ཝུའུ་ཏ་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-03 17:23ལ་འགྲུབ།

ཝུའུ་ཏ་ཆུས།

ཝུའུ་ཏ་ཆུས།
ཝུའུ་ཏ་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ཧའེ་གྲོང་ཁྱེར་གྱི་ཁོངས་གཏོགས་གྲས་ཤིག་ཡིན་པ་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་ཝུའུ་ཧའེ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད། བྱང་ཤར་དུ་རྨ་ཆུ་དང་ཧའེ་པོ་མཚོ་ཁུག་ཁུལ་དང་འབྲེལ་ཡོད། ཆུས་ཡོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ219.716ཡོད། སྤྱི་ལོ2013ལོའི་བར། གྲོང་རྡལ1དང་། དོན་གཅོད་ཁང7ཡོད་པ་དང་། མི་གྲངས་ཁྲི13ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乌达区
ཕྱི་ཡིག་གི་མིང་།
Wuda District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་ཝུའུ་ཧའེ་ས་ཁུལ།
མངའ་ཁོངས།
སྲང་ལམ7དང་གྲོང་རྡལ1ཡོད།
གནས་ཡུལ།
ཝུའུ་ཧའེ་གྲོང་ཁྱེར་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ219.716ཡོད།
མི་གྲངས།
ཁྲི13ཡོད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧུའུ་དབྱང་གླིང་ཕྲན།
སྐད།
རྒྱ་སྐད་དང་། སོག་སྐད། ཅིན་སྐད།
མེ་འཁོར་འབབ་ཚུགས།
ཝུའུ་ཧའེ་ནུབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0473
སྦྲག་སྲིད་ཨང་རྟགས།
016000
སྲིད་འཛིན་ཚབ་ཨང་།
150304
རླངས་འཁོར་ཚབ་ཨང་།
མེང(蒙)C
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1697ལོར་ཨ་ལ་ཧྲན་དང་ཧྲོ་ཐེ་ཤོག་བཙུགས་པ་དང་། ད་ལྟའི་ཝུའུ་ཏ་ས་ཁུལ་ནི་ཨ་ལག་ཤ་ཤོག་མངའ་འོག་ཏུ་གཏོགས།

ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཝུའུ་ཏ་ས་ཁུལ་དུ་རྡོ་སོལ་རྐོ་ཁུང་ཆུང་ཆུང་ཞིག་བཙུགས།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྐབས་སུ། ཉིང་ཞའི་སྲུང་དམག་གིས་ཨ་ལག་ཤ་དང་ཧྲུའོ་ཐེ་ཤོག་གཅིག་གྱུར་བྱས། རྗེས་སུ་ཀྲུང་དབྱང་སྲིད་འཛིན་ཁང་གི་སོག་བོད་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་སུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ17པའི་ཟླ10པར། ནན་ཅིན་རྒྱལ་དམངས་སྲིད་གཞུང་གིས་ཉིན་ཞ་ཞིང་ཆེན་བཙུགས་ཏེ། ཨ་ལག་ཤ་ཤོག(དེང་གི་ཝུའུ་ཏ་ས་ཁུལ་ལ་གཏོགས་པ)ཉིན་ཞ་ཞིང་ཆེན་དུ་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོའི་བར། ཝུའུ་ཏ་ཆུས་ཁོངས་སུ་ཁྲོམ་གཞུང7དང་གྲོང་རྡལ1ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཝུའུ་ཏ་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་དབུས་ནུབ་རྒྱུད་དུ་གནས་པ་དང་། ཝུའུ་ཧའེ་གྲོང་ཁྱེར་གྱི་ཁོངས་གཏོགས་ཁུལ་གྱི་གྲས་ཤིག་ཡིན། ཤར་ནས་རྨ་ཆུ་དང་ཉེ་ཞིང་། ལྷོ་ནས་ཉིང་ཞའི་ཧྲི་ཙུའེ་ཧྲན་གྲོང་ཁྱེར་དང་ཐག་ཉེ། ནུབ་ཏུ་ཨ་ལག་ཤ་མེང་དང་ས་མཚམས་འབྲེལ་ནས“མེང་ཉིང་ཧྲའན”དཔལ་འབྱོར་ས་ཁོངས་ཀྱི་ལྟེ་གནས་སུ་གནས་ཡོད། 

