ཧའེ་པོ་བན་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 08:40ལ་འགྲུབ།

ཧའེ་པོ་བན་ཆུས།

ཧའེ་པོ་བན་ཆུས།
ཧའེ་པོ་བན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། ཤར་དུ་ཀྲུའོ་ཙི་རི་བོ(ཝུའུ་རེན་ཏུའུ་ཞི་ཝུའུ་ལ)དང་ཨེར་ཏུའོ་སི་གྲོང་ཁྱེར་ཨོ་ཐུའོ་ཁེ་ཆི་གཉིས་དང་ཁྱིམ་མཚེས་ཡིན། ནུབ་ངོས་རྨ་ཆུ་དང་ཝུའུ་ཏ་ཁུལ་གཉིས་དང་འབྲེལ་ཡོད། ལྷོ་སི་ཡན་ཅིན་དང་ཧའེ་ནན་ཆུས་དང་འབྲེལ་ཡོད། བྱང་ཨོ་ཐོ་ཁི་ཆི་མིན་ཞི་གྲོང་རྡལ་གྱི་འབྲེལ་མཚམས་ཡིན། “རྨ་ཆུའི་མུ་ཏིག བྱེ་ཐང་ལྗང་གླིང་། ཡིག་གཟུགས་གྲོང་ཁྱེར། རྡོ་ལ་ལྟ་བའི་གྲོང་ཁྱེར། རྒུན་འབྲུམ་གྱི་ཕ་ཡུལ། ཆུ་ཐོག་གྲོང་གསར་”ཞེས་པའི་མཚན་སྙན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海勃湾区
ཕྱི་ཡིག་གི་མིང་།
Haibowan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ1དང་། སྲང་ལམ6ཡོད།
གནས་ཡུལ།
ཝུའུ་ཧའེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད།
སྲིད་གཞུང་གནས་ཡུལ།
ཧའེ་པེ་སྲང་ལམ་ཆེན་མོ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ529ཡོད།
མི་གྲངས།
ཁྲི31.05ཡོད།
ནམ་ཟླ།
སྐམ་སའི་རང་བཞིན་གྱི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
མཚོ་མཚེའུ་དང་། ཅིན་ཧྲ་མཚོ་ཁུག་གི་སྐྱེ་ཁམས་ཡུལ་སྐོར་ཁུལ། ཀན་ཏེར་རི་བོའི་སྐྱེ་ཁམས་དཔལ་ཡོན་མཛེས་ལྗོངས་ཁུལ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་ལྗོངས།
སྐད།
སོག་སྐད་ཨེར་ཏུའོ་སིའི་ཡུལ་སྐད།
གནམ་གྲུ་ཐང་།
ཝུའུ་ཧའེ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0473
སྦྲག་སྲིད་ཨང་རྟགས།
016000
རླངས་འཁོར་ཚབ་ཨང་།
མེང(蒙)C
1 ​ངོ་སྤྲོད་མདོར་བསྡུས། 

ཧའེ་པོ་བན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། ཤར་དུ་ཀྲུའོ་ཙི་རི་བོ(ཝུའུ་རེན་ཏུའུ་ཞི་ཝུའུ་ལ)དང་ཨེར་ཏུའོ་སི་གྲོང་ཁྱེར་ཨོ་ཐུའོ་ཁེ་ཆི་གཉིས་དང་ཁྱིམ་མཚེས་ཡིན། ནུབ་ངོས་རྨ་ཆུ་དང་ཝུའུ་ཏ་ཁུལ་གཉིས་དང་འབྲེལ་ཡོད། ལྷོ་སི་ཡན་ཅིན་དང་ཧའེ་ནན་ཆུས་དང་འབྲེལ་ཡོད། བྱང་ཨོ་ཐོ་ཁི་ཆི་མིན་ཞི་གྲོང་རྡལ་གྱི་འབྲེལ་མཚམས་ཡིན། “རྨ་ཆུའི་མུ་ཏིག བྱེ་ཐང་ལྗང་གླིང་། ཡིག་གཟུགས་གྲོང་ཁྱེར། རྡོ་ལ་ལྟ་བའི་གྲོང་ཁྱེར། རྒུན་འབྲུམ་གྱི་ཕ་ཡུལ། ཆུ་ཐོག་གྲོང་གསར”ཞེས་པའི་མཚན་སྙན་ཡོད།

ཧའེ་པོ་བན་ཆུས་གྱི་རྒྱ་ཁྱོན་ལ་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ529ཟིན་ཡོད། ཁོངས་གཏོགས་སུ་གྲོང་རྡལ1དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ6 སྡེ་ཁུལ41 སྲིད་འཛིན་གྲོང་ཚོ5བཅས་ཡོད། སྤྱི་ལོ2012ལོར་སྤྱིའི་མི་གྲངས་ཁྲི31.06ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི29.1ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཧའེ་པོ་བན་ཆུས་དེ་ཨོ་ཐུའོ་ཁེ་ཤོག་ཡི་ཁོངས་སུ་གཏོགས་པ་དང་། སྤྱི་ལོ1955ལོར་ཨོ་ཐོ་ཁེ་ཤོག་ནས་རང་བཙན་ས་ཁུལ་དུ་གྱུར། སྔ་གཞུག་ཏུ་ཅོ་ཙི་རི་བོའི་གཏེར་ཁུལ་དང་ཧའེ་པོ་ཝན་གྲོང་ཁྱེར་ཞེས་འབོད་ཅིང་། ཚང་མ་དབྱི་ཁེ་ཀྲའོ་མེང་གི་མངའ་འོག་ཏུ་གཏོགས། སྤྱི་ལོ1976ལོའི་ཟླ1པོར་ཝུའུ་ཧའེ་གྲོང་ཁྱེར་བཙུགས་པ་དང་ཧའེ་པོ་བན་ཆུས་ནི་ཝུའུ་ཧའེ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་ཡིན།

