ཨ་ལག་ཤ་མེང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 08:35ལ་འགྲུབ།

ཨ་ལག་ཤ་མེང་།

ཨ་ལག་ཤ་མེང་།
ཨ་ལག་ཤ་མེང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་མེང་ཡིན། “ཨ་ལ་ཧྲན”ཞེས་པ་ནི་སོག་སྐད་ཡིན་ཞིང་། དེ་ནི“ཚོན་མདངས་རྣམ་པར་བཀྲ་བའི་ས་ཆ”ཞེས་པའི་དོན་ཡིན། ཨ་ལག་ཤ་མེང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་རྒྱུད་དུ་གནས་ཡོད། ཤར་བྱང་ཝུའུ་ཧའེ་དང་པ་ཡན་ཀྲར། ཨེར་ཏུའོ་སི་བཅས་གྲོང་ཁྱེར་གསུམ་དང་འབྲེལ་ཞིང་། ལྷོ་དང་ཤར་ལྷོ་ནི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དང་འབྲེལ་ཡོད། ནུབ་དང་ལྷོ་ནུབ་ཀན་སུའུ་ཞིང་ཆེན་དང་ས་མཚམས་འབྲེལ་ཞིང་། བྱང་མོང་གོལ་རྒྱལ་ཁབ་དང་འབྲེལ་ཡོད། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ735ཡོད་པ་དང་མནའ་འབྲེལ་ཧྲིལ་པོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི27ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉善盟
ཕྱི་ཡིག་གི་མིང་།
Alxa League
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
མེང་།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས།
མངའ་ཁོངས།
ཨ་ལག་ཤ་གཡོན་ཤོག ཨ་ལག་ཤ་གཡས་ཤོག ཨོ་ཅི་ནཱ་ཤོག
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད།
སྲིད་གཞུང་གནས་ཡུལ།
ཨ་ལག་ཤ་གཡོན་ཤོག
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི27ཡོད།
མི་གྲངས།
ཁྲི25ཡོད།
ནམ་ཟླ།
དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཏན་ཅི་ལིན་བྱེ་ཐང་མཛེས་ལྗོངས་ཁུལ་དང་། ཨེ་ཅི་ན་ཧུའུ་དབྱང་ལིན་སྐྱེ་ཁམས་ཡུལ་སྐོར་ཁུལ།
སྐད།
ཝེ་ལ་ཐེའི་ཡུལ་སྐད།
མེ་འཁོར་འབབ་ཚུགས།
ཨེ་ཅི་ན་ས་ཚིགས།
གནམ་གྲུ་ཐང་།
ཧྲན་ཙུའོ་ཆིའི་པ་ཡན་ཧའོ་ཐེ་གནམ་གྲུ་ཐང་། ཨ་ལ་ཧྲན་ཡིའུ་ཆིའི་པ་ཏན་ཅི་ལིན་གནམ་གྲུ་ཐང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0483
སྦྲག་སྲིད་ཨང་རྟགས།
750306
སྲིད་འཛིན་ཚབ་ཨང་།
152921
རླངས་འཁོར་ཚབ་ཨང་།
མེང(蒙)M
1 ​ངོ་སྤྲོད་མདོར་བསྡུས། 

ཨ་ལག་ཤ་མེང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་མེང་ཡིན། “ཨ་ལ་ཧྲན”ཞེས་པ་ནི་སོག་སྐད་ཡིན་ཞིང་། དེ་ནི“ཚོན་མདངས་རྣམ་པར་བཀྲ་བའི་ས་ཆ”ཞེས་པའི་དོན་ཡིན། ཨ་ལག་ཤ་མེང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་རྒྱུད་དུ་གནས་ཡོད། ཤར་བྱང་ཝུའུ་ཧའེ་དང་པ་ཡན་ཀྲར། ཨེར་ཏུའོ་སི་བཅས་གྲོང་ཁྱེར་གསུམ་དང་འབྲེལ་ཞིང་། ལྷོ་དང་ཤར་ལྷོ་ནི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དང་འབྲེལ་ཡོད། ནུབ་དང་ལྷོ་ནུབ་ཀན་སུའུ་ཞིང་ཆེན་དང་ས་མཚམས་འབྲེལ་ཞིང་། བྱང་མོང་གོལ་རྒྱལ་ཁབ་དང་འབྲེལ་ཡོད། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ735ཡོད་པ་དང་མནའ་འབྲེལ་ཧྲིལ་པོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི27ཡོད། 