3_2 ནམ་ཟླ། 

ཝུའུ་ཏ་ཆུས་ནི་འཕྲེད་ཐིག་བར་མ་རུ་གནས་ཡོད། སྐམ་སའི་ཁུལ་གྱི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད9.3℃ཡིན། ཉིན་རེའི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ10-25བར་ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི260དང་སད་མེད་དུས་ཀྱི་ཉིན160ཡས་མས་ཡིན། ལོ་རེའི་ཉི་འོད་ཆུ་ཚོད3000-3300རེད།

4 རང་བྱུང་ཐོན་ཁུངས།
4_1 ནམ་ཟླའི་ཐོན་ཁུངས།

ཝུའུ་ཏ་ཆུས་ནི་དྲོད་རྒྱུན་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་གཏོགས་ཤིང་། ལོ་ལྟར་ཉི་འོད་ཆུ་ཚོད3000ནས3300བར་ཕོག་གི་ཡོད་པས་སྤུས་ལེགས་གྲགས་ཅན་གྱི་ཀྭ་རིགས་དང་སྔོ་ཚལ་འདེབས་རྒྱུར་འཚམ་པོ་ཡོད།

4_2 ཆུའི་ཐོན་ཁུངས།

ཝུའུ་ཏ་ཆུས་ཀྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རྨ་ཆུ་ནི་ཝུའུ་ཏ་ས་ཁུལ་གྱི་ས་ངོས་ཀྱི་ཆུ་ཆེ་ཤོས་དེ་ཡིན་པ་དང་། ཝུའུ་ཏ་ས་ཁུལ་ལ་སྣོད་བཅུད་དང་འཐུང་ཆུའི་ཆུ་འདང་ངེས་མཁོ་འདོན་བྱས་ཡོད། རྨ་ཆུའི་རྒྱུག་ཚད་མངའ་ཁོངས་སུ་སྤྱི་ལེ50ཙམ་ཡོད་པ་དང་ཆ་སྙོམས་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ2100ཡོད།

5 མི་གྲངས་དང་མི་རིགས།

ཝུའུ་ཏ་ཆུས་ཀྱི་མི་གྲངས་བསྡོམས་འབོར་ཁྲི13(སྤྱི་ལོ2013ལོ)ཡོད་པ་དང་། དེའི་ཁོངས་གཏོགས་སུ་རྒྱ་རིགས་དང་། སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨུ་རུ་སུ། པའེ་ལི། ལི་རིགས། ཞི་པའོ། ཀྲོང་རིགས། ཨོ་ཝུན་ཁེ། ཨོ་ལུན་ཁྲུན་སོགས་མི་རིགས17ལས་གྲུབ་ཡོད།