3 སྲིད་འཛིན་ས་ཁོངས།

ཧའེ་པོ་བན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ1དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ6 སྡེ་ཁུལ41སྲིད་འཛིན་གྲོང་ཚོ5བཅས་ཡོད། 

4 ས་ཁམས་ཁོར་ཡུག
4_1 གནས་ས།

ཧའེ་པོ་བན་ཆུས་དེ་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ529ཡོད། 

4_2 ས་དབྱིབས།

ཧའེ་པོ་བན་ཆུས་དེ་ཨེའར་ཏུའོ་སི་ས་མཐོའི་ནུབ་བྱང་རྒྱུད་དུ་གནས་པ་དང་ཨུ་ལན་པུའུ་ཧོ་བྱེ་ཐང་ལྷོ་རྒྱུད་ཀྱི་ཀྲུང་ཧྲན་རི་མ་ཐང་དང་། གྲོག་རོང་། དེ་བཞིན་ས་ཁུལ་ཁག་གཅིག་ཞི་ལྷོད་དུ་སོང་ཡོད། ས་བབ་ཧྲིལ་པོ་ནི་ཤར་ལྷོ་དང་ནུབ་བྱང་དམའ། ཤར་ལྷོའི་རྒྱུད་དུ་རི་མ་ཐང་གཙོ་བོ་ཡིན་པ་དང་། ནུབ་བྱང་ཅུང་ཡངས་ཤིང་ཁོད་སྙོམས་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1100ཡོད་།

4_3 ནམ་ཟླ།

ཧའེ་པོ་བན་ཆུས་ནི་དཔེ་མཚོན་ཅན་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན། ཁྱད་ཆོས་ནི་ཆར་ཆུ་ཉུང་བ་དང་དྲོད་ཚད་མཐོ། རླུང་ཆེ་ཤིང་ཉི་འོད་ཕོག་ཚད་རིང། ཐན་པ་ཚབས་ཆེ་ཞིང་དུས་བཞི་གསལ་བ་དང་། དགུན་དུས་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཆེ་བ་བཅས་ཡིན། 

5 མི་གྲངས་དང་མི་རིགས།

སྤྱི་ལོ2012ལོར་སྤྱིའི་མི་གྲངས་ཁྲི31.06ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི29.1ཡོད། སོག་རིགས། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས་སོགས་མི་རིགས40ཡོད།

6 དཔལ་འབྱོར། 

སྤྱི་ལོ2013ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར226.72མངོན་འགྱུར་བྱུང་ཡོད་ལ། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས11.8%འཕར་ཡོད། འཕར་ཚད་སྔོན་དཔག་ལས་བརྒྱ་ཆའི་གཞི་གྲངས0.7མཐོ་བ་རེད། ཝུའུ་ཧའེ་གྲོང་ཁྱེར་གྱི་ཆ་སྙོམས་འཕར་ཚད1.3%ལས་མཐོ་བ་ཡོད་པ་དེ་ཧའི་ནན་ཆུས་ཀྱི2.9%ལས་མཐོ་བ་ཡོད། ཝུའུ་ཁི་ལན་ཁུལ་གྱི1.2%ལས་མཐོ་བ་ཡོད། དཔལ་འབྱོར་བསྡོམས་འབོར་དང་འཕར་ཚད་ཆ་སྙོམས་ཀྱིས་ཁུལ་གསུམ་གྱི་ཨང་དང་པོར་སླེབས་ཡོད།

7 རིག་གནས་ལས་དོན།

སྤྱི་ལོ2013ལོར། ཧའེ་པོ་བན་ཆུས་ཀྱིས་ཧའེ་པོ་བན་ཆུས་གྱི་སྐབས་དང་པོའི་རིག་རྩལ་གསར་རྩོམ་འགྲན་བསྡུར་ཆེ་མོ་དང་། སྐབས་བཅུ་བཞི་པའི་སྡེ་ཁུལ་རིག་གནས་སྒྱུ་རྩལ་དུས་ཆེན་དང་དེ་བཞིན་རིགས་ཁག་གི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ500ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་གྲོང་མི་མི་ཐེངས་ཁྲི20ཞུགས་ཡོད། དམངས་ཁྲོད་རིག་གནས་དང་ལུས་རྩལ་ཚོགས་པའི་འཆར་འགོད་བགོ་བཤའི་བྱེད་སྒོ་སྤེལ་ཡུལ་47ཡོད་པ་རེད།

7_1 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར། ཧའེ་པོ་བན་ཆུས་གྱི“ལྔ་བདུན”གཅིག་གྱུར་འཆར་འགོད་ཀྱིས་རྒན་གསོའི་འགན་བཅོལ་ལས་དོན་ནང་བཅུག་ནས་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བ་དང་། སྨན་བཅོས་དང་ལས་ཤོར་སོགས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་ཧེ་བག་ཚད་གཞི་སྒོར266ཡོད་པ་དང་རིམ་རྩིས་བརྒྱབ་ན་རིགས་ཁག་གི་རོགས་སྐྱོབ་དངུལ་སྒོར་ཁྲི4200སྤྲད་ཡོད་པ་རེད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་བརྟན་པོའི་ངང་སྤེལ་བཞིན་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས3600ལྷག་ཙམ་གསར་སྐྲུན་བྱས་པ་དང་། ཡུལ་མི་དུད་ཚང600གནས་སྤོ་བཀོད་སྒྲིག་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།