ཧའེ་ནན་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 08:40ལ་འགྲུབ།

ཧའེ་ནན་ཆུས།

ཧའེ་ནན་ཆུས།
ཧའེ་ནན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཏུང་དབྱི་ཀྲུའོ་ཙི་རི་བོ(ཝུའུ་རེན་ཏུའུ་ཞི་ཝུའུ་ལ)དང་ཨེར་ཏུའོ་སི་གྲོང་ཁྱེར་ཨོ་ཐུའོ་ཁེ་ཤོག་གཉིས་ཀྱི་ཁྱིམ་མཚེས་ཡིན། ནུབ་ངོས་རྨ་ཆུ་དང་ཝུའུ་ཏ་ཁུལ་གཉིས་ཁ་སྤྲོད་དུ་གནས་ཡོད་པ་དང་། བྱང་མིག་བཞིའི་ཁྲོན་པ་དང་ཧའེ་པོ་མཚོ་ཁུག་ཁུལ་དང་འབྲེལ་ཡོད། ལྷོ་ཉིང་ཞའི་ཧྲི་ཙུའེ་ཧྲན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ50ཙམ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ20ཙམ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1005ཡོད། ཧའེ་ནན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ3དང་ཁྲོམ་གཞུང་དོན་གཅོད་ཁྲུའུ2བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海南区
ཕྱི་ཡིག་གི་མིང་།
Hainan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ2དང་། གྲོང་རྡལ3ཡོད།
གནས་ཡུལ།
ཝུའུ་ཧའེ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད།
སྲིད་གཞུང་གནས་ཡུལ།
ལ་ཙི་གྲོང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1005ཡོད།
མི་གྲངས།
ཁྲི10.05ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
སྐད།
ཅིན་སྐད། སོག་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0473
རླངས་འཁོར་ཚབ་ཨང་།
མེང(蒙)C
1 ​ངོ་སྤྲོད་མདོར་བསྡུས། 

ཧའེ་ནན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཏུང་དབྱི་ཀྲུའོ་ཙི་རི་བོ(ཝུའུ་རེན་ཏུའུ་ཞི་ཝུའུ་ལ)དང་ཨེར་ཏུའོ་སི་གྲོང་ཁྱེར་ཨོ་ཐུའོ་ཁེ་ཆི་གཉིས་ཀྱི་ཁྱིམ་མཚེས་ཡིན། ནུབ་ངོས་རྨ་ཆུ་དང་ཝུའུ་ཏ་ཁུལ་གཉིས་ཁ་སྤྲོད་དུ་གནས་ཡོད་པ་དང་། བྱང་མིག་བཞིའི་ཁྲོན་པ་དང་ཧའེ་པོ་མཚོ་ཁུག་ཁུལ་དང་འབྲེལ་ཡོད། ལྷོ་ཉིང་ཞའི་ཧྲི་ཙུའེ་ཧྲན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ50ཙམ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ20ཙམ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1005ཡོད། ཧའེ་ནན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ3དང་ཁྲོམ་གཞུང་དོན་གཅོད་ཁྲུའུ2བཅས་ཡོད། སྤྱི་ལོ2013ལོར་མི་གྲངས་བསྡོམས་འབོར་ཁྲི10.5ཟིན་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ2000ལོར་ཧའེ་ནན་ཆུས་སུ་ཁྲོམ་གཞུང2དང་། གྲོང་རྡལ3ཡུལ་ཚོ2བཅས་ཡོད།

སྤྱི་ལོ2005ལོར་ཧའེ་ནན་ཆུས་སུ་ཁྲོམ་གཞུང2དང་། གྲོང་རྡལ3ཡུལ་ཚོ2བཅས་ཡོད་པ་སྟེ། ལ་སེང་ཀྲུང་ཁྲོམ་གཞུང་། ཤིས་ཀྲུའོ་ཙི་རི་བོའི་ཁྲོམ་གཞུང་། ལའོ་ཧྲི་ཏན་གྲོང་རྡལ། ལ་སེང་ལྷ་ཁང་གྲོང་རྡལ། ཀུང་ཝུའུ་སུའོ། པ་དབྱིང་ཐའོ་ཧེ་ཡུལ་ཚོ། ཏུང་ཧྥུང་ཡུལ་ཚོ་བཅས་རེད།

