ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-08-05 16:07ལ་འགྲུབ།

ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་།

ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་།
ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་ནི་ཀྲུང་གོའི་ཧྲང་ཧའེ་རུ་གནས་ཤིང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སྤྱི་ལོ1993ལོའི་ཟླ7པར། སློབ་གླིང་གིས་ཐུང་ཅི་སློབ་ཆེན་གྱི་རྒྱབ་སྐྱོར་དང་རོགས་རམ་འོག ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་རེད། དེའི་མིང་ལ“དམངས་གཉེར་ཅི་ཀོང་སློབ་གླིང”ཞེས་པ་དང་མཐོ་རིམ་སློབ་གསོའི་སློབ་རྒྱུས་ལག་ཁྱེར་གྱི་རྒྱུགས་སྤྲོད་སློབ་བསྡུའི་ནང་ཞུགས། སྤྱི་ལོ2017ལོའི་ཟླ7པའི་པར། སློབ་གླིང་དེའི་འོག་ཏུ་ཨར་ལས་དང་། ཨར་ལས་བཟོ་པ། དཔལ་འབྱོར་དོ་དམ། འཕྲུལ་གློག་སོགས་ཚན་ཁག4བཙུགས་ནས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་སློབ་མ5700ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上海济光职业技术学院
ཕྱི་ཡིག་གི་མིང་།
Shanghai JiGuang Polytechnic College
བསྡུས་མིང་།
ཅི་ཀོང་སློབ་གླིང་། ཅི་ཀོང་།
བཙུགས་ལོ།
སྤྱི་ལོ1993ལོ།
རིགས་དབྱེ།
དམངས་བཙུགས་སློབ་གྲྭ་ཆེན་མོ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲང་ཧའེ།
སློབ་གྲྭའི་ངོ་བོ།
མཐོ་རིམ་སློབ་གྲྭ་དཀྱུས་མ། (ཆེད་ལས་ཚན་ཁག)
གཙོ་གཉེར་སྡེ་ཁག
ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་།
སློབ་གྲྭའི་གནས་ཡུལ།
ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་ཆུ་ཐོན་ལམ་ཨང2859པ།
1 སློབ་གླིང་།

ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1993ལོར་ཐུང་ཅི་སློབ་ཆེན་གྱི་རྒན་ཡོལ་ཞུས་པའི་དགེ་རྒན་གྱིས་གཉེར་བ་ཞིག་ཡིན། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་བཙུགས་པ་དང་། སྤྱི་ལོ2001ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོ་དཀྱུས་མའི་གཅིག་གྱུར་སློབ་བསྡུའི་འཆར་གཞིའི་ནང་བཅུག་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཡིན། སློབ་གླིང་གིས་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་སློབ་གྲྭའི་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས། སློབ་གླིང་གིས་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས། དམངས་གཉེར་མཐོ་རིམ་སློབ་གསོའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལག་བསྟར་མཐའ་གཅིག་ཏུ་བྱས། ཁྲིམས་ལྟར་སློབ་གཉེར་དང་སྤྱི་ཕན་རང་བཞིན་དང་ཁེ་གཉེར་རང་བཞིན་མ་ཡིན་པའི་སློབ་གཉེར་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སློབ་གཉེར་ཚད་ལྡན་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྲོལ་ལས་འགལ་བའི་བྱེད་སྤྱོད་སྣ་ཚོགས་གཏན་འགོག་བྱས།

སློབ་གླིང་གི་སྤྱི་ལོ2017ལོའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་སྤྱི་ལོ2017ལོའི་ཟླ8པའི་ཚེས31ཉིན་བར99.74%ཟིན་ཡོད་པ་རེད། དེའི་ནང་ཆེད་ལས17གྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད100%ཟིན། ཁེ་ལས་གྲགས་ཅན་མང་པོར་རང་རེའི་སློབ་གླིང་གི་སློབ་ཐོན་སློབ་མའི་ལས་ཞུགས་ཚན་པར་གྱུར་པ་དཔེར་ན། ཐུང་ཅི་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་དང་། ཧྲང་ཧའེ་པའོ་ཀང་ལས་གྲྭའི་ཇུས་འགོད་ཁང་། ཀྲུང་གོའི་ལྕགས་བཞུ་འཛུགས་སྐྲུན་ཀུང་སི་ཉི་ཤུ་པ། རུའེ་ཅིན་སྨན་ཁང་། ཤིན་ཧྭ་སྨན་ཁང་། ཧྭ་ཧྲན་སྨན་ཁང་སོགས་རེད།