ཨ་ལག་ཤ་མེང་གི་ཐུན་མོང་གི་ཁོངས་སུ་ཤོག་ཀ3ཡོད། གཞན་ཡང་རང་སྐྱོང་ལྗོངས་རིམ་པའི་གསར་སྤེལ་ཁུལ4བཙུགས་པ་དང་། ཨ་ལ་ཧྲན་ཙུའོ་ཆི་པ་ཡན་ཧའོ་ཐེ་གྲོང་རྡལ་དུ་སྲིད་འཛིན་ཀུང་ཧྲུའུ་བཙུགས་ཡོད། སྤྱིའི་མི་གྲངས་ལ་ཁྲི25ཡོད་པ་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་མནའ་མཐུན་གྲོང་ཁྱེར12ཀྱི་རྒྱ་ཁྱོན་ཆེ་ཤོས་དང་མི་གྲངས་ཉུང་ཤོས་ཡིན། ཨ་ལག་ཤ་མེང་ནི་སོག་པོ་གཙོ་བྱས་ཤིང་རྒྱ་རིགས་མང་ཤོས་ཟིན་པའི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཞིག་ཡིན། སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས་སོགས་མི་རིགས28ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1961ལོའི་ཟླ4བར། ཨ་ལག་ཤ་མེང་གིས་སོ་སོར་ཨ་ལག་ཤ་གཡོན་ཤོག་དང་ཨ་ལག་ཤ་གཡས་ཤོག་བཙུགས། 

སྤྱི་ལོ1969ལོའི་ཟླ7པར། ཨ་ལག་ཤ་གཡོན་ཤོག་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ལ་སྤྲད་པ་དང་། ཨ་ལག་ཤ་གཡས་ཤོག་དང་ཨོ་ཅི་ནཱ་ཤོག་ཀན་སུའུ་ཞིང་ཆེན་ལ་སྤྲད་པ་རེད།

སྤྱི་ལོ1979ལོའི་ཟླ7པར། ཨ་ལག་ཤ་གཡོན་ཤོག་དང་། ཨོ་ཅི་ནཱ་ཤོག། ཨ་ལག་ཤ་གཡས་ཤོག་བཅས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1980ལོའི་ཟླ5པར། ཨ་ལག་ཤ་མེང་བཙུགས་ཏེ་ནང་སོག་རང་སྐྱོང་ལྗོངས་ཀྱི་མངའ་འོག་ཏུ་གཏོགས། ས་ཁུལ་རིམ་པའི་སྒྲིག་གཞི་འཛུགས་ཆེད་ཨ་ལག་ཤ་གཡས་ཤོག ཨ་ལག་ཤ་གཡོན་ཤོག ཨོ་ཅི་ནཱ་ཤོག་བཅས་ཡོད། 

3 སྲིད་འཛིན་ས་ཁོངས།

ཨ་ལག་ཤ་མེང་གི་ཁོངས་གཏོགས་སུ་ཤོག་གསུམ་ཡོད་པ་ནི་ཨ་ལག་ཤ་གཡས་ཤོག ཨ་ལག་ཤ་གཡོན་ཤོག ཨོ་ཅི་ནཱ་ཤོག་བཅས་ཡིན། ཨ་ལག་ཤ་མེང་ཨ་ལག་ཤ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་། ཝུའུ་ལན་པུའུ་དང་སྣོད་བཅུད་བྱེ་རྡུལ་ཐོན་ལས་དཔེ་སྟོན་ཁུལ། ཐེང་ཀེ་ལི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། ཚེ་ཁེ་འགག་སྒོའི་དཔལ་འབྱོར་གསར་སྤེལ་ཁུལ་བཅས་རང་སྐྱོང་ལྗོངས་རིམ་པའི་གསར་སྤེལ་ཁུལ4བཙུགས་ཡོད། ཨ་ལག་ཤ་མེང་སྲིད་འཛིན་ནི་ཨ་ལག་ཤ་མེང་གཡོན་ཤོག་ཏུ་བཅའ་སྡོད་བྱས་ཡོད། 

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

ཨ་ལག་ཤ་མེང་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་རྒྱུད་དུ་གནས་པ་དང་། ཧུའུ་དབྱིན་ཡུས་དཔལ་འབྱོར་ཁུལ་དང་ལུང་ཧའེ་ལན་ཤིན་དཔལ་འབྱོར་ཁུལ་འབྲེལ་མཚམས་སུ་གནས་ཡོད། ཤར་བྱང་ཝུའུ་ཧའེ། པ་ཡན་ཀྲར། ཨེར་ཏུའོ་སི་བཅས་གྲོང་ཁྱེར་གསུམ་དང་འབྲེལ་ཡོད། ལྷོ་དང་ཤར་ལྷོ་ནི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དང་ཐག་ཉེ། ནུབ་དང་ལྷོ་ནུབ་ནི་ཀན་སུའུ་ཞིང་ཆེན་དང་ས་མཚམས་འབྲེལ་ཡོད། བྱང་མོང་གོལ་རྒྱལ་ཁབ་དང་འབྲེལ་མཚམས་སུ་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ735ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི27ཙམ་ཟིན་པ་དེས་ནང་སོག་རང་སྐྱོང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི22.8%བཟུང་ཡོད། 