སྤྱི་ལོ2006ལོར་ཝུའུ་ཁི་ལན་གྲོང་ཁྱེར་གྱིས་ཞང་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས། ཧའེ་ནན་ཆུས་ཀྱིས་ཡུལ་ཚོ་དང་གྲོང་རྡལ5(ཡུལ་ཚོ2དང་གྲོང་རྡལ3)གྲོང་རྡལ3དུ་ལེགས་སྒྲིག་བྱས་པ་སྟེ། དེ་སྔའི་ཏུན་ཧྥུན་ཡུལ་ཚོ་དང་པ་དབྱིན་ཐའོ་ཧེ་ཤང་ཟླ་སྒྲིལ་བཏང་ནས་པ་དབྱིན་ཐའོ་ཧེ་གྲོང་རྡལ་བཙུགས་པ་དང་། གྲོང་རྡལ་སྲིད་གཞུང་དེ་དེ་སྔའི་པ་དབྱིན་ཐའོ་ཧའེ་ཡུལ་ཚོ་སྲིད་གཞུང་གནས་ཡུལ་དུ་བཙུགས་པ། དེ་སྔའི་ཧྲི་ཏན་གྲོང་རྡལ་དང་ལ་སེང་ལྷ་ཁང་གྲོང་རྡལ་ཟླ་སྒྲིལ་བཏང་ནས་བླ་བྲང་ལྷ་ཁང་གྲོང་རྡལ་བཙུགས་པ་རེད། གྲོང་རྡལ་སྲིད་གཞུང་ནི་ཡོན་ལ་བླ་མ་ལྷ་ཁང་གྲོང་རྡལ་སྲིད་གཞུང་གནས་ཡུལ་དུ་བཙུགས་པ་དང་། ཀུང་ཝུའུ་སུའུ་གྲོང་རྡལ་རང་སོར་བཞག

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2014ལོའི་བར་ཧའེ་ནན་ཆུས་ཁོངས་སུ་ཁྲོམ་གཞུང2(ལྷ་སེང་གྲོན་ཁྲོམ་གཞུང་དང་ཤིས་ཀྲུའོ་ཙིའི་ཧྲན་ཁྲོམ་གཞུང)དང་། གྲོང་རྡལ3(ལ་སེང་ལྷ་ཁང་གྲོང་རྡལ། ཀུང་ཝུའུ་སུའོ། པ་དབྱིང་ཐའོ་ཧེ་གྲོང་རྡལ)བཅས་ཡོད་པ་རེད།

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

ཧའེ་ནན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད། ཏུང་དབྱི་ཀྲུའོ་ཙི་རི་བོ(ཝུའུ་རེན་ཏུའུ་ཞི་ཝུའུ་ལ)དང་ཨེར་ཏུའོ་སི་གྲོང་ཁྱེར་ཨོ་ཐུའོ་ཁེ་ཤོག་གཉིས་ཀྱི་ཁྱིམ་མཚེས་ཡིན། ནུབ་ངོས་རྨ་ཆུ་དང་ཝུའུ་ཏ་ཁུལ་གཉིས་ཁ་སྤྲོད་དུ་གནས་ཡོད་པ་དང་། བྱང་མིག་བཞིའི་ཁྲོན་པ་དང་ཧའེ་པོ་མཚོ་ཁུག་ཁུལ་དང་འབྲེལ་ཡོད། ལྷོ་ཉིང་ཞའི་ཧྲི་ཙུའེ་ཧྲན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ50ཙམ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ20ཙམ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1005ཡོད། ཧའེ་ནན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ3དང་ཁྲོམ་གཞུང་དོན་གཅོད་ཁྲུའུ2བཅས་ཡོད། 

4_2 ནམ་ཟླ།

ཧའེ་ནན་ཆུས་ནི་སྐམ་སའི་གཏིང་རིམ་དུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་སུ་གཏོགས། སྐམ་ཚད་ཏུའུ4.05ཡོད་པ་དང་ཐན་པ་ཧ་ཅང་ཆེ་བའི་མྱ་ངམ་ཐང་དུ་གྱུར་ཡོད། གནམ་གཤིས་ཀྱི་ཁྱད་ཆོས་ནི་ཆར་ཆུ་འབབ་ཚད་ཉུང་ཞིང་རླངས་པར་འགྱུར་ཚད་ཆེ། སྐམ་ཤས་ཆེ་ལ་རླུང་བུ་མང་བ་དང་། ཉི་འོད་ཕོག་པའི་དུས་ཡུན་རིང་བ། ཉི་མའི་འགྱེད་འཕྲོའི་ནུས་པ་ཆེ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ།