2 ​སློབ་གཉེར་གཞི་ཁྱོན།

ཅི་ཀོང་སློབ་གླིང་གིས་སྤྱི་ལོ1993ལོའི་སྟོན་ཁར་སློབ་མ་དངོས་སུ་བསྡུས་ཚུན་ལོ་ངོ་ཉི་ཤུ་ལ་ཉེ་བའི་སློབ་གཉེར་ལོ་རྒྱུས་ཡོད། སློབ་གཉེར་ཉམས་མྱོང་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་ནས་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དང་དོ་དམ་ཚད་ལྡན་ཞིག་བཙུགས། ཆེད་ལས20ལྷག་དང་ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ6000ལྷག་ཡོད།

སྤྱི་ལོ2013ལོའི་བར་ཅི་ཀོང་སློབ་གླིང་དུ་སློབ་ཐོན་སློབ་མ3200ལྷག་ཙམ(ལོ་དེ་དུས་སློབ་གྲྭ་ཐོན་གྲབས་ཡོད་པའི་སློབ་མ1100ལྷག་ཚུད་མེད)ཡོད། སློབ་ཐོན་སློབ་མ་ཁག་གཅིག་དངོས་གཞིའི་ཚན་ཁག་ཏུ་འཕར་བ་དང་ཕྱི་རྒྱལ་དུ་མུ་མཐུད་ཟབ་སྦྱོང་བྱས་པ་ཕུད། ལོ་ལྟར་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་ཧ་ཅང་མཐོ་པོ་ཡོད་པ་དང་སྐབས2000རིང97.3%ཟིན་ཡོད། སློབ་ཐོན་སློབ་མ་མི་ཉུང་བ་ཞིག་གིས་ལས་གནས་ཐོག་བྱས་རྗེས་མངོན་གསལ་དོད་པོ་བཞག་སྟེ་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ལག་རྩལ་རྐང་འཛིན་པར་གྱུར་ཡོད། ཁེ་ལས་དང་བྱ་གཞག་མང་པོ་ཞིག་གི་འགན་འཁུར་བས་ཅི་ཀོང་སློབ་གླིང་གི་སློབ་ཐོན་སློབ་མའི་རྨང་གཞི་བརྟན་པོ་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད། ཆེད་ལས་རྩལ་ནུས་བཟང་བ་དང་། ལག་པ་འགུལ་བའི་ནུས་པ་དང་ལས་ཀ་འཕྲོད་པའི་ནུས་པ་ཆེན་པོ་ཡོད།

3 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1993ལོའི་ཟླ7པར། དམངས་གཉེར་ཅི་ཀོང་སློབ་གླིང་བཙུགས། (གྲ་སྒྲིག)

སྤྱི་ལོ2001ལོའི་ཟླ5པར། ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་བཙུགས།

སྤྱི་ལོ2003ལོའི་ཟླ4པར། ཧྲང་ཧའེ་ཅི་ཀོང་ལས་རིགས་ལག་རྩལ་སློབ་གླིང་བཙུགས།

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་ཚན་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

4 སློབ་གླིང་དང་ཚན་ཁག་ཆེད་ལས།
4_1 བཟོ་སྐྲུན་སྡེ་ཁག

བཟོ་སྐྲུན་སྡེ་ཁག་ནི་ཅི་ཀོང་སློབ་གླིང་གི་གཙོ་གནད་སློབ་གླིང་ཞིག་ཡིན་ཞིང་། སྤྱི་ལོ1993ལོར་ཆེད་ལས་ལྔ་བཙུགས་ཡོད་པ་སྟེ། དེ་དག་ནི་འཛུགས་སྐྲུན་ཇུས་འགོད་ལག་རྩལ་དང་། འཛུགས་སྐྲུན་འཆར་འགོད་ལག་རྩལ། འཛུགས་སྐྲུན་རྒྱན་སྤྲས་ལས་གྲྭའི་ལག་རྩལ། སྐྱེད་ཚལ་ལས་གྲྭའི་ལག་རྩལ། (མཛེས་ལྗོངས་ཇུས་འགོད་ལག་རྩལ)བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན། ཐོན་རྫས་ཇུས་འགོད་ལག་རྩལ་བཅས་ཡིན།

