ཅ་ཐའེ་པིན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 09:07ལ་འགྲུབ།

ཅ་ཐའེ་པིན།

ཅ་ཐའེ་པིན།
​ཅ་ཐའེ་པིན་ནི་སྤྱི་ལོ1969ལོའི་ཟླ7པར་སྐྱེས་ཤིང་ཧོ་ནན་ཞིང་ཆེན་ཁོངས་ཆིན་ཧྥེང་ནས་ཡིན། ལས་ཐོག་ཞིབ་འཇུག་སློབ་མ་དང་ཀྲུང་གུང་ཏང་ཡོན་ཡིན། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས། ད་ལྟ་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贾泰斌
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧོ་ནན་ཆེིན་ཧྥེང་།
སྐྱེས་ལོ།
སྤྱི་ལོ1969ལོའི་ཟླ7པ།
བྱ་བར་ཞུགས་ལོ།
སྤྱི་ལོ1986ལོའི་ཟླ7པ།
མཐར་ཕྱིན་སློབ་གྲྭ།
ཀན་སུའུ་ཏང་ཨུ་སློབ་གྲྭ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1986.07—སྤྱི་ལོ1989.02བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་གྲོང་ཁྱེར་ཧོའེ་མའོ་སློབ་འབྲིང་གི་དགེ་རྒན་གྱི་འགན་བཞེས། 

སྤྱི་ལོ1989.02—སྤྱི་ལོ1990.04བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་ཐོན་གྲོང་ཁྱེར་ཏང་ཨུའི་ལས་དོན་མི་སྣའི་འགན་བཞེས། 

སྤྱི་ལོ1990.04—སྤྱི་ལོ1994.03བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་ཐོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ1994.03—སྤྱི་ལོ1995.11བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་ཐོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ1995.11—སྤྱི་ལོ1996.07བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་གྲོང་ཁྱེར་སན་ཏུན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ1996.07—སྤྱི་ལོ1999.03བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་གྲོང་ཁྱེར་ཞི་ཏུང་གྲོང་རྡལ་གྱི་ཀྲེན་ཀྲང་གི་འགན་བཞེས། 

སྤྱི་ལོ1999.03—སྤྱི་ལོ2001.09བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་གྲོང་ཁྱེར་ཅིན་ཧྥོ་དགོན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2001.09—སྤྱི་ལོ2002.11བར། ཅིའུ་ཆོན་ས་ཁུལ་ཅིའུ་ཆོན་གྲོང་ཁྱེར་གྲོང་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིས་ཧྥུང་ཤང་ཏང་ཨུའི་ཧྲུའུ་ཅི། རྫོང་རིམ་པ་གཞོན་པའི་འགན་བཞེས། 

སྤྱི་ལོ2002.11—སྤྱི་ལོ2003.03བར། ཅིའུ་ཆོན་གྲོང་ཁྱེར་སུའུ་ཀྲོའུ་ཆུས་གྲོང་གསར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། སུའུ་ཀྲོའུ་ཆུས་ཞི་ཧྥེང་ཞང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2003.03—སྤྱི་ལོ2006.05བར། ཅིའུ་ཆོན་གྲོང་ཁྱེར་གྲོང་གསར་གསར་སྤེལ་འཛུགས་སྐྲུན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་སུའུ་ཀྲོའུ་ཆུས་ཞི་ཧྥེང་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2006.05—སྤྱི་ལོ2006.11བར། ཅིའུ་ཆོན་གྲོང་ཁྱེར་སུའུ་ཀྲོའུ་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2006.11—སྤྱི་ལོ2006.12བར། ཅིའུ་ཆོན་གྲོང་ཁྱེར་ཀྭ་ཀྲོའུ་རྫོང་ཨུའི་རྒྱུན་ཨུ་དང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས། 

སྤྱི་ལོ2006.12—སྤྱི་ལོ2009.10བར། ཅིའུ་ཆོན་གྲོང་ཁྱེར་ཀྭ་ཀྲོའུ་རྫོང་ཨུའི་རྒྱུན་ཨུ་དང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས། 

སྤྱི་ལོ2009.10—སྤྱི་ལོ2010.12བར། ཅིའུ་ཆོན་གྲོང་ཁྱེར་ཀྭ་ཀྲོའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 

སྤྱི་ལོ2010.12—སྤྱི་ལོ2011.09བར། ཅིའུ་ཆོན་གྲོང་ཁྱེར་ཀྭ་ཀྲོའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞིའི་འགན་བཞེས། 

སྤྱི་ལོ2011.09—སྤྱི་ལོ2011.10བར། ཏུན་ཧོང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2011.10ལོར། ཏུན་ཧོང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས། 

2 གོ་གནས་བསྐོ་འཐེན།

སྤྱི་ལོ2011ལོའི་ཟླ9པའི་ཚེས10ཉིན་གྱི་སྔ་དྲོར། ཏུན་ཧོང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ། ཀྲུང་གུང་ཅིའུ་ཆོན་གྲོང་ཁྱེར་ཏང་ཨུའི་ཏུན་ཧོང་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་གོ་གནས་བསྐོ་འཐེན་སྐོར་གྱི་ཆོད་དོན་ཁྱབ་བསྒྲགས་བྱས། ཅིའུ་ཆོན་གྲོང་ཁྱེར་ཏང་ཨུ་ཡིས་ཅ་ཐའེ་པིན་ཀྲུང་གུང་ཏུན་ཧོང་གྲོང་ཁྱེར་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གི་འོས་མིར་མིང་འདོན་རྒྱུ་གཏན་འབེབས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།