ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-08-04 10:10ལ་འགྲུབ།

ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།

ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།
ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང(ShanghaiTechnicalInstituteofElectronicsInformation)ནི་གློག་རྡུལ་ཆ་འཕྲིན་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས། ཐོན་སྐྱེད་ཀྱི་རང་བཞིན་ལྡན་པའི་ཞབས་ཞུའི་ལས་རིགས་བཅས་ཀྱི་བྱང་ཚད་མཐོ་བའི་ལག་རྩལ་དང་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་ཉིན་གང་ལམ་ལུགས་ཀྱི་སློབ་གླིང་དཀྱུས་མ་ཞིག་ཡིན། སྤྱི་ལོ2018ལོའི་ཟླ9པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་སྤྱི་ཁྱབ་པུའུ་ནི་ཧྲང་ཧའེ་གྲོང་ཁྱེར་ཧྥེང་ཞན་ཆུས་སུ་གནས་པ་དང་། ས་ཁྱོན་མུའུ400ལྷག་ཙམ་ཟིན། དེ་མིན་མིན་ཞིན་སློབ་ཁུལ་དང་ཞུས་ཧུའེ་སློབ་ཁུལ་དུ་ཁྱོན་ཆེད་ལས30ཡོད་པའི་ནང་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ལས4དང་ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་ཆེད་ལས6བཅས་ཉིན་གང་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ9207དང་ཆེད་མངགས་དགེ་རྒན500ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上海电子信息职业技术学院
ཕྱི་ཡིག་གི་མིང་།
Shanghai Technical Institute of Electronics Information
བསྡུས་མིང་།
(STIEI)ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1959ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲང་ཧའེ་གྲོང་ཁྱེར།
ལས་ཐོག་སློབ་གཙོ།
དབྱང་ཞིའུ་ཡིན།
གཙོ་གཉེར་སྡེ་ཁག
ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་།
སློབ་གྲྭའི་དམ་ཚིག
སྤྱོད་བཟང་སྒོམ་སྒྲུབ་དང་། ཤེས་སྤྱོད་ཟུང་འབྲེལ།
སློབ་གྲྭའི་གནས་ཡུལ།
ཧྲང་ཧའེ་གྲོང་ཁྱེར་ཧྥེང་ཞན་ཆུས་ཝ་ཧུང་གཞུང་ལམ་ཨང3098པ།
སློབ་གྲྭའི་ཚབ་ཨང་།
43111
སློབ་བཙུགས་དུས་ཆེན།
ཟླ10ཚེས26ཉིན།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1960ལོར་ཧྲང་ཧའེ་གློག་རྡུལ་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ནི་དེ་སྔའི་ཧྲང་ཧེ་གྲོང་ཁྱེར་དཔྱད་ཆས་གློག་འཕྲིན་བཟོ་ལས་ཆེད་ཚན་སློབ་གྲྭས་བཙུགས།

སྤྱི་ལོ1963ལོར་སློབ་གྲྭས་སློབ་མ་བསྡུ་བར་སླར་གསོ་བྱས་པར་མ་ཟད། ཧྲང་ཧའེ་དཔྱད་ཆས་གློག་འཕྲིན་བཟོ་ལས་ལས་ཕྱེད་སློབ་ཕྱེད་ཆེད་ཚན་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1986ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་ལས་རིགས་སློབ་གསོའི་ཚོད་ལྟའི་ཚན་པ་ཁག་དང་པོ་ཡིན་པའི་སློབ་གྲྭ་དེས་མཐོ་རིམ་ལས་རིགས་འཛིན་གྲྭ་གཉེར་བ་རེད།

སྤྱི་ལོ2003ལོར་སློབ་གླིང་གི་གཙོ་གཟུགས་ཧྥེང་ཞན་སློབ་ཁུལ་གསར་པར་སྤོས།

སྤྱི་ལོ2013ལོའི་ཟླ8པར་སློབ་གྲྭ་དེ་ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་དོ་དམ་བྱེད་པར་བསྒྱུར།

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་ཚན་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

2 སློབ་གཉེར་ཆ་རྐྱེན།
2_1 སློབ་གླིང་དང་ཚན་ཁག་ཆེད་ལས།

སྤྱི་ལོ2015ལོའི་ཟླ12པའི་བར། སློབ་གྲྭའི་ཁོངས་སུ་ཚན་ཁག5དང(གློག་རྡུལ་བཟོ་སྐྲུན་སྡེ་ཁག་དང་། འཕྲིན་གཏོང་དང་ཆ་འཕྲིན་བཟོ་སྐྲུན་སྡེ་ཁག  རྩིས་འཁོར་ཉེར་སྤྱོད་སྡེ་ཁག  འཕྲུལ་གློག་བཟོ་སྐྲུན་སྡེ་ཁག  དཔལ་འབྱོར་དང་དོ་དམ་སྡེ་ཁག)རིམ་པ་གཉིས་པའི་སློབ་གླིང3(ཀྲུང་གོ་དང་འཇར་མན་གྱི་སློབ་གླིང་དང་། འགུལ་རིས་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང )པུའུ3(བསམ་སྲིད་སློབ་དཔྱོད་པུའུ་དང་། སྤྱི་པའི་རྨང་གཞི་པུའུ། ཕྱི་སྐད་སློབ་ཁྲིད་པུའུ་བཅས)བཙུགས་པ་དང་། ཆེད་ལས28བཙུགས།(ཆེད་ལས་ཀྱི་ཁ་ཕྱོགས་ཚུད་མེད་པ)

