ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-07 11:23ལ་འགྲུབ།

ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་།

ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་།
ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་རང་རྒྱལ་གྱི་ཁག་དང་པོའི་མཚོ་རྒྱུད་སྒོ་འབྱེད་གྲོང་ཁྱེར་དང་། རྒྱལ་ཁབ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་གྲོང་ཁྱེར། ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ཆེ་ཤོས་ཀྱི་སྡོད་མལ། ལས་ཞུགས། ཡུལ་སྐོར་བཅས་ལ་འཚམ་པའི་ཡིང་ཁོའུ་རུ་ཆགས་ཡོད། དེ་ནི་ལེའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
营口职业技术学院
ཕྱི་ཡིག་གི་མིང་།
Yingkou Vocational andtechnical college
བཙུགས་ལོ།
སྤྱི་ལོ1959ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རྣམ་པ།
དགེ་འོས་སློབ་ཆེན།
ངོ་བོ།
ཞིང་ཆེན་ཁོངས་གཏོགས་ཀྱི་ཆེད་སྦྱོང་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལེའོ་ཉིང་ཞིང་ཆེན་ཡིང་ཁའུ་གྲོང་ཁྱེར།
སློབ་གཙོ།
ཡོན་ཏུང་།
གཙོ་གཉེར་ཚན་པ།
ལེའོ་ཉིང་ཞིང་ཆེན།
སློབ་གྲྭའི་དམ་ཚིག
སྤྱོད་བཟང་སློབ་ལ་བརྩོན་ཞིང་། ལག་རྩལ་ལེགས་ལ་འཇོན་ཐང་ལྡན།
སློབ་གླུ།
འབྱུང་འགྱུར་ཕྱོགས་སུ་བསྐྱོད།
སློབ་གླིང་གི་སྡེ་ཁག་དང་ཆེད་ལས།
གློག་ལས་སློབ་གླིང་། ཨར་ལས་རྫས་འགྱུར་བཟོ་ལས་སློབ་གླིང་། ཚོང་དོན་ཆ་འཕྲིན་སློབ་གླིང་། རིག་གནས་ཡུལ་སྐོར་སློབ་གླིང་། དགེ་འོས་སློབ་གསོའི་སློབ་གླིང་། འཕྲོད་བསྟེན་བདེ་ཐང་སློབ་གླིང་སོགས།
སློབ་གྲྭའི་གནས་ཡུལ།
ལེའོ་ཉིང་ཞིང་ཆེན་ཡིང་ཁོའུ་གྲོང་ཁྱེར་ནུབ་གྲོང་ཁུལ་གྱི་ཤིན་ཧའེ་ཁྲོམ་གཞུང་ཤར2222པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
10181
གཟི་བརྗིད་མཚན་སྙན།
ཡིང་ཁོའུ་གྲོང་ཁྱེར་གྱི་སྔོན་ཐོན་ཏང་ཨུ། ཡིང་ཁོའུ་གྲོང་ཁྱེར་གྱི་ཤེས་དཔལ་ཚན་པ། ལེའོ་ཉིང་ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་མཉམ་སྡེབ་ཡིང་ཁའུ་གྲོང་ཁྱེར་ཤེས་དཔལ་སློབ་གྲྭ། ལེའོ་ཉིང་ཞིང་ཆེན་དམིགས་བསལ་སློབ་གསོའི་སྔོན་ཐོན་ཚན་པ། ལེའོ་ཉིང་ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་མཉམ་སྡེབ།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2000ལོར་ཡིང་ཁོའུ་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་། ཡིང་ཁོའུ་གྲོང་ཁྱེར་མཐོ་རིམ་ལས་རིགས་ཆེད་ཚན་སློབ་གྲྭ། ལེའོ་ཉིང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ཡིང་ཁོའུ་ཡན་ལག་སློབ་གྲྭ ལེའོ་ཉིང་དམིགས་བསལ་སློབ་གསོའི་དགེ་འོས་སློབ་གྲྭ་དང་། ཡིང་ཁོའུ་བྱིས་པའི་དགེ་འོས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་བཙུགས་པ་རེད། 