4_2 ཨར་ལས་བཟོ་སྐྲུན་སྡེ་ཁག

ཨར་ལས་བཟོ་སྐྲུན་སྡེ་ཁག་ནི་སྤྱི་ལོ1995ལོ་ནས་བཟུང་བཟོ་སྐྲུན་ཨར་ལས་ལག་རྩལ་ཆེད་ལས་གསར་འཛུགས་བྱས། སྤྱི་ལོ2003ལོ་ནས་བཟུང་ས་ཁང་བདག་ཁོངས་གཉེར་སྐྱོང་དང་རིན་གོང་ཚོད་རྩིས་ཆེད་ལས་བཙུགས་པ་དང་། སྤྱི་ལོ2007ལོ་ནས་བཟུང་བཟོ་སྐྲུན་ཨར་ལས་དོ་དམ་ཆེད་ལས་བཙུགས། དེའི་ནང་ཨར་པོའི་ལས་གྲྭའི་ལག་རྩལ་ཆེད་ལས་ནི་སློབ་གླིང་གི་ཁྱད་ཆོས་ལྡན་པའི་ཆེད་ལས་ཀྱི་གྲས་ཤིག་ཡིན། དགེ་རྒན་གྱི་སྟོབས་ཤུགས་ཅུང་ཆེ་བས་ལས་ཞུགས་ཀྱི་མདུན་ལམ་བཟང་པོ་ཡོད། འཛུགས་གཉེར་བྱས་པའི་ཆེད་ལས་ལ་ཨར་པོའི་ལས་གྲྭའི་ལག་རྩལ་དང་། ཨར་པོའི་བཟོ་སྐྲུན་མ་གནས། ཨར་པོའི་ལས་གྲྭའི་དོ་དམ། ས་ཁང་བདག་ཁོངས་གཉེར་སྐྱོང་དང་རིན་གོང་ཚོད་རྩིས་བཅས་ཡོད།

4_3 འཕྲུལ་གློག་སྡེ་ཁག

འཕྲུལ་གློག་ཚན་ཁག་ནི་སྤྱི་ལོ1993ལོ་ནས་བཟུང་ད་བར་ལོ་ངོ17ཡོད་པ་རེད། ཚན་ཁག་འདིར་ཆེད་ལས་ཚོགས་པ་གཉིས་དང་། རླངས་འཁོར་ཆེད་ལས་ཚོགས་པ། རྩིས་འཁོར་ཆེད་ལས་ཚོགས་པ་བཅས་ཡོད།

འཕྲུལ་གློག་སྡེ་ཁག་གིས་སྤྱི་ཚོགས་ལ་རླངས་འཁོར་དང་རྩིས་འཁོར་ཆེད་ལས་ཀྱི་ལག་རྩལ་རང་བཞིན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེལ་འདྲེན་བྱས་པས། སྤྱི་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད།

4_4 ཕྱི་སྐད་སྡེ་ཁག

ཕྱི་སྐད་སྡེ་ཁག་གི་དགེ་རྒན་གྱི་སྟོབས་ཤུགས་ཧ་ཅང་ཆེ་ཞིང་། ད་ལྟ་ཆེད་གཉེར་དང་གཅིག་ལྕོགས་དགེ་རྒན24ཡོད། དེའི་ནང་འབུམ་རམས་པའི་སློབ་གནས་དང་དགེ་རྒན་ཆེ་མོ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན10ཡོད་པ་དེས་དགེ་རྒན་བསྡོམས་འབོར་གྱི41.7%བཟུང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གྲྭ་ཆེན་མོ། ཕྱི་སྐད་སྡེ་ཁག