5 མི་གྲངས་དང་མི་རིགས།

ཧའེ་ནན་ཆུས་ཀྱི་སྤྱི་ལོ2013ལོའི་སྤྱིའི་མི་གྲངས་ཁྲི10.5ཡོད་པ་དེ་སོག་པོ་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། ཏ་ཝོར་སོགས་མི་རིགས15ལས་གྲུབ་ཡོད།

6 དཔལ་འབྱོར།
6_1 ཕྱོགས་བསྡུས།

སྤྱི་ལོ2013ལོར་ཧའེ་ནན་ཆུས་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར183.6ཡོད་པ་དེ་དུས་མཚུངས་ལས9%འཕར། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར120.8བཏང་ནས་དུས་མཚུངས་ལས20.6%འཕར་ཡོད།

6_2 ཐོན་ལས་དང་པོ།

སྤྱི་ལོ2013ལོར། ཧའེ་ནན་ཆུས་ཀྱི་མུའུ་ཁྲིའི་གྲམ་ཐང་བ་ཚྭ་ཅན་གྱི་ས་ཞིང་སྒྱུར་བཀོད་དང་ཆན་ཡོན་རྒུན་ཆང་གྲོང་གི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཧའེ་ནན་ཆུས་སུ་རྒུན་འབྲུམ་འདེབས་ཁྱོན་མུའུ1380དང་། སྲུང་སྐྱོང་ཁུལ་མུའུ110ཚད་ལྡན་ཅན་གྱི་ཉ་རྫིང་མུའུ1500བཅས་གསར་སྣོན་བྱས་ཡོད། འཁོར་རྒྱུག་ས་ཞིང་མུའུ2302ཟིན་ཡོད། ཞིང་ལས་ཀྱི་རིན་ཐང་འཕར་མ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར2ལེགས་འགྲུབ་ཡོད་པ་དེ་དུས་མཚུངས་ལས5.2%འཕར་ཡོད།

6_3 ཐོན་ལས་གཉིས་པ།

ཧའེ་ནན་ཆུས་སུ་ཀྲུང་ལེན་རྫས་འགྱུར་བཟོ་ལས་ཀྱི་དུས་ཐེངས་དང་པོ་དང་། པའོ་ཀང་གྲོང་ཁྱེར་གྱི་རྡོ་ཐལ་རྡོའི་གཏེར་ཁ། ཧུང་དབྱང་ཏུན་ཁྲི་བརྒྱ་ཐམ་པའི་མཁྲེགས་གཏོར་རྡོ་སོལ་བསྲེགས་མ་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་བསྐྲུན་ཡོད། ཧྲིན་ཧྭ་ཟེ་ཚྭ་ཨན་དང་། བྱི་ལ་ནག་པོའི་བཟོ་ལས་ནེན་བཟོ་ལས། ཀྲུང་ཧྭ་རྡོ་སྣུམ་གཤེར་འགྱུར་རང་བྱུང་སོལ་རླངས་སོགས་ལས་སྣོན་གཏིང་ཟབ་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱས་པ་རེད། མཚོ་གློག་རྡོ་སྙིགས་ཀྱིས་བཟོས་པའི་ཨར་འདམ་དང་། འཛམ་གླིང་གདུབ་ཀྱི་རྫ་དཀར་རྒྱུ་ཆ་གསར་པ། པའེ་ཧྲེང་རྫས་འགྱུར་བཟོ་ལས་ནཱ་སྨི་ཐཱན་སྐྱུར་ཀལ་སོགས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། འཕར་སྣོན་འགན་སྲུང་གི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་དཀའ་གནས་ལས་སྒྲོལ་བར་རོགས་རམ་བྱེད་པ་དང་། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་བྱ་དགོས། སྤྱི་ལོ2013ལོར་མཚོ་ལྷོ་ཆུས་ཀྱི་བཟོ་ལས་རིན་ཐང་འཕར་མ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར135.2ལེགས་འགྲུབ་ཡོད་པ་དེ་དུས་མཚུངས་ལས10%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ3པར་སྤྱི་ལོ2020ལོར་ཀྲུང་གོའི་གཞོན་ནུ་ལས་བརྩོན་ཕུལ་བྱུང་རྫོང་དང་གྲོང་ཁྱེར་དུ་བདམས། 


དཔྱད་གཞིའི་ཡིག་ཆ།