2_2 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2015ལོའི་ཟླ12པའི་བར། སློབ་གྲྭར་རྒྱལ་ཁབ་ཀྱི་རྐང་འཛིན་སློབ་གྲྭའི་གཙོ་གནད་འཛུགས་སྐྲུན་ཆེད་ལས3དང་། ཧྲང་ཧའེ་གྲོང་ཁྱེར་རིམ་པའི་སློབ་གསོ་སྒྱུར་བཅོས་ཀྱི་དཔེ་སྟོན་རང་བཞིན་གྱི་ཚོད་ལྟའི་ཆེད་ལས2 རྒྱལ་ཁབ་རིམ་པའི་སློབ་གསོ་སྒྱུར་བཅོས་ཀྱི་དཔེ་སྟོན་རང་བཞིན་གྱི་ཚོད་ལྟའི་ཆེད་ལས2ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་དངོས་སྦྱོང་རྟེན་གཞི2དང་། ཧྲང་ཧའེ་གྲོང་ཁྱེར་ནོར་སྲིད་ཀྱིས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་དངོས་སྦྱོང་རྟེན་གཞི3ཡོད།  ཧྲང་ཧའེ་གྲོང་ཁྱེར་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ4དང་གྲོང་ཁྱེར་རིམ་པའི་སློབ་གསོའི་ཚན་ཞིབ་གྲུབ་འབྲས་བྱ་དགའ2 གྲོང་ཁྱེར་རིམ་པའི་སྤུས་ལེགས་སློབ་ཚན15བཅས་ཐོབ།

3 རིག་གཞུང་ཚན་ཞིབ།
3_1 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2014ལོར་སློབ་གྲྭའི་ཚན་ཞིབ་གྲོན་དངུལ་ཁྲི185ཡོད་པ་རེད། སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་བར་སློབ་གྲྭར་ཚན་ཞིབ་རྣམ་གྲངས12ཡོད་པའི་ནང་གཙོ་གནད་རྣམ་གྲངས1དང་། གསར་གཏོད་རྣམ་གྲངས2 ཆེད་དོན་རྣམ་གྲངས5 སྤྱིར་བཏང་གི་རྣམ་གྲངས4བཅས་ཚུད་ཡོད།

སྤྱི་ལོ2012ལོར། སློབ་གྲྭའི་དགེ་རྒན་ཆེན་མོ་བ་གཞོན་པ་ལིའུ་ལིང་གིས་གཙོ་སྐྱོང་གནང་བའི་ཞིབ་འཇུག་བྱ་གཞིའི“སྣུམ་རིན་གྱི་ཕོག་ཐུག་འོག་དངུལ་ལོར་སྲིད་ཇུས་འོས་འཚམ་རང་བཞིན་གྱི་ཞིབ་འཇུག”ལ་སྤྱི་ལོ2012ལོའི་ཚན་ཞིབ་གསར་གཏོད་རྣམ་གྲངས་འཛུགས་པའི་དཀར་ཆག་གི་གཙོ་གནད་རྣམ་གྲངས་རག་ཡོད། 

སྤྱི་ལོ2008ལོ་ནས་སྤྱི་ལོ2009ལོའི་བར། སློབ་གྲྭའི་དགེ་རྒན་དང་ལས་བཟོ་པས་རིམ་པ་ཁག་དང་རིགས་ཁག་གི་རིག་གཞུང་དུས་དེབ་ཐོག་དཔྱད་རྩོམ35སྤེལ་བའི་ནང་དཔྱད་རྩོམ16དུས་དེབ་ལྟེ་བའི་ཐོག་བཀོད་པ་དང་དཔྱད་རྩོམ2EIཡིས་བསྡུས། བརྩམས་ཆོས་དང་སློབ་དེབ16རྩོམ་སྒྲིག་བྱས། རིམ་པ་ཁག་དང་རིགས་ཁག་གི་ཞིབ་འཇུག་བྱ་གཞི18ལ་གཙོ་སྐྱོང་བྱས་པ་དང་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་བྱ་དགའ7ཐོབ་ཡོད།

4 རིག་གཞུང་ཐོན་ཁུངས།

སྤྱི་ལོ2015ལོའི་ཟླ12པའི་བར། སློབ་གྲྭའི་ནང་དུས་དེབ་ཀྱི་རིགས་དབྱེ360ལྷག་ཙམ་ཡོད་པ་དང་། དཔེ་མཛོད་ཁ་ང་གིས་དུས་དེབ་ཁྲི35ལྷག་ཙམ་ཉར་ཚགས་བྱས།  ཚགས་པར་རིགས100ལྷག་ཙམ་ཡོད།

5 ད་ལྟའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི་དང་ཡོན་ཀྲང་། དབྱང་ཞིའུ།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པར་སློབ་གྲྭ་དེ“སྤྱི་ལོ2019ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཤུགས་རྐྱེན་ཆེ་བའི་ལས་རིགས་སློབ་གླིང50”ཡི་གྲས་སུ་ཚུད། 


དཔྱད་གཞིའི་ཡིག་ཆ།