ཏིང་ཞི་གྲོང་ཁྱེར།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-07-31 17:47ལ་འགྲུབ།

ཏིང་ཞི་གྲོང་ཁྱེར།

ཏིང་ཞི་གྲོང་ཁྱེར།
ཏིང་ཞི་ནི་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཀན་སུའུ་ཡི་དབུས་ཁུལ་དུ་གནས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ20330ཡོད་པ་དང་། དེའི་ཁོངས་གཏོགས་སུ་ཆུས1དང་རྫོང6ཡོད། སྤྱི་ལོ2019ལོར་རྒྱུན་སྡོད་མི་གྲངས་ཁྲི282.58ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
定西
ཕྱི་ཡིག་གི་མིང་།
Dingxi
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀན་སུའ་ཞིང་ཆེན།
མངའ་ཁོངས།
ཆུས1དང་། རྫོང6ཡོད།
གནས་ཡུལ།
ཀན་སུའུ་ཡི་དབུས་ཁུལ།
ས་ཁོངས་ཁ་པར་ཨང་རྟགས།
0932
སྦྲག་སྲིད་ཨང་རྟགས།
743000
སྲིད་འཛིན་ཚབ་ཨང་།
621100
རླངས་འཁོར་ཚབ་ཨང་།
ཀན(甘)J
མཛེས་ལྗོངས་གྲགས་ཅན།
ལྕགས་རི་རིང་པོ། རིན་ཧྲོའུ་རི་བོ། ལི་ཧྲི་ལུང་ཕོ་བྲང་། ཀུའེ་ཆིང་རི་བོའི་ནགས་ཚལ་སྤྱི་གླིང་དང་། ལིན་ལིན་ཟམ་པའི་སྤྱི་གླིང་།
སྐད།
ཏིང་ཞིའི་སྐད།
མེ་འཁོར་འབབ་ཚུགས།
ཏིང་ཞིའི་འབབ་ཚུགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1970ལོར་ཏིང་ཞི་ཀྲོན་ཆུས་དེ་ཏིང་ཞི་ས་ཁུལ་དུ་བསྒྱུར། ཡུས་ཀྲུང་དང་ལན་ལན་རྫོང་གཉིས་ལན་ཀྲོའུ་གྲོང་ཁྱེར་གྱི་འགོ་ཁྲིད་ལ་སྤྲད་པ་དང་། དེའི་ཁོངས་སུ་ཏིང་ཞི་དང་། ཅིན་ཡོན། ཧུའེ་ཉིན། ཐུང་ཝེ། ལུང་ཞི། ཝེ་ཡོན། ལིན་ཐའོ་བཅས་རྫོང་བདུན་ཡོད།

སྤྱི་ལོ2003ལོའི་ཟླ4པའི་ཚེས4ཉིན། ཏིང་ཞི་ས་ཁུལ་ཕྱིར་འཐེན་བྱས། ས་ཁུལ་རིམ་པའི་ཏིང་ཞི་གྲོང་ཁྱེར་འཛུགས་རྒྱུ་དང་། ཏིང་ཞི་གྲོང་ཁྱེར་གྱི་ཁོངས་གཏོགས་དེ་སྔའི་ཏིང་ཞི་ས་ཁུལ་གྱི་ཐུང་ཝེ་རྫོང་དང་། ལུང་ཞི་རྫོང་། ཝེ་ཡོན་རྫོང་། ལིན་ཐའོ་རྫོང་། ཀྲང་རྫོང་། རྨིན་རྫོང་། གསར་དུ་བཙུགས་པའི་ཨན་ཏིང་ཆུས་བཅས་ཡིན།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་བར་ཏིང་ཞི་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་དྲུག་དང་ཆུས་གཅིག་སྟེ་ཨན་ཏིང་ཆུས་དང་། ཐུང་ཝུའེ་རྫོང་། ལུང་ཤིས་རྫོང་། ཝེ་ཡོན་རྫོང་། ལིན་ཐའོ་རྫོང་། ཀྲང་རྫོང་། རྨིན་རྫོང་བཅས་ཡིན་པ་དང་། སྤྱི་ལོ2016ལོའི་བར། དེའི་ཁོངས་སུ་ཤང་གྲོང119དང་ཁྲོམ་གཞུང་དོན་གཅོད་ཁང2 གྲོང་མིའི་ཨུ་ཡོན་ལྷན་ཁང1888དང་སྡེ་ཁུལ་གྲོང་ལྷན75ཡོད།  གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཨན་ཏིང་ཆུས་ཀྲུང་ཧྭ་ལམ་ཁྲོམ་གཞུང་ཨང31པར་བཅའ་སྡོད་བྱས་ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཏིང་ཞི་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་ཤིང་། གནའ་བོའི་མིང་ལ་ལུང་ཀྲུང་ཟེར། ཤར་ཐེན་ཧྲུའེ་གྲོང་ཁྱེར་དང་། ནུབ་ལན་ཀྲོའུ་གྲོང་ཁྱེར། བྱང་དུ་པའེ་དབྱིན་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་རུ་ལུང་ནན་གྲོང་ཁྱེར་དང་འབྲེལ་ཞིང་། ཀན་ལྷོ་རང་སྐྱོང་ཁུལ་དང་ལིན་ཞ་ཀྲོའུ་ས་མཚམས་འབྲེལ་ཡོད། བྱང་གི་འཕྲེད་ཐིག34°26'~35°35'དང་། ཤར་གྱི་གཞུང་ཐིག103°52'~105°13´བར་དུ་གནས་ཡོད། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ20330ཡོད།