སྤྱི་ལོ2002ལོར་ཡིང་ཁོའུ་གློག་རྡུལ་ལག་རྩལ་ཞིབ་འཇུག་ཁང་ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་དུ་ཟླ་སྒྲིལ་བཏང་། 

སྤྱི་ལོ2006ལོའི་ཟླ6པར་སློབ་གྲྭ་དེར་ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་ཐོབ། 

སྤྱི་ལོ2015ལོའི་ཟླ3པར་སློབ་གྲྭ་དེ་ལེའོ་ཉིང་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས། 

སྤྱི་ལོ2018ལོར་ཡིང་ཁོའུ་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭ་ཡིང་ཁོའུ་ལས་རིགས་ལག་རྩལ་སློབ་གླིང་དུ་ཟླ་སྒྲིལ་བཏང་།

2 སློབ་གཉེར་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་ཆེད་ལས།

ད་སྐབས་སློབ་གྲྭའི་འཕྲུལ་གློག་བཟོ་སྐྲུན་སློབ་གླིང་དང་། ཨར་སྐྲུན་རྫས་འགྱུར་བཟོ་ལས་སློབ་གླིང་། ཚོང་དོན་ཆ་འཕྲིན་སློབ་གླིང་། རིག་གནས་ཡུལ་སྐོར་སློབ་གླིང་། དགེ་འོས་སློབ་གསོའི་སློབ་གླིང་། འཕྲོད་བསྟེན་བདེ་ཐང་སློབ་གླིང་། གསར་གཏོད་ལས་གཏོད་སློབ་གླིང་། མུ་མཐུད་སློབ་གསོའི་ཡན་ལག་སློབ་གླིང་། བསམ་བློ་ཆབ་སྲིད་པུའུ། ལུས་རྩལ་པུའུ་སོགས་སློབ་ཁྲིད་ཚན་པ་མང་པོ་ཡོད།

ཆེད་ལས་བཙུགས་ནས་ལེའོ་ཉིང་མཚོ་རྒྱུད་ཀྱི་དཔལ་འབྱོར་ཁུལ་དང་། ཧྲེན་དབྱང་དཔལ་འབྱོར་ཁུལ། ཡིང་ཁོའུ་གྲོང་ཁྱེར་བཅས་ཀྱི་གཙོ་རྟེན་ཐོན་ལས་གལ་ཆེན་ལ་ཁྱབ་ཡོད། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུས་ཤིང་། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་མ9000ལྷག་ཡོད། སློབ་གྲྭར་ཡོད་པའི་སློབ་མ4000ལྷག་ཙམ་ལ་བསྟུད་མར་སློབ་གསོ་མྱོང་དུ་བཅུག་པ་དང་། སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད94%ཡན་ཟིན་ཡོད། རྒྱལ་ཡོངས་དང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་ཆ་སྙོམས་ལས་ཞུགས་བྱེད་ཚད་ལས་མཐོ་བ་ཡོད།

3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་ཟླ་དང་པོའི་བར། སློབ་གྲྭ་དེར་རྒྱལ་ཁབ་དང་། ཞིང་ཆེན། སློབ་གླིང་རིམ་པ་ཁག་གི་སློབ་ཚན་རྩེ་གྲས50ལྷག་ཙམ་ཡོད་པའི་ནང་ཞིང་ཆེན་རིམ་པའི་སློབ་ཚན་རྩེ་གྲས6ཡོད་པ་དང་། རྒྱལ་ཁབ་ཀྱི“ཆེད་ལས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི”ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཆེད་ལས་དང་ལེའོ་ཉིང་ཞིང་ཆེན་འབྲེལ་མཐུད་ཐོན་ལས་ཀྱི་ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་དཔེ་སྟོན་ཆེད་ལས4ཡོད་པ་རེད། ལེའོ་ཉིང་ཞིང་ཆེན་གྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས་དང་སྤུས་རྟགས་དཔེ་སྟོན་ཆེད་ལས10ཡོད།