6 འགོ་ཁྲིད་གཙོ་བོ།

ཆུས་ཨུའི་ཧྲུའུ་ཅི། ཁྲུའུ་ཀོན་ལི་ཝུའུ།

ཆུས་ཀྲང་། ཆི་པའོ་ཡེ།

མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རེན། ཧུའེ་ཝང་ཙི་ལིན།

སྲིད་གྲོས་ཀྱི་ཀྲུའུ་ཞི། ལིའུ་སུའེ་ཧྥེང་།

ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། ཡུས་ཅན་ཏུང་།

ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། དབྱང་ཙི་ཆིང་།

ཆུས་ཀྲང་གཞོན་པ། ཝང་ཅུན་ཞན།

ཆུས་ཀྲང་གཞོན་པ། ཀྲང་ཅན་གོ།

7 དཔལ་འབྱོར་འཕེལ་རྒྱས།
7_1 ཐོན་ལས་དང་པོ།

སྤྱི་ལོ2011ལོར་ཞིང་ལས་ཀྱི་འཕར་ཐང་སྒོར་ཁྲི5061ལེགས་འགྲུབ་བྱུང་ཡོད། ལོ་གོང་མའི་དུས་མཚུངས་ལས7.20%འཕར་བ་དེ“ལོ་ལྔའི་འཆར་གཞིའི་དགུ་བའི”དུས་མཇུག་གི་ལྡབ1.63ཡིན་པ་རེད། ལོ་ཧྲིལ་པོར་སྤྱིའི་འདེབས་ཁྱོན་མུའུ28085ཡོད་པ་རེད། སྲུང་སྐྱོང་ས་ཆ་མུའུ201དང་རྒུན་འབྲུམ་མུའུ834གསར་འདེབས་བྱས་པ་སོ་སོར་མུའུ1174དང2840ཟིན་ཡོད། རིགས་ཁག་གི་ནགས་ལས་ནགས་བཟོ་མུའུ2136ལེགས་འགྲུབ་ཡོད་པ་དང་སྣོད་བཅུད་བཅོས་སྐྱོང་རྒྱ་ཁྱོན་ལ་མུའུ53000ཟིན་ཡོད། ཝུའུ་ཏ་ཆུས་ཀྱི་ཞིང་ལས་ནི་གྲོང་ཁྱེར་ཉེ་འདབས་ཀྱི་ཞིང་ལས་གཙོ་བོ་ཡིན་པ་དང་། ལོ་ཏོག་གཙོ་བོར་སྔོ་ཚལ་དང་། ཀུ་ཤུ། ཀུ་ཤུའི་ལི་ལི། རྒུན་འབྲུམ། གྲོ། མ་རྨོས་ལོ་ཏོག་སོགས་ཡོད། ཝུའུ་ཁི་ལན་གྱི་ཀྭ་རིགས་ནི་དེའི་འབྲས་བུ་ཕུན་སུམ་ཚོགས་པའི་མངར་ཆའི་འདུས་ཚད་མཐོ་ཞིང་སྙན་གྲགས་ཆེ། “དྭངས་ཤིང་གཙང་བ”ཞེས་པའི་མཚན་སྙན་ཡོད།

8 སྤྱི་ཚོགས་ལས་དོན།
8_1 རིག་གནས་ལས་དོན།

སྤྱི་ལོ2014ལོར། ཝུའུ་ཏ་ཆུས་ཀྱིས་ཁྱོན་རིག་གནས་སྤུས་རྟགས་བྱེད་སྒོ་ཁག6སྤེལ་ནས་སྤུས་རྟགས་རིག་གནས་བྱེད་སྒོར་བརྟེན་ནས་སྤྱི་པའི་རིག་གནས་ཀྱི་ཡིད་དབང་འགུག་ནུས་མུ་མཐུད་ཆེ་རུ་བཏང་ཡོད།

ཝུའུ་ཏ་ཁུལ་ནི་གནས་སྤོས་ཡུལ་མིའི་གྲོང་ཁུལ་དང་རྡོ་སོལ་གྲོང་ཁུལ་ནས་རིམ་འགྱུར་བྱུང་བ་རེད། རིག་གནས་དེ་གཉིས་ཀྱིས“འཆམ་མཐུན་མཐུན་སྒྲིལ”གྱི་སྙིང་སྟོབས་ནི་ཝུའུ་ཏ་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ལོ2014ལོར་ཝུའུ་ཏ་ཆུས་ཀྱིས“འཆད་པ་དང་། བརྒྱུད་བསྒྲགས། གྱེར་འདོན། གླུ་ལེན། དཔྱད་བརྗོད”བཅས་རྣམ་པ་གཙོ་བོར་བྱས་ནས“འཆམ་མཐུན”བརྗོད་དོན་གཙོ་བོར་བྱས་པའི་བརྒྱུད་རིམ་ལྡན་པའི་རིག་གནས་བྱེད་སྒོ་སྤེལ་རྒྱུ་རེད། དེ་དང་ཆབས་ཅིག་རིག་གནས་འཆད་ཁྲིད་ཆེ་མོ་དེ་དཔེ་མཛོད་ཁང་གིས་ཟླ་རེར་གཙོ་གཉེར་ཐེངས་རེ་བྱས་ནས་གྲགས་ཅན་མཁས་དབང་གདན་དྲངས་ཏེ་རིག་གནས་དང་། རང་རྒྱལ་གྱི་རིག་པ། སྒྱུ་རྩལ་གཟིགས་དཔྱད། ཁྱིམ་ཚང་སློབ་གསོ་སོགས་ཀྱི་ནང་དོན་གཙོ་བོར་འཛིན་གྱིན་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ3པར་ཆུ་བེད་པུའུ་ཡིས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)ཁག་དང་པོར་ཡོངས་བསྒྲགས་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།