3_2 ནམ་ཟླ།

ཏིང་ཞི་གྲོང་ཁྱེར་ནི་སྐམ་སའི་དབུས་ཁུལ་དུ་གནས་པ་དང་། ས་དབྱིབས་རྙོག་འཛིང་ཆེ་བ། གནམ་གཤིས་ཀྱི་ཁྱད་པར་ཆེ་བ། དབུས་བྱང་རྒྱུད་དུ་ཐན་པ་ཉུང་ཞིང་། ལྷོ་རྒྱུད་དུ་གྲང་ངར་ཆེ་ཞིང་བརླན་གཤེར་ཆེ། དེའི་ནམ་ཟླའི་རིགས་ནི་དྲོད་ཁུལ་ལྷོ་མའི་བརླན་གཤེར་ཕྱེད་ཙམ-དྲོད་ཁུལ་འབྲིང་བའི་ཐན་ཕྱེད་ཁུལ་དུ་གཏོགས་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་མངོན་གསལ་ཡིན།

4 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་བར། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི282.58ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི102.79ཟིན་ཡོད། རྒྱུན་སྡོད་མི་གྲངས་ནང་བཟུང་བའི་བསྡུར་ཚད(རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད)36.4%ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.9མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་མི་གྲངས་ཁྲི179.79ཡོད་པ་དེས་རྒྱུན་སྡོད་མི་གྲངས་གྱི་བསྡུར་ཚད63.6%བཟུང་ཡོད། ལོ་ཧྲིལ་པོར་མི་གྲངས་སྐྱེ་ཚད11.18%ཡོད་པས་ལོ་གོང་མ་ལས་སྟོང་ཆའི1.54ཆག་པ་དང་། ཤི་ཚད་བརྒྱ་ཆའི7.93ཡོད་པ་དེ་ལོ་གོང་མ་ལས་སྟོང་ཆའི0.04ཆག་པ་དང། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.25ཡིན་པ་དེ་ལོ་གོང་མ་ལས་སྟོང་ཆའི1.49ཆག་ཡོད།

5 ཆབ་སྲིད།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཐང་ཞའོ་མིང་།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན། ཏའེ་ཁྲའོ་ཡིས།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཅན་ཝང་ཅུན།

རྒྱུན་ལས་ཨུ་ཡོན། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། ཁྲེན་ཁྲུན་ཀོང་། ཝུའུ་དབྱང་ཅེ། ཀྲུའུ་ཙི་ཧའོ། ཞུའེ་ཀྲེན་ཡུས།

6 དཔལ་འབྱོར།

སྤྱི་ལོ2017ལོར། ཏིང་ཞི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22543ཡོད་པ་དེ་ལོ་གོང་མ་ལས8.3%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར15873ཡོད་པས5.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས32.7%ཡོད་པས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.8མར་ཆག་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར6855ཡོད་པ་དེ་ལོ་གོང་མ་ལས9%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར6870ཡོད་པས8.6%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས36.7%ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.4མར་ཆག་ཡོད།

སྤྱི་ལོ2019ལོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26222ཡོད་པ་དེ་ལོ་གོང་མ་ལས7.9%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར18887ཡོད་པ་དེ9.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས30.4%ཡིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.4མར་ཆག་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8226ཡོད་པ་དེ་ལོ་གོང་མ་ལས9.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར8738ཡོད་པས5.1%འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས32%ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས4མར་ཆག་ཡོད།

7 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པའི་ཚེས3ཉིན། “ཀྲུང་གོའི་གྲོང་ཁྱེར་གྱི་ལྗང་མདོག་འགྲན་རྩོད་ནུས་པའི་བང་རིམTOP100”ཡོངས་བསྒྲགས་བྱས་པ་དང་ཏིང་ཞི་ཨང་རིམ43པར་བདམས་ཡོད། 


དཔྱད་གཞིའི་ཡིག་ཆ།