4_2 ནམ་ཟླ། 

ཨ་ལག་ཤ་མེང་ནི་ཨེ་ཤེ་ཡའི་སྐམ་སའི་དབུས་ཁུལ་དུ་གནས་པ་དང་སྐམ་སའི་དབུས་ཁུལ་གྱི་མཐོ་སྒང་ཡིན། རྒྱ་མཚོ་དང་རིང་དུ་བྲལ་བའི་དཔེ་མཚོན་ཅན་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་གཏོགས། དུས་བཞིའི་གནམ་གཤིས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཡོད། 

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཨ་ལག་ཤ་མེང་གི་རྒྱུན་སྡོད་མི་གྲངས་ཁྲི24.94ཡོད་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་མི་ཁྲི0.14མང་དུ་ཕྱིན་ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི19.56དང་གྲོང་གསེབ་དང་འབྲོག་ཁུལ་གྱི་མི་གྲངས་ཁྲི5.38ཡོད་པ་དང་། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི0.24ཡོད་པ་དང་སྐྱེས་ཚད9.65%བྱུང་ཡོད། 

5_2 མི་རིགས།

ཨ་ལག་ཤ་མེང་ནི་སོག་པོ་གཙོ་བྱས་ཤིང་རྒྱ་རིགས་མང་ཤོས་ཟིན་པའི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཞིག་ཡིན། སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས་སོགས་མི་རིགས28ཡོད་པའི་ནང་སོག་རིགས་ཀྱི་མི་གྲངས་གྱིས28%བཟུང་ཡོད། ཨ་ལ་ཤ་མེང་གི་སོག་རིགས་ལ་གཙོ་བོ་ཨ་ལག་ཤ་དང་ཧྲུའོ་ཐེ་པུའུ་དང་། ཨོ་ཅི་ནཱ་ཐུའུ་ཨེར་ཧྥུ་ཐེ་པུའུ། ཁའར་ཁ་པུའུ། སོག་རིགས་མུའུ་སི་ལིན(ཁོ་པོར་སོག་རིགས་པ)བཅས་ཁག་བཞི་ལས་གྲུབ་པ་རེད།

6 ཆབ་སྲིད།

མེང་ཨུའི་ཧྲུའུ་ཅི། ཝན་ཁྲའོ་ཆི།

མེང་ཨུའི་ཧྲུའུ་ཅི་གཞོན་པ་དང་། མེང་ཀྲང་། ཏའེ་ཆིན།

མེང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁྲ་སི་ཐེ།

སྲིད་གྲོས་ཀྱི་ཀྲུའུ་ཞི། ཝེ་གོ་ཆོན།

7 དཔལ་འབྱོར།

སྤྱི་ལོ2018ལོར་ཨ་ལ་ཤ་མེང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར284བྱུང་པ་དེ་དུས་མཚུངས་ལས9.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་དུས་མཚུངས་ལས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་དུས་མཚུངས་ལས10.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་དུས་མཚུངས་ལས7.5%འཕར་བ་དང་ཐོན་ལས་གསུམ་པའི་བསྡུར་ཚད4.7:59.0:36.3བྱུང་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས12.6%འཕར་ཡོད།

སྤྱི་ལོ2018ལོར་ཨ་ལ་ཤ་མེང་གིས་ས་གནས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར47.3ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས17.3%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར24.3ཟིན་པ་དེ་དུས་མཚུངས་ལས11.8%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར97.8ཟིན་པ་དེ་དུས་མཚུངས་ལས16.1%འཕར་ཡོད། རྒྱལ་ཡོངས་ཀྱི་ནོར་སྲིད་ཀྱིས་དམངས་འཚོའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར79.9ཟིན་ཡོད། རྣམ་གྲངས་དབྱེ་ནས་བལྟས་ན། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར9.5བྱུང་པ་དེ་དུས་མཚུངས་ལས34.3%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ་སྒོར་དུང་ཕྱུར9.5ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས44.3%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར5.5ཟིན་པ་དེ་དུས་མཚུངས་ལས5.5%འཕར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཏོང་སྒོ་སྒོར་དུང་ཕྱུར11.1ཟིན་པ་དེ་དུས་མཚུངས་ལས132.2%འཕར་ཡོད། 


དཔྱད་གཞིའི་ཡིག་ཆ།