ཨ་ལག་ཤ་གཡས་ཤོགསྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-07-31 17:29ལ་འགྲུབ།

ཨ་ལག་ཤ་གཡས་ཤོག

ཨ་ལག་ཤ་གཡས་ཤོག
ཨ་ལག་ཤ་གཡས་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཨ་ལག་ཤ་མེང་གི་ཁོངས་སུ་གཏོགས་ཤིང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས། རི་བོ་ལུང་ཧྲོའུ་ཧྲན་དང་ཧོ་ལི་ཧྲན་གྱི་ལྟེབ་གཉེར་ཁུལ་གྱི་བྱང་འདབས་སུ་ཡོད་པ་དང་། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མའི38°38′-42°02′དང་། ཤར་གྱི་གཞུང་ཐིག99°44′-104°38′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ73443ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉善右旗
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཤོག
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས།
མངའ་ཁོངས།
པ་ཏན་ཅི་ལིན་གྲོང་རྡལ། ཡ་པུ་ལེ་གྲོང་རྡལ་སོགས།
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད།
སྲིད་གཞུང་གནས་ཡུལ།
པ་ཏན་ཅི་ལིན་གྲོང་རྡལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ73443ཡོད།
མི་གྲངས།
26840ཡོད།
ནམ་ཟླ།
དྲོད་འབྲིང་བར་མའི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
པ་ཏན་ཅི་ལིན་བྱེ་ཐང་དང་ཁུའུ་རི་མུའུ་ལྷ་ཁང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0483
སྦྲག་སྲིད་ཨང་རྟགས།
737300
སྲིད་འཛིན་ཚབ་ཨང་།
152922
རླངས་འཁོར་ཚབ་ཨང་།
མེང(蒙)M
1 ​ལོ་རྒྱུས་འཕེལ་རིམ། 

སྤྱི་ལོ1980ལོའི་ཟླ4པར། ཨ་ལག་ཤ་མེང་བཙུགས་པ་དང་། ཨ་ལག་ཤ་གཡས་ཤོག་ཨ་ལག་ཤ་མེང་གི་མངའ་འོག་ཏུ་ཚུད།

སྤྱི་ལོ2006ལོར་ཨ་ཡིའུ་ཆི་ཡིས་སྔར་ཡོད་ཀྱི་སུའུ་མུའུ་གྲོང་རྡལ9ལེགས་སྒྲིག་དང་ཟླ་སྒྲིལ་བཏང་ཡོད།

སྤྱི་ལོ2011ལོའི་ཟླ5པའི་ཚེས24ཉིན། ཨ་ཡིའུ་ཆིའི་ཆི་ཧྥུ་གནས་ཡུལ་གྱི་ཨེ་ཁེན་ཧུའུ་ཏུའུ་ཀེ་གྲོང་རྡལ་ལ་མཆན་བཀོད་བཀའ་ལན་གནང་ནས་པ་ཏན་ཅི་ལིན་གྲོང་རྡལ་ཞེས་མིང་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2012ལོའི་བར། ཨ་ལག་ཤ་གཡས་ཤོག་གི་ཁོངས་སུ་གྲོང་རྡལ3(པ་ཏན་ཅི་ལིན་གྲོང་རྡལ་དང་། ཡ་པུའུ་ལའེ་གྲོང་རྡལ། ཨ་ལ་ཐེང་ཨའོ་པའོ་གྲོང་རྡལ)དང་སུའུ་མུའུ4(མན་ཏ་ལ་སུའུ་མུའུ་དང་། ཨ་ལ་ཐེང་ཁྲའོ་ཁེ་སུའུ་མུའུ། པ་དབྱིན་ཀའོ་ལེ་སུའུ་མུའུ། ཐ་མུའུ་སུའུ་པུའུ་ལ་ཀེ་སུའུ་མུའུ)བཅས་ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཨ་ལག་ཤ་གཡས་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་ཡོད། རི་བོ་ལུང་ཧྲོའུ་ཧྲན་དང་ཧོ་ལི་ཧྲན་གྱི་ལྟེབ་གཉེར་ཁུལ་གྱི་བྱང་འདབས་སུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ73443ཡོད།

