ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-03 16:50ལ་འགྲུབ།

ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་།

ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་།
ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1306ཡོད། མངའ་འོག་ཏུ་གྲོང་རྡལ7ཡོད། སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས176445ཡོད། སྤྱི་ལོ2005ལོའི་མི་གྲངས་སྡོམ་རྩིས་བྱས་པ་ལྟར་ན། རྫོང་ཡོངས་སུ་བསྡོམས་པས་མི156523ཡོད། དེའི་ནང་ཡའོ་རིགས80972ཡོད་པ་དེས་སྤྱིའི་མི་གྲངས་གྱི50.73%བཟུང་བ་དང་། ཀྲོང་རིགས་མི་གྲངས1523ཡོད། རྒྱ་རིགས་མི་ཁྲི7ལྷག་ཙམ་ཡོད་པ་དང་མང་ཆེ་བ་ནི་མགྲོན་པོ་ཡིན། ད་དུང་ཧུའེ་རིགས། མན་ཇུ་རིགས། ལི་རིགས། དབྱི་རིགས། ཐུའུ་ཅ་རིགས། པུའུ་དབྱི། ཁྲའོ་ཞན་སོགས་མི་རིགས་ཉུང་ཤས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
连南瑶族自治县
ཕྱི་ཡིག་གི་མིང་།
Yao Autonomous County of Liannan
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཆིང་ཡོན་གྲོང་ཁྱེར།
མངའ་ཁོངས།
གཙང་གསུམ་གྲོང་རྡལ། ཀྲའེ་ཀང་གྲོང་རྡལ། གྲོ་ཆེན་གྲོང་རྡལ།
གནས་ཡུལ།
ཀོང་ཏུང་ཞིང་ཆེན་གྱི་ནུབ་བྱང་ཕྱོགས།
སྲིད་གཞུང་གནས་ཡུལ།
གཙང་གསུམ་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1305.929ཡོད།
མི་གྲངས།
མི176445ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་བརླན་གཤེར་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
གཙང་གསུམ་གནའ་གྲོང་དང་། འབུད་ཡའོ་གནའ་གྲོང་། བྲག་བརྐོས་རྡོ་བརྐོས། པན་ཏུང་ཆུ་མཛོད།
ས་ཁོངས་ཁ་པར་ཨང་རྟགས།
0763
སྲིད་འཛིན་ཚབ་ཨང་།
441826
རླངས་འཁོར་ཚབ་ཨང་།
ཡུའེ(粤)R
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར53.46ཡོད།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1961ལོའི་ཟླ10པར། ལན་ཀྲོའུ་ཡི་རིགས་སོ་སོའི་རང་སྐྱོང་རྫོང་ཕྱིར་འཐེན་བྱས། ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་བཙུགས་ནས་ཧྲའོ་ཀོན་ས་ཁུལ་གྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས།

སྤྱི་ལོ1983ལོར། ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་རྗེས་ཧྲའོ་ཀོན་གྲོང་ཁྱེར་གྱིས་བདག་སྐྱོང་བྱས་པ་དང་།  སྤྱི་ལོ1988ལོའི་ཟླ1པོར་ཆིང་ཡོན་གྲོང་ཁྱེར་གསར་འཛུགས་བྱས་ཏེ། ཆིང་ཡོན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1306ཡོད།

2_2 ནམ་ཟླ།

ལེན་ནན་ཡའོ་རིགས་རང་སྐྱོང་རྫོང་ནི་ཚ་བའི་ཁུལ་གྱི་དུས་རླུང་བརླན་གཤེར་ཆེ་བའི་གནམ་གཤིས་ཁུལ་ལ་གཏོགས་ཤིང་། ལེན་ནན་རྫོང་གི་ནམ་ཟླ་དུས་བཞི་གསལ་བ་དང་དབྱར་རིང་ཞིང་དགུན་ཐུང་། སྟོན་དཔྱིད་བར་བརྒལ་མགྱོགས་པས་དཔྱིད་དུས་གྲང་ངར་ཆེ། དབྱར་དུས་ཚ་བ་ཆེ་བ་དང་ཆར་བ་མང་། སྟོན་དུས་བསིལ་རླུང་ཆེ་ཞིང་དགུན་དུས་གྲང་ངར་དང་སྐམ་ཤས་ཆེ།

3 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་བར། ལེན་ནན་རྫོང་དུ་ཐེམ་ཐོ་ཁྱོན་མི176445ཡོད་པ་དེ་ལོ་གོང་མ་ལས0.2%འཕར། དེའི་ནང་སྐྱེས་པའི་མི་གྲངས92098ཡོད་པ་དེས་སྤྱིའི་མི་གྲངས་གྱི52. 20%བཟུང་བ་དང་། བུད་མེད་མི་གྲངས84347ཡོད་པ་དེས་སྤྱིའི་མི་གྲངས་གྱི47.80%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས100845ཡོད་པ་དེས་སྤྱིའི་མི་གྲངས་གྱི57.15%བཟུང་ཡོད། 

4 དཔལ་འབྱོར།

སྤྱི་ལོ2019ལོར་ལེན་ནན་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར53.46ཡོད་པས3.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར10.54ཡོད་པས3.6%འཕར། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར12.10ཡོད་པས15.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར30.82ཡོད་པས1.4%ཆག་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི19.7:22.6:57.7ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར39496ཡོད་པས2.6%འཕར་ཡོད།

སྤྱི་ལོ2019ལོར་ལེན་ནན་རྫོང་གི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.55ཡོད་པ་དང་། 20.06%འཕར་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས16.3འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི9269ཟིན་ཡོད། ལོ་གོང་མའི་དུས་མཚུངས་ལས་སྒོར་ཁྲི1887འཕར་ནས25.56%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར18.07ཡིན་པས9.02%འཕར་ཡོད།

སྤྱི་ལོ2019ལོར་ལེན་ནན་རྫོང་གི་གྲོང་མིའི་འཛད་སྤྱོད་རིན་གོང་རིམ་རྩིས་བྱས་ན3.6%འཕར་བ་དང་། རིགས་ཆེན་པོ་བརྒྱད་ཀྱི་རིན་གོང་སྟོན་གྲངས་ལ“འཕར་དྲུག་ཆག་གཉིས”ཀྱི་རྣམ་པ་མངོན་པ་དང་སྤྱི་ཡོངས་ཀྱི་རིན་གོང་སྟོན་གྲངས་འཕར་ཚད་ཞི་ལྷོད་ངང་འཕར་བའི་རྣམ་པ་མངོན་ཡོད། རིགས་ཆེན་པོ་བརྒྱད་ཀྱི་ཚོང་ཟོག་གམ་ཞབས་ཞུའི་རིན་གོང་འགྱུར་ཚུལ་ལ་བལྟས་ན། བཟའ་བཅའ་དང་། ཐ་མག་དང་ཨ་རག་རིགས་ཀྱི་རིན་གོང་བརྒྱ་ཆའི9.7འཕར་ཡོད། གྱོན་ཆས་རིགས་ཀྱི་རིན་གོང་བརྒྱ་ཆའི2.5འཕར་ཡོད། སྡོད་གནས་རིགས་ཀྱི་རིན་གོང0.3%འཕར་བ་དང་། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིན་གོང0.6%འཕར་ཡོད། སློབ་གསོ་དང་རིག་གནས། རོལ་རྩེད་མཁོ་ཆས། ཞབས་ཞུའི་རིན་གོང་བཅས་བརྒྱ་ཆའི0.8འཕར་ཡོད། མཁོ་ཆས་དང་ཞབས་ཞུའི་རིན་གོང་གཞན་དག་བརྒྱ་ཆའི1.6འཕར་བ་དང་། འགྲིམ་འགྲུལ་དང་འཕྲིན་སྐྱེལ་རིགས་ཀྱི་རིན་གོང་བརྒྱ་ཆའི1.2ཆག་ཡོད། སྨན་བཅོས་བདེ་སྲུང་རིགས་ཀྱི་རིན་གོང་བརྒྱ་ཆའི1.4ཆག་ཡོད།

5 གཟི་བརྗིད་མཚན་སྙན།

ཀོང་ཏུང་ཞིང་ཆེན་ལྗང་མདོག་གྲགས་ཅན་རྫོང་དུ་བདམས། 

ཀོང་ཏུང་ཞིང་ཆེན་ནགས་ལས་སྐྱེ་ཁམས་རྫོང་དུ་བདམས། 

ཀོང་ཏུང་ཞིང་ཆེན་སློབ་གསོ་སྟོབས་ལྡན་རྫོང་དུ་བདམས། 

ཀྲུང་གོའི་རྫོང་ཁོངས་ཡག་ཤོས་ཀྱི་གྲལ་དུ་བདམས། 

སྤྱི་ལོ2020ལོའི་ཀྲུང་གོའི་དཔྱིད་དུས་ཀྱི་སྤྲོ་གསེང་རྫོང་གྲོང་ཁྱེར་གྱི་གྲལ་དུ་ཚུད། 


དཔྱད་གཞིའི་ཡིག་ཆ།