རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-04 15:47ལ་འགྲུབ།

རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་།

རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་།
རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཀོང་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧྲའོ་ཀོན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད། ཤར་ངོས་ཧྲའོ་ཀོན་གྲོང་ཁྱེར་གྱི་ཝུའུ་ཅང་ཆུས་དང་ཁྱིམ་མཚེས་ཡིན། ནུབ་ངོས་ཆིན་ཡོན་གྲོང་ཁྱེར་དབྱང་ཧྲན་རྫོང་དང་འབྲེལ་ཡོད། ལྷོ་ངོས་ཆིང་ཡོན་དབྱིན་ཏེ་གྲོང་ཁྱེར་དང་འབྲེལ་ཞིང་། བྱང་ངོས་ལེ་ཁྲང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་བྱང་ཧུའུ་ནན་དབྱི་ཀྲང་རྫོང་དང་འབྲེལ་ཡོད། ཀོང་ཏུང་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་རྫོང3གྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乳源瑶族自治县
ཕྱི་ཡིག་གི་མིང་།
Ruyuan Yao Autonomous County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ9ཡོད།
གནས་ཡུལ།
ཀོང་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧྲའོ་ཀོན་གྲོང་ཁྱེར་གྱི་ནུབ་རྒྱུད།
སྲིད་གཞུང་གནས་ཡུལ།
རོའུ་ཁྲེན་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2299ཡོད།
མི་གྲངས།
ཁྲི23.13ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མོན་དགོན་པ། ཡུན་མོན་རི་བོ། ནན་ལིང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ནན་ཧྲུའེ་མཚེའུ། ཀོང་ཏུང་གྲོག་རོང་ཆེན་མོ། ཐེན་ཅིང་རི་བོ།
སྐད།
ཡའོ་སྐད་སོགས།
མེ་འཁོར་འབབ་ཚུགས།
རུའུ་ཡོན་འབབ་ཚུགས།
གནམ་གྲུ་ཐང་།
ཧྲའོ་ཀོན་ཏན་ཞ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0751
སྦྲག་སྲིད་ཨང་རྟགས།
512700
སྲིད་འཛིན་ཚབ་ཨང་།
440232
རླངས་འཁོར་ཚབ་ཨང་།
粤F
1 ​ངོ་སྤྲོད་མདོར་བསྡུས།

རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཀོང་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དང་ཧྲའོ་ཀོན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད། ཤར་ངོས་ཧྲའོ་ཀོན་གྲོང་ཁྱེར་གྱི་ཝུའུ་ཅང་ཆུས་དང་ཁྱིམ་མཚེས་ཡིན། ནུབ་ངོས་ཆིན་ཡོན་གྲོང་ཁྱེར་དབྱང་ཧྲན་རྫོང་དང་འབྲེལ་ཡོད། ལྷོ་ངོས་ཆིང་ཡོན་དབྱིན་ཏེ་གྲོང་ཁྱེར་དང་འབྲེལ་ཞིང་། བྱང་ངོས་ལེ་ཁྲང་གྲོང་ཁྱེར་དང་འབྲེལ་ཡོད། ནུབ་བྱང་ཧུའུ་ནན་དབྱི་ཀྲང་རྫོང་དང་འབྲེལ་ཡོད། ཀོང་ཏུང་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་རྫོང3གྱི་གྲས་ཤིག་ཡིན།

སྤྱི་ལོ1963ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་འཛུགས་རྒྱུའི་ཆོག་མཆན་གནང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2299ཡོད་ལ། དེའི་ཁོངས་གཏོགས་ཀྱི་གྲོང་རྡལ9དང་། སྡེ་དམངས་ཨུ་ཡོན་ལྷན་ཁང115དང་། རང་བྱུང་གྲོང་ཚོ1071བཅས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་དུ་རྫོང་ཡོངས་ཀྱི་ཁྱིམ་ཐོའི་མི་གྲངས་ཁྲི22.66ཟིན་ཡོད། དེའི་ནང་དུ་གྲོང་གསེབ་ཀྱི་མི་གྲངས་ཁྲི15.36དང་ཡའོ་རིགས་མི་གྲངས་ཁྲི2.44ཡོད།

2 འཛུགས་སྐྲུན་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ3པར(སྤྱི་ལོ1914ལོ)ཀོང་ཏུང་བྱང་རྒྱུད་ཀྱི་ནན་ཧྲའོ་ལེན་ཏའོ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ8པར(སྤྱི་ལོ1919ལོ)ནན་ཧྲའོ་ལེན་ཏའོ་ཡི་ཧྲའོ་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ35པར(སྤྱི་ལོ1946ལོ)ཀོང་ཏུང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་གཏོགས།

སྤྱི་ལོ1949ལོའི་ཟླ10བའི་ཚེས9ཉིན། རུའུ་ཡོན་བཅིངས་འགྲོལ་བྱས་པ་དང་། ཀོང་ཏུང་པེ་ཅང་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། (རྗེས་སུ་ཀོང་ཏུང་བྱང་ཕྱོགས་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་བསྒྱུར)

སྤྱི་ལོ1963ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་འཛུགས་རྒྱུའི་ཆོག་མཆན་གནང་། སྔ་རྗེས་སུ་ཧྲའོ་ཀོན་ཀྲོན་ཡོན་ཀུང་ཧྲུའུ་དང་། ཧྲའོ་ཀོན་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་། ཧྲའོ་ཀོན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1983ལོར་ཧྲའོ་ཀོན་ས་ཁུལ་དང་ཧྲའོ་ཀོན་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། རུའུ་ཡོན་ཧྲའོ་ཀོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

3  སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2011ལོར། རྫོང་ཡོངས་ཀྱི་ཁོངས་སུ་རུའུ་ཡོན་གྲོང་རྡལ་དང་། ཀུའེ་ཐོའུ་གྲོང་རྡལ། ཏ་པུའུ་གྲོང་རྡལ། ལུའོ་དབྱང་གྲོང་རྡལ། ཡུས་ལོའུ་གྲོང་རྡལ། པི་པེ་གྲོང་རྡལ། ཡིའུ་ཤིས་གྲོང་རྡལ། ཏུང་ཕིང་གྲོང་རྡལ་སོགས་གྲོང་རྡལ9ཡོད་པའི་ནང་དུ་པི་པེ་གྲོང་རྡལ་དང་། ཡིའུ་ཞིས་གྲོང་རྡལ། ཏུང་ཕིང་གྲོང་རྡལ་བཅས་ཡིན། ཁྱོན་སྡེ་དམངས་ཨུ་ཡོན་ལྷན་ཁང102དང་། གཞིས་ཁུལ་སྡེ་དམངས་ཨུ་ཡོན་ལྷནཁང13 གྲོང་ཚོ1183བཅས་ཡོད། སྲིད་གཞུང་བཅའ་སྡོད་བྱ་ཡུལ་ནི་རུའུ་ཡོན་གྲོང་རྡལ་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

རུའུ་ཡོན་ཡའོ་རིགས་རང་སྐྱོང་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་བྱང་རྒྱུད་དང་། ཧྲའོ་ཀོན་གྲོང་ཁྱེར་གྱི་ནུབ་བྱང་། ནན་ལིང་རི་རྒྱུད་ཞོན་ཐེན་ལིན་གྱི་ལྷོ་འདབས་སུ་ཆགས་ཡོད། ཤར་གྱི་གཞུང་ཐིག 112°52′—113°28′དང་། འཕྲེད་ཐིག་བྱང་མའི24°28′—25°09′བར་དུ་གནས་ཡོད། ཤར་ངོས་ཧྲའོ་ཀོན་གྲོང་ཁྱེར་ཡན་ཅང་དང་ཝུའུ་ཅང་ཆུས་དང་ཁྱིམ་མཚེས་ཡིན། ལྷོ་ངོས་དབྱིན་ཏེ་གྲོང་ཁྱེར་པོ་ཚི་གྲོང་རྡལ་དང་འབྲེལ་ཡོད། ནུབ་ངོས་ཆིང་ཡོན་གྲོང་ཁྱེར་དབྱང་ཧྲན་རྫོང་དང་འབྲེལ་ཞིང་། བྱང་དུ་ལེ་ཁྲང་གྲོང་ཁྱེར་དང་ཧུའུ་ནན་ཞིང་ཆེན་དབྱི་ཀྲང་རྫོང་དང་འབྲེལ་ཡོད།

4_2  ནམ་ཟླ།

རུའུ་ཡོན་རྫོང་ནི་ཚ་ཁུལ་བར་མའི་བརླན་གཤེར་ཅན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། དགུན་དུས་སུ་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་ཡོད་ལ། རྫོང་གི་ནུབ་བྱང་རྒྱུད་དུ་ཧྲི་ཁང་ཁུང་སོགས་རི་ཆེན་གྱིས་ཆོད་ཡོད་པས། བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཇེ་ཞན་དུ་བཏང་ཡོད།

5  མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི19.06ཡོད། ལོ་གོང་མ་ལས་མི་ཁྲི0.12འཕར་སྣོན་བྱུང་ཞིང་། བརྒྱ་ཆའི6.3འཕར་སྣོན་བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་གྱི་བསྡུར་ཚད46.75%ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.14འཕར་ཡོད། ཁྱིམ་ཐོའི་མི་གྲངས་ཁྲི23.12ཟིན་ཡོད། ཕོ་མོའི་བསྡུར་ཚད106.73(མོ100)ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཐོའི་མི་གྲངས་ཁྲི7.39ཡིན། གྲོང་གསེབ་ཀྱི་ཁྱིམ་ཐོའི་མི་གྲངས་ཁྲི15.74ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས3170ཡོད། མི་གྲངས་སྐྱེས་ཚད13.7‰དང་། སྐྱེས་པའི་མི་གྲངས་གྱི་ཕོ་མོའི་བསྡུར་ཚད106.92(མོ100ཡིན) ཤི་བའི་མི་གྲངས941ཡོད། ཤི་ཚད4.07སྟོང་ཆའི་ཡིན། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི9.63ཡིན།

6  དཔལ་འབྱོར།

སྤྱི་ལོ2016ལོར་རྫོང་ཡོངས་སུ་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར73.7ཡོད་ལ་ལོ་སྔོན་མ་ལས9.5%འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར5.21ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི3འཕར་ཡོད། སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར66.97བཏང་བ་དེ2.7%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་ཁྲི1.71ཡོད་ལ་ལོ་སྔོན་མ་ལས10%འཕར་ཡོད།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར83.6ཡོད་ལོ་སྔོན་མ་ལས10%འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.62ཡིན་ལ་ལོ་སྔོན་མ་ལས10%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར75བཏང་ནས་ལོ་སྔོན་མ་ལས12%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་ཁྲི1.86ཡོད་ལ་ལོ་སྔོན་མ་ལས8.8%འཕར་ཡོད།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར94.7ཡོད་པ་དེ་ལོ་གོང་མ་ལས6.5%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར7.5ཡོད་ལ་ལོ་སྔོན་མ་ལས2%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར40.8ཡོད་ལ་ལོ་སྔོན་མ་ལས9.4%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར46.5ཡོད་ལ་ལོ་སྔོན་མ་ལས4.8%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་སྒྲིག་གཞི་ནི་སྤྱི་ལོ2018ལོའི7.7:48.9:43.4ནས7.9:43:49.1བར་ལེགས་སྒྲིག་བྱས་ཡོད། རྒྱུན་སྡོད་མི་གྲངས་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི4.99ཡོད་ལ་ལོ་སྔོན་མ་ལས5.6%འཕར་ཡོད།

ལོ་ཧྲིལ་བོར་སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བརྒྱ་ཆའི9.2ཆག་ཡོད། དེའི་ནང་དུ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་རྣམ་གྲངས་བརྒྱ་ཆའི33.2ཆག་ཡོད། སྡོད་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་འཇོག་གྲངས་བརྒྱ་ཆའི33.4འཕར་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི5.6ཡོད་ལ་ལོ་སྔོན་མ་ལས39.2%ཆག་ཡོད།

ཐོན་ལས་ཐེངས་གསུམ་པོ་མ་འཇོག་གྲུབ་ཆ་དེ་ཐོན་ལས་དང་པོར་མ་འཇོག་བྱེད་ཚད289.1%འཕར་ཡོད། ཐོན་ལས་གཉིས་པའི་མ་འཇོག་བྱེད་ཚད33.2%ཆག་ཡོད། ཐོན་ལས་གསུམ་པའི་མ་འཇོག་བྱེད་ཚད13.9%འཕར་ཡོད། ཐོན་ལས་གསུམ་གྱི་མ་འཇོག་གྲུབ་ཆའི་བསྡུར་ཚད་ནི4.5:40.8:54.7ཡིན།

རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར22066ཡོད་ལ་ལོ་སྔོན་མ་ལས8.2%འཕར་ཡོད། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར27952ཡོད་ལ་ལོ་སྔོན་མ་ལས8.1%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར15817ཡོད་ལ་ལོ་སྔོན་མ་ལས