ཁྲེན་ཡན་རེན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 16:38ལ་འགྲུབ།

ཁྲེན་ཡན་རེན།

ཁྲེན་ཡན་རེན།
​ཁྲེན་ཡན་རེན་ནི་སྤྱི་ལོ1969ལོའི་ཟླ1པོར་སྐྱེས་ཤིང་ཀྲེ་ཅང་ཡུང་ཀྲོའུ་ནས་ཡིན། སྤྱི་ལོ1991ལོའི་ཟླ7པར་བྱ་བར་ཞུགས། སྤྱི་ལོ1996ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀྲེ་ཅང་སློབ་ཆེན་རྒྱལ་དམངས་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་དང་ཧྥུའུ་ཏན་སློབ་ཆེན་ཆབ་སྲིད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན་ཡིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། ད་ལྟ་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་། ཏུན་ཧོང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈炎人
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀྲེ་ཅང་ཧན་ཀྲོའུ།
སྐྱེས་ལོ།
སྤྱི་ལོ1969ལོའི་ཟླ1པོ།
བྱ་བར་ཞུགས་ལོ།
སྤྱི་ལོ1991ལོའི་ཟླ7པ།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1996ལོའི་ཟླ5པ།
མཐར་ཕྱིན་སློབ་གྲྭ།
ཧྥུན་ཏན་སློབ་ཆེན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1991ལོའི་ཟླ7པ་ནས་སྤྱི་ལོ1994ལོའི་ཟླ12པའི་བར། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ནོར་སྲིད་ཁྲལ་དོན་ཅུས་ཀྱི་ལས་ཀའི་འགན་བཞེས། 

སྤྱི་ལོ1995ལོའི་ཟླ1པོ་ནས་སྤྱི་ལོ2004ལོའི་ཟླ3པའི་བར། ཉིང་པོར་བཅའ་སྡོད་བྱས་པའི་ནོར་སྲིད་པུའུ་ཡིས་ཆེད་གཏོང་ཁྲུའུ་དང་པོའི་ཁོའོ་ཡོན་དང་། ཁྲུའུ་དང་པོའི་ཀྲུའུ་རེན་གཞོན་པའི་ཁོའོ་ཡོན། ཁྲུའུ་གཉིས་པའི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2004ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ10པའི་བར། ཉིང་པོར་བཅའ་སྡོད་བྱས་པའི་ནོར་སྲིད་པུའུ་ཡི་ཆེད་གཏོང་མི་སྣའི་གཞུང་དོན་ཁང་གི་བརྟག་ཞིབ་པ་གཞོན་པའི་འགན་བཞེས། 

སྤྱི་ལོ2007ལོའི་ཟླ10པ་ནས་སྤྱི་ལོ2009ལོའི་ཟླ8པའི་བར། ཉིང་པོར་བཅའ་སྡོད་བྱས་པའི་ནོར་སྲིད་པུའུ་ཡི་ཆེད་གཏོང་གཞུང་ལས་ཁང་གཉིས་པའི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2009ལོའི་ཟླ8པའི་ཚེས1ནས་སྤྱི་ལོ2012ལོའི་ཟླ11པའི་བར། ཉིང་པོར་བཅའ་སྡོད་བྱས་པའི་ནོར་སྲིད་པུའུ་ཡི་ཆེད་གཏོང་མི་སྣའི་དོན་གཅོད་ཁང་གཉིས་པའི་ཁྲུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ2012ལོའི་ཟླ11པའི་ཚེས1ཉིན་ནས་སྤྱི་ལོ2016ལོའི་ཟླ8པའི་བར། ཡུན་ནན་དུ་བཅའ་སྡོད་བྱས་པའི་ནོར་སྲིད་པུའུ་ཡི་ཆེད་གཏོང་མི་སྣའི་གཞུང་ལས་ཁང་ཏང་ཙུའུ་ཡི་ཁོངས་མི་ལྟ་ཞིབ་ཀྲོན་ཡོན་གཞོན་པ་དང་སྒྲིག་བཤེར་ཙུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ2016ལོའི་ཟླ8པའི་ཚེས1ཉིན་ནས་སྤྱི་ལོ2016ལོའི་ཟླ9པའི་པར། ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་། ཡུས་མོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2016ལོའི་ཟླ9པའི་ཚེས1ཉིན་ནས་སྤྱི་ལོ2018ལོའི་ཟླ6པའི་བར། ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཡུས་མོན་གྲོང་ཁྱེར་ཏང་ཨུ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2018ལོའི་ཟླ6པ་ནས་སྤྱི་ལོ2019ལོའི་ཟླ4པའི་བར། ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཡུས་མོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ2019ལོའི་ཟླ4པའི་ཚེས1པོའི་ཉིན། ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཏུན་ཧོང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། 

2 གོ་གནས་བསྐོ་འཐེན།

སྤྱི་ལོ2019ལོའི་ཟླ5པའི་ཚེས5ཉིན། ཏུན་ཧོང་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་རེད། བློ་མཐུན་ཁྲེན་ཡན་རེན་ཀྲུང་གུང་ཏུན་ཧོང་གྲོང་ཁྱེར་ཏང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་དེའི་ནང་གུང་ཡུས་མོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་མེད་པར་བཟོས་ཡོད།


དཔྱད་གཞིའི་ཡིག་ཆ།