ལེའོ་ཉིང་ཞིང་ཆེན་འབྲེལ་མཐུད་ཐོན་ལས་ཀྱི་ཞིང་ཆེན་རིམ་པའི་ལས་རིགས་སློབ་གསོའི་དཔེ་སྟོན་ཆེད་ལས2ཡོད་པ་རེད། ཀྲུང་དབྱང་ནོར་སྲིད་ཀྱིས་མཐོ་རིམ་ལས་རིགས་སློབ་གྲྭས་ཆེད་ལས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས2ལ་རྒྱབ་སྐྱོར་བྱས་ཡོད། ཞིང་ཆེན་རིམ་པའི་སྤུས་རྟགས་ཆེད་ལས1དང་། ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས2ཡོད། དམིགས་བསལ་སློབ་གསོའི་འཛུགས་སྐྲུན་རྣམ་གྲངས་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཡིན། 

4 རིག་གཞུང་ཞིབ་འཇུག
4_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོར། ལེའོ་ཉིང་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གསོའི་སློབ་ཚོགས་ཀྱི“སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་ལོ་འཁོར་གྱི་ལས་རིགས་སློབ་གསོའི་ཕུལ་བྱུང་ཚན་ཞིབ་གྲུབ་འབྲས”ཀྱི་དཔྱད་འདེམས་བྱེད་སྒོའི་ནང་སློབ་གྲྭ་དེར་གྲུབ་འབྲས10ཐོབ་ཡོད་པ་རེད། དེའི་ནང་བྱ་དགའ་རིམ་པ་གཉིས་པ་ཁག5དང་ཨང་གསུམ་པ་ཁག5ཡོད།

སྤྱི་ལོ2013ལོའི་ཟླ5པར། སློབ་གྲྭ་དེའི་དགེ་རྒན་གྱིས་གཙོ་སྐྱོང་བྱས་པའི《ཐོན་སྐྱེད་རང་བཞིན་དང་རྣམ་གྲངས་ཕྱོགས་སྟོན་དུ་འགྱུར་བའི་མཐོ་རིམ་ལས་རིགས་ལག་རྩལ་རྐྱང་པའི་འཕྲུལ་ཆས་བཀོལ་སྤྱོད་ལག་རྩལ་དངོས་སྦྱོང་མ་ལག་གི་ཇུས་འགོད་དང་མངོན་འགྱུར》ཞེས་པའི་རྣམ་གྲངས་དེ་ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས་ཆོག་མཆན་སྤྲད་ནས་རྣམ་གྲངས་འཛུགས་རྒྱུ་དང་འབྲེལ་སྤྱི་ལོ2014ལོའི་ཟླ5པའི་ཚེས20ཉིན་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་དངོས་སྤྱོད་དཔེ་གསར་རིགས་ཀྱི་ཁེ་བེད་བདག་ཐོབ་ལ་ཆོག་མཆན་སྤྲད་པ་རེད།

5 རིག་གནས་སྲོལ་རྒྱུན།
5_1 སློབ་གྲྭའི་དམ་ཚིག

ཀུན་སྤྱོད་བཟང་པོ།

“སྤྱོད་བཟང་སློབ་སྦྱོང”

“ལག་རྩལ་རྩེ་གྲས”

6 སློབ་གྲྭའི་འགོ་ཁྲིད།
6_1 ད་ལྟ་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཆུས་ཧྲེང་།

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གྲྭའི་འགོ་འཛིན། ཡོན་ཏུང་། 

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཆི།

སློབ་གཙོ་གཞོན་པ། ལུའི་ཡན།

སྒྲིག་ཨུའི་ཧྲུའུ་ཅི། ཀྲུའུ་ཐའོ།

སློབ་གཙོ་གཞོན་པ། ཝང་ལང་ལང་།

སློབ་གཙོ་གཞོན་པ། ཐང་ཧའེ་ཐའོ།

སློབ་གཙོ་གཞོན་པ། ཅང་ཞ།

བཟོ་ཚོགས་ཀྱི་ཀྲུའུ་ཞི། ཀྲང་ཡན་ཧུང་།


དཔྱད་གཞིའི་ཡིག་ཆ།