ཧྲན་ཞིའི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2020-08-05 15:40ལ་འགྲུབ།

ཧྲན་ཞིའི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་།

ཧྲན་ཞིའི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་།
ཧྲན་ཞིའི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་བཙུགས་པའི་རྒྱལ་གཉེར་སློབ་གླིང་ཞིག་ཡིན་ལ། ཧྲན་ཞི་ཞིང་ཆེན་ཚོང་དོན་ཐིང་གི་ཁོངས་སུ་གཏོགས། སྤྱི་ལོ1985ལོར་བཙུགས། སློབ་གླིང་གི་དགེ་རྒན་གྱི་དཔུང་སྡེ་ཧ་ཅང་ཆེ། ཁ་ན་ཏའི་པང་ཏེ་རྒྱལ་སྤྱིའི་སློབ་གླིང་དང་ཁོ་ལོམ་པི་ཡའི་རྒྱལ་སྤྱིའི་སློབ་གླིང་དང་མཉམ་ལས་སློབ་གཉེར་བྱས་ནས་ཕྱི་རྒྱལ་གྱི་དགེ་རྒན་དང་སློབ་གཉེར་རྣམ་གྲངས་ནང་འདྲེན་བྱས་པ་ཡོད་པ་རེད། དགེ་རྒན་གྱིས་སྔ་རྗེས་སུ་ཆེད་རྩོམ་དང་། སློབ་དེབ། སྒྱུར་རྩོམ། ཚིག་དེབ་བཅས་རིགས་བཅུ་ཕྲག་ཁ་ཤས་ཡོངས་བསྒྲགས་དཔེ་སྐྲུན་བྱས་ཡོད་ལ། དཔྱད་རྩོམ་སྟོང་ལྷག་ཡོད། སློབ་གླིང་གིས་ཚོང་དོན་དབྱིན་ཡིག་དང་། རྒྱལ་སྤྱིའི་ཚོང་དོན། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྒྱལ་སྤྱིའི་ཟོག་འདྲེན་ལས་ཚབ་སོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཁྱད་ཆོས་སུ་བྱས་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པ་བྱ་རྒྱུ་རྨང་གཞི་དང་། སློབ་གསོ་གསར་གཏོད་བྱ་རྒྱུ་ཕྱོགས་སྟོན་དུ་འཛིན་པ་ཡིན། རྨང་གཞི་ཡག་པོ་འདིང་བ་དང་། གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཁྱད་ཆོས་འཕེལ་རྒྱས་གཏོང་བ། བྱང་ཚད་མཐོ་རུ་གཏོང་བའི་སློབ་གཉེར་བསམ་བློ་དེ་རྒྱུན་འཁྱོངས་བྱས་ཏེ“སྒོ་འབྱེད་དང་། ཡར་བརྩོན། གཟབ་ནན། བདེན་འཚོལ”བཅས་སློབ་གྲྭའི་སྲོལ་བཟང་དུ་བཟུང་བ་དང་། ཧུར་ཐག་སྒོས་ཉེར་སྤྱོད་ཅན་དང་མཉམ་འདུས་ཅན་གྱི་རྒྱལ་སྤྱིའི་ཚོང་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山西国际商务职业学院
དབྱིན་ཡིག་གི་མིང་།
shanxi international business vocational college
བཙུགས་ལོ།
སྤྱི་ལོ1985ལོར།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ནོར་སྲིད་དཔལ་འབྱོར།
ངོ་བོ།
མཐོ་རིམ་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར།
སློབ་གཙོ།
ཧྥུའུ་ཅན།
གཙོ་གཉེར་ཚན་པ།
ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་།
1 སློབ་གཉེར་འདུ་ཤེས།

སློབ་གླིང་གིས“སློབ་སྦྱོང་ལ་ཤུགས་སྣོན་དང་། སློབ་ཁྲིད་གཉིས་འཕེལ”སློབ་གྲྭའི་གདམ་ཚིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་བྱང་ཚད་སློབ་གསོ་ཁྱབ་གདལ་གཏོང་བཞིན་ཡོད། སློབ་མའི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པ་དང་། ཕུལ་བྱུང་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་ལམ་ལུགས་ལག་ལེན་བསྟར་ནས་སློབ་མའི་ཆེད་ལས་ཆུ་ཚད་དང་ལག་འགུལ་བཀོལ་སྤྱོད་བྱེད་ནུས་ཆེ་རུ་ཤུགས་ཆེན་གཏོང་བཞིན་ཡོད། སློབ་མས་སློབ་གྲྭར་སློབ་སྦྱོང་བྱེད་པའི་དུས་ཚད་ཐོན་ན་སློབ་གཉེར་བརྒྱུད་རིམ་གྱི་ལག་ཁྱེར་ཐོབ་ཐུབ།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1985ལོར་ཧྲན་ཞི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཙུགས།

སྤྱི་ལོ1999ལོར་ཧྲན་ཞི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཧྲན་ཞི་ཞིང་ཆེན་རྒྱལ་སྤྱིའི་ཚོང་དོན་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ2004ལོར་ཧྲན་ཞི་ཞིང་ཆེན་རྒྱལ་སྤྱིའི་ཚོང་དོན་སློབ་གྲྭ་ཧྲན་ཞི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས།

3 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

བཟོ་ཚོང་དོ་དམ་སྡེ་ཁག

ཧྲན་ཞི་རྒྱལ་སྤྱིའི་ཚོང་དོན་ལས་རིགས་སློབ་གླིང་བཟོ་ཚོང་དོ་དམ་ཚན་ཁག་གི་མིང་སྔ་མ་ནི་མི་ཆོས་སྤྱི་ཚོགས་ཚན་རིག་སྡེ་ཁག་ཡིན། སྤྱི་ལོ2010ལོའི་ཟླ3པའི་ཚེས30ཉིན་ མི་ཆོས་སྤྱི་ཚོགས་ཚན་རིག་སྡེ་ཁག་གི་མིང་དེ་བཟོ་ཚོང་དོ་དམ་སྡེ་ཁག་ཏུ་བསྒྱུར། མི་རྩ་བར་འཛིན་པ་དང་འཇོན་ཐང་གཙོ་བོར་བཟུང་སྟེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་བཟོ་ཚོང་དོ་དམ་རིགས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གླིང་གི་འགན་འཁྲིར་བརྩི་བཞིན་ཡོད།

ཆེད་ལས་འཛུགས་སྐྲུན་ཐད་སློབ་གྲྭས་སྔར་ཡོད་ཀྱི་ཆེད་ལས་བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་མི་ཤུགས་ཐོན་ཁུངས་ཀྱི་ཚོང་རའི་དགོས་མཁོ་ལྟར། དུས་དང་བསྟུན་ནས་ཚོང་དོན་དོ་དམ་ཆེད་ལས་རེ་ཞུ་བྱས། སྡེ་ཁག་གི་ཆེད་ལས་འཛུགས་སྐྱོང་དེ་འཚོལ་ཞིབ་ཧུར་ཐག་ཁྲོད་བརྟན་པོའི་ངང་སྐུལ་འདེད་བཏང་བས་ཆེད་ལས་བཀོད་སྒྲིག་ཚན་རིག་ཅན་དང་། གསོ་སྐྱོང་དམིགས་ཚད་ཁ་གསལ་ཅན། གསོ་སྐྱོང་ཇུས་གཞི་ཚད་ལྡན་ཅན། རིག་ཚན་མ་ལག་མ་ལག་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད།

བཟོ་ཚོང་དོ་དམ་སྡེ་ཁག་གི་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་སློབ་ཁྲིད་ཀྱི“དགོས་ངེས་དང་འདང་ངེས”ཀྱི་རྩ་དོན་གྱི་ལྷག་འཕྲོར་རྒྱུན་འཁྱོངས་བྱས། ལྷག་པར་དུ་སློབ་མས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་པར་ཁྲིད་སྟོན་བྱ་རྒྱུར་དོ་སྣང་ཆེན་པོ་བྱས། ཧྲན་ཞི་དང་། ཞིན་མོར་དང་། ཧྭ་ཡུས་ཀྱི་ཕྱེ་ལེབ་འཚོལ་ཤོན། པེ་ཅིང་གི་རུང་ཁྲེང་ཧྲན་གསོལ་མགྲོན་ཁང་། པེ་ཅིང་གི་དབྱི་ཧྲི་ལིའུ་བཟའ་བཏུང་ཚོགས་པ་བཅས་ནི་སྡེ་ཁག་གི་དངོས་སྦྱོང་རྟེན་གཞི་གཙོ་བོ་ཡིན། འདི་དག་གིས་སློབ་མའི་འཕེལ་རྒྱས་ལ་ཡངས་ཤིང་རྒྱ་ཆེ་བའི་ལས་ཞུགས་བར་སྟོང་འདོན་སྤྲོད་བྱས་པ་མ་ཟད། ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཇེ་ཆེར་བཏང་བས་སློབ་མར་དངོས་སྦྱོང་རྟེན་གཞིར་འཚོ་བའི་ཉམས་ལེན་དང་ཁོར་ཡུག་གི་ཤུགས་རྐྱེན་བཟང་པོ་ཐེབས་སུ་བཅུག་པ་རེད། སློབ་མའི་ཆེད་ལས་ཤེས་བྱ་སྲ་བརྟན་དུ་བཏང་སྟེ། སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད།

བཟོ་ཚོང་དོ་དམ་སྡེ་ཁག་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ཁྲོད་ཆེད་ལས་དང་ཞོར་ལྕོགས་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། “གཉིས་མཁས་རྣམ་པའི”དཔུང་སྡེ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ལག་རྩལ་ཤེས་ལྡན་མི་སྣ་ནང་འདྲེན་ཧུར་ཐག་བྱས་ནས་ཆེད་ལས་དགེ་རྒན་གྱི་དཔུང་ཁག་ལ་ཁ་སྣོན་བརྒྱབ་ཡོད། ཆེད་ལས་དང་ཞོར་ལས་ཟུང་འབྲེལ་དང་། རྒན་འཁོགས། འབྲིང་རིམ། ན་གཞོན་བཅས་ཀྱི་བསྡུར་ཚད་མཐུན་སྦྱོར་ཡིན་པའི་དགེ་རྒན་གྱི་དཔུང་ཁག་ཅིག་ཆགས་ཡོད།

4 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཝང་དབྱི།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ། ཧྥུའུ་ཅན།

ཏང་ཨུའི་ཨུ་ཡོན་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཨའེ་མིན།

ཏང་ཨུའི་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི། མུའུ་ཡིའུ་ཧྥེང་།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། དབྱིན་ཞུའེ་ཧྥེང་།

ཏང་ཨུའི་ཨུ་ཡོན་དང་གླིང་གཙོ་གཞོན་པ། ཞུས་པོ།


དཔྱད་གཞིའི་ཡིག་ཆ།