭ465དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁྱོན1549ཡོད། 

5 བསམ་བློའི་མཛུབ་སྟོན།

སློབ་གྲྭས་ཐོག་མཐའ་བར་གསུམ་དུ་སློབ་མ་གཙོ་བོར་འཛིན་པ་དང་ནུས་པ་རང་གནས་སུ་འཛིན་པའི་སློབ་གསོའི་མཛུབ་ཁྲིད་བསམ་བློ་ལག་བསྟར་བྱེད་ཀྱིན་ཡོད། གསོ་སྐྱོང་དམིགས་ཚད་མངོན་འགྱུར་བྱེད་པར་མཁོ་བའི་ཤེས་བྱའི་བླང་བྱ་དང་ནུས་པའི་བླང་བྱར་དམིགས་ནས་སློབ་གྲྭས་སློབ་ཚན་གྱི་གྲུབ་ཆ་དང་། སློབ་ཁྲིད་ནང་དོན། སློབ་ཁྲིད་བྱེད་ཐབས། རྒྱུགས་ལེན་དཔྱད་ཞིབ་བྱེད་ཐབས་སོགས་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒྱུར་བཅོས་བྱས་ཡོད། སློབ་གྲྭས་སློབ་སྐར་ལམ་ལུགས་རྨང་གཞིར་བྱས་པའི་ལྡེམ་ཤུགས་ལྡན་པའི་སློབ་སྦྱོང་ལམ་ལུགས་ལག་བསྟར་བྱས་ཏེ། དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱ་དགོས།


དཔྱད་གཞིའི་ཡིག་ཆ།