སྤྱི་ལོ1952ལོ་ནས་སྤྱི་ལོ1958ལོའི་རིང་། སི་ཧུའེ་ནི་ཀོང་ཉིན་རྫོང་དང་ཟླ་སྒྲིལ་བཏང་བ་དང་ཟླ་སྒྲིལ་བཏང་རྗེས་ཀོང་ཀྲོའུ་རྫོང་ཟེར། སྤྱི་ལོ1954ལོ་ནས་སྤྱི་ལོ1961ལོར་ཐེངས་གཉིས་ལ་བགོས་ཤིང་། སི་ཧུའེ་རྫོང་ནི་སོ་སོར་ཀོང་ཏུང་དབུས་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་དང་ཀྲའོ་ཆིང་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1993ལོའི་ཟླ11པའི་ཚེས25ཉིན། སི་ཧུའེ་རྫོང་གྲོང་ཁྱེར་དུ་བསྒྱུར།
སྤྱི་ལོ2013ལོའི་བར། སི་ཧུའེ་གྲོང་ཁྱེར་ཁོངས་སུ་ཁྲོམ་ལམ3(ཏུང་ཁྲེང་དང་། ཁྲེང་ཀྲུང་། ཀྲེན་ཧྲན)གྲོང་རྡལ10(ལུང་ཧྥུ། ཏི་ཏུའུ། ཝེ་ཀྲེང་། ལུའོ་ཡོན། ཐུང་ཁོའུ། ཧྲ་ཧྲ། ཧྲི་ཀུའུ། ཧོང་ཐེན། ཞ་ཡན། ཅང་ཀུའུ་བཅས)གྲོང་མིའི་ཨུ་ཡོན་ལྷན་ཁང32དང་། གྲོང་མིའི་ཨུ་ཡོན་ལྷན་ཁང122བཅས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1257.6ཟིན་ཡོད། གྲོང་ཁྱེར་སྲིད་གཞུང་ནི་གྲོང་ཤར་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།
སི་ཧུའེ་གྲོང་ཁྱེར་ནི་ཀོང་ཏུང་ཞིང་ཆེན་གྱི་དབུས་ནུབ་རྒྱུད་དུ་གནས་པ་དང་། བདེ་ཐང་དང་རི་ཁུལ་འབྲེལ་མཚམས་སུ་གནས་པ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་དཔལ་འབྱོར་ཁུལ་ཞིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1163ཡོད།
མངའ་ཁོངས་ནང་གི་ས་ཁུལ་མང་ཆེ་བ་ནི་བྱང་ལྡོག་ཐིག་གི་ལྷོ་ཕྱོགས་སུ་གནས་ཡོད། ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། བརླན་ཚད་ཅུང་ཆེ། ཚ་བ་ཆེ་བ་དང་། འོད་ཕོག་ཚད་མང་བ། ཆར་ཆུ་འབེལ་བ། གནམ་གཤིས་དྲོ་བ། སད་མེད་དུས་རིང་བ། དུས་བཞིར་རྨོ་འདེབས་བྱས་ན་འཚམ།
སི་ཧུའེ་ཡི་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། མངའ་ཁོངས་ཀྱི་ཆུ་རྒྱུན་གཙོ་བོ་ནི་སུའེ་ཅང་གཙང་པོ་དང་ལུང་ཅང་གཙང་པོ་དང་། ཆེས་རིང་བའི་ཆུ་བོ་ནི་སུའེ་ཅང་གཙང་པོ་ཡིན། སྤྱིའི་རིང་ཚད་ལ་སྟོང་སྨི226ཡོད་པ་དང་དེའི་ནང་གི་ཆུ་ཚོད་བཞིའི་རིང་ཚད་ལ་སྟོང་སྨི49ཡོད།
སྤྱི་ལོ2010ལོའི་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞིར་གཞིགས་ན། སི་ཧུའེ་ཡི་རྒྱུན་སྡོད་མི་གྲངས471716ཡོད་པ་དེ་སྤྱི་ལོ2000ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མི་གྲངས385148ཡོད་པ་དང་བསྡུར་ན། ལོ་བཅུའི་ནང་མི86568མང་དུ་ཕྱིན་ནས22.48%འཕར་ཡོད། ལོ་རེའི་ཆ་སྙོམས་འཕར་ཚད2.05%ཡིན།
སྤྱི་ལོ2019ལོར། སི་ཧུའེ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར390.10མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་རྒྱག་རྒྱུ། བརྒྱ་ཆའི6.9འཕར་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར58.70ཡོད་པས0.3%ཆག་པ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར164.19ཡོད་པས8.8%འཕར། ཐོན་ལས་གསུམ་པ་སྒོར་དུང་ཕྱུར167.21ཡོད་པས7.0%འཕར་ཡོད། ཐོན་ལས་ཆེན་པོ་གསུམ་གྱི་བསྡུར་ཚད་ནི15.0:42.1:42.9ཡིན། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཐོན་ལས་དང་པོ་དང་ཐོན་ལས་གསུམ་པའི་བསྡུར་གྲངས་བཟུང་ཚད་བརྒྱ་ཆའི་གྲངས0.7དང0.1སོ་སོར་ཆག་ཡོད། ཐོན་ལས་གཉིས་པ་བརྒྱ་ཆའི་གཞི་གྲངས0.8འཕར་ཡོད། ཐོན་ལས་གསུམ་པའི་ནང་སྡེབ་འཚོང་དང་སིལ་འཚོང་ལས་རིགས་བརྒྱ་ཆའོ5.5འཕར་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས2.4%འཕར་བ་དང་། དངུལ་རྩའི་ལས་རིགས6.6%འཕར། ས་ཁང་ཐོན་ལས7.5%འཕར་བ་བཅས་རེད། སྤྱི་ལོ2019ལོར་གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་GDPསྒོར78192ཟིན་ཡོད། ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར11335ལ་ཕབ་ན6.3%འཕར་ཡོད། ལོ་མཇུག་ཏུ་སྤྱི་ཚོགས་ཐོག་ལས་ཞུགས་མི་གྲངས་ཁྲི28.78ཡོད་པ་དེ་ལོ་གོང་མ་ལས0.6%འཕར། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས6920གསར་དུ་འཕར་བ་དང་། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ449ཐོ་འགོད་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.35%ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་མཉམ་པ་རེད། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར16.79ཡོད་པས་སྔ་ལོ་ལས8.4%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར12. 20ཡོད་པ་དེ་ལོ་གོང་མ་ལས8.6%འཕར་བ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི72.6%བཟུང་ཡོད།
སྤྱི་ལོ2020ལོར་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་ཞིག་ཡིན། སྤྱི་ལོ2020ལོའི་ཀྲུང་གོའི་མཚན་མོའི་དཔལ་འབྱོར་དར་རྒྱས་ཆེ་བའི་རྫོང་དང་གྲོང་ཁྱེར་དུ་བདམས།
སྤྱི་ལོ2020ལོའི་ཟླ5པར། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་དྲ་རྒྱའི་སིལ་ཚོངTOP100ཡི་མིང་གྲལ61གྲལ་དུ་ཚུད།