ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 15:05ལ་འགྲུབ།

ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་།

ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་།
ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ཆིང་ཡོན་གྲོང་ཁྱེར་ཁོངས་སུ་གཏོགས། ནན་ལིན་གྱི་རི་བོ་ལྔའི་ཡ་གྱལ་དུ་གྲགས་པའི་མེང་ཀྲི་རི་རྒྱུད་དུ་གནས་ཡོད། ཀོང་ཏུང་དང་། ཧུའུ་ནན། ཀུའེ་ཀྲོའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
连山壮族瑶族自治县
ཕྱི་ཡིག་གི་མིང་།
Lianshan Zhuang and Yao Autonomous County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་གྱི་ཆིང་ཡོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ7ཡོད།
གནས་ཡུལ།
ནན་ལིང་རི་རྒྱུད་ནུབ་ཀྱི་ལྷོ་ངོས་དང་། ཀོང་ཏུང་ཞིང་ཆེན་གྱི་ནུབ་བྱང་མཚམས།
སྲིད་གཞུང་གནས་ཡུལ།
ཅིན་ཐིན་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1265ཡོད།
མི་གྲངས།
123383ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཞུས་ཧྲན་དང་། མའོ་ཐེན་ལྟ་སྐོར་སྟེགས་བུ། བའོ་ཧྲན་སྐས་ཞིང་། དབྱིང་དབྱང་ཀོན་མཛེས་ལྗོངས་ཁུལ།  ཅིན་ཙི་ཧྲན། ཧྥུ་ལིན་སྐྱེད་ཚལ་མཛེས་ལྗོངས་ཁུལ།
སྐད།
ཀྲོང་སྐད་དང་ཡའོ་སྐད་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0763
སྦྲག་སྲིད་ཨང་རྟགས།
513200
སྲིད་འཛིན་ཚབ་ཨང་།
441825
རླངས་འཁོར་ཚབ་ཨང་།
ཡུའེ(粤)R
1 ​འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1962ལོའི་ཟླ3པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཐེངས་བརྒྱ་དང་བཅོ་ལྔ་པའི་ཐོག“ལན་ནན་ཡའོ་རིགས་ཀྲོང་རིགས་རང་སྐྱོང་རྫོང་ཕྱིར་འཐེན་བྱ་རྒྱུར་ཐག་བཅད། ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་དང་ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་སླར་གསོ་བྱ་རྒྱུའི”ཆོད་དོན་ལ་གྲོས་འཆམ་བྱུང་།

སྤྱི་ལོ1962ལོའི་ཟླ9པའི་ཚེས26ཉིན། ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་དངོས་སུ་བཙུགས་པ་དང་སྔར་བཞིན་ཧྲའོ་ཀོན་ས་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1983ལོའི་ཟླ6པར། ཧྲའོ་ཀོན་ས་ཁུལ་དང་རྫོང་རིམ་པའི་ཧྲའོ་ཀོན་གྲོང་ཁྱེར་ཟླ་སྒྲིལ་བཏང་ནས་ས་ཁུལ་རིམ་པའི་ཧྲའོ་ཀོན་གྲོང་ཁྱེར་བཙུགས་པ་དང་ལེན་ཧྲན་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1988ལོའི་ཟླ1པོར། ཆིང་ཡོན་གྲོང་ཁྱེར་གསར་དུ་བཙུགས་པ་དང་ལེན་ཧྲན་ཆིང་ཡོན་གྲོང་ཁྱེར་གྱི་མངའ་ཁོངས་སུ་བགོས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1265ཟིན་ཡོད། ཁོངས་གཏོགས་སུ་ཅི་ཐན་དང་། ཐའེ་པའོ། ཧོ་ཏུང་། ཡུང་ཧོ། ཧྥུའུ་ཐང་། ཞའོ་སན་ཅང་། ཧྲང་ཧྲོའེ་བཅས་གྲོང་རྡལ7དང་སྲིད་འཛིན་གྲོང་ཚོ48 སྤྱི་ཁུལ4བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ནུབ་བྱང་མཚམས་སུ་གནས་ཡོད། ནན་ལིན་རི་རྒྱུད་ཀྱི་ལྷོ་ནུབ་འདབས་སུ་གནས་ཡོད། ཤར་དུ་ལན་ནན་ཡའོ་རིགས་རང་སྐྱོང་རྫོང་གི་ཁྱིམ་མཚེས་ཡིན། ནུབ་ངོས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཧོ་ཀྲོའུ་གྲོང་ཁྱེར་པ་པུའུ་ཆུས་དང་འབྲེལ་ཡོད། ལྷོ་ངོས་དབྱི་ཧོའེ་ཅི་རྫོང་དང་འབྲེལ་ཡོད། བྱང་དུ་ཧུའུ་ནན་ཞིང་ཆེན་ཅང་ཧྭ་ཡའོ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། བྱང་གི་འཕྲེད་ཐིག24°10′25″~24°51′15″དང་། ཤར་གྱི་གཞུང་ཐིག111°55′15″~112°16′00″བར་དུ་གནས་ཡོད།

3_2 ནམ་ཟླ།

ལེན་ཧྲན་ཀྲོང་རིགས་ཡའོ་རིགས་རང་སྐྱོང་རྫོང་ནི་གནམ་གཤིས་དྲོ་ཞིང་། ཚ་ཁུལ་བར་མའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཚ་བའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཆར་ཆུ་མོད་ལ། ལངས་གཟུགས་ཀྱི་གནམ་གཤིས་མངོན་གསལ་ཡིན།

4 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ལ་ཁྱིམ་ཐོའི་མི་གྲངས123383ཡོད། དེའི་ནང་དུ་གྲོང་གསེབ་ཀྱི་མི་གྲངས96419དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས26964ཡོད།

5 མི་རིགས་ཆོས་ལུགས།
5_1 མི་རིགས།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་གྲངས་ཉུང་མི་རིགས་མི་གྲངས77728ཡོད། མི་གྲངས་བསྡོམས་འབོར་གྱིས63.88%ཟིན་པའི་ནང་ཀྲོང་རིགས58071དང་ཡའོ་རིགས19330ཡོད།

5_2 ཆོས་ལུགས།

རྫོང་ཡོངས་ཀྱིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱས་ཡོད། རྫོང་ནང་གི་ཆོས་ལུགས་ཁུལ་བཞི་ཡི་རྒྱུན་ལྡན་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་དང་དོ་དམ་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ། སྲིད་ཇུས་ཀྱིས་གཏན་ཁེལ་བྱས་པའི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་ཆོག་པ་དང་། དུས་མཚུངས་སུ་ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་དང་བཀག་འགོག་བྱས་ཡོད། དད་ལྡན་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན། ཆབ་སྲིད་དཔལ་ཡོན་བཅས་འཛུགས་སྐྱོང་བྱེད་པར་ཞུགས་པར་སྐུལ་འདེད་བཏང་ཡོད། 

6 དཔལ་འབྱོར།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར34. 19ཡོད་ལ་ལོ་སྔོན་མ་ལས7.3%འཕར་ཡོད། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག6.2%འཕར་ཡོད། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་དོན་འཁྲུག་པོ་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ལོ་སྔོན་མ་ལས8.3%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.19ཡིན་པས12.31%འཕར་ཡོད། ཁྲལ་མིན་གྱིས29.93%བཟུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ7.7%འཕར་ཡོད། གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ9.8%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།