3_2 ནམ་ཟླ།

ཨ་ལག་ཤ་གཡས་ཤོག་ནི་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་དུ་གནས་ཡོད། དྲོད་ཁུལ་གྱི་མྱ་ངམ་ཐང་དང་ཐན་ཁུལ་གྱི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་ཞིང་ཆ་སྙོམས་དྲོད་ཚད8.4℃ཡིན། ཟླ་དང་པོར་ཆ་སྙོམས་དྲོད་ཚད-7.8℃ཡིན་པ་དང་། ཟླ7པར་ཆ་སྙོམས་དྲོད་ཚད25.4℃ཡིན། སད་མེད་དུས་ནི་ཉིན150ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི89ཟིན་ཡོད། ལོ་རེར་ཆ་སྙོམས་རླངས་པར་འགྱུར་ཚད་ཧའོ་སྨི3100ཡིན་པ་དང་། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད3104.6ཟིན་པ་དང་། ཉི་འོད་ཕོག་ཚད་བརྒྱ་ཆའི་བདུན་ཅུ། ལོ་རེའི་ཆ་སྙོམས་ཀྱི་རླུང་ཆེན་ཉིན78ཡིན།

4 མི་གྲངས་དང་མི་རིགས།

སྤྱི་ལོ2015ལོའི་བར། ཨ་ལག་ཤ་གཡས་ཤོག་ཀའི་མི་གྲངས་བསྡོམས་འབོར26516ཡོད་པ་དང་། སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། བོད་རིགས། ཀྲོང་རིགས། ཧོར་རིགས། མན་ཇུ་རིགས། ཏ་ཝོར་རིགས། ཨོ་ཝུན་ཁེ་རིགས། དབྱིས་རིགས་སོགས་མི་རིགས11ཡོད།

5 དཔལ་འབྱོར།

སྤྱི་ལོ2015ལོར། ཨ་ལག་ཤ་གཡས་ཤོག་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར27.52ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2014ལོ་ལས7.3%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.15ཟིན་པ་དེ་སྤྱི་ལོ2014ལོ་ལས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར16.65ཟིན་པ་དེ་སྤྱི་ལོ2014ལོ་ལས8.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར8.72ཟིན་པ་དེ་སྤྱི་ལོ2014ལོ་ལས6.0%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར103444ཟིན་པ་དེ་སྤྱི་ལོ2014ལོ་ལས་6.8%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཚུལ་ནི་ལོ་སྔོན་མའི8.7:61.0:30.3ཡིན། འཕེལ་འགྱུར་ནི7.8:60.5:31.7ཡིན།

སྤྱི་ལོ2015ལོར་ཨ་ལག་ཤ་གཡས་ཤོག་ཀའི་ནོར་སྲིད་ཡོང་འབབ་སྒོར་ཁྲི26550ཟིན་པ་དེ་སྤྱི་ལོ2014ལོ་དང་བསྡུར་ན18.4%མར་ཆག་ཡོད། དེའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་ཁྲི18157(དེའི་ནང་མནའ་མཐུན་རིམ་པའི་ཆ་ཚུད་ཡོད) སྤྱི་ལོ2014ལོ་དང་བསྡུར་ན་བརྒྱ་ཆའི10.7འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ཀྱིས་སྤྱིའི་ནོར་སྲིད་ཡོང་འབབ་ཀྱི68.4%བཟུང་བ་དེ་སྤྱི་ལོ2014ལོ་ལས་བརྒྱ་ཆའི་གྲངས18འཕར་ཡོད། ལོ་ཧྲིལ་པོར་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི109206ཟིན་པ་དེ་སྤྱི་ལོ2014ལོ་ལས2.5%འཕར་ཡོད། དེའི་ནང་སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི106983ཟིན་ཡོད། སྤྱི་ལོ2014ལོ་ལས2.5%འཕར་བ་དེས་སྤྱིའི་གཏོང་སྒོའི98.0%བཟུང་ཡོད། 

དཔྱད་གཞིའི་ཡིག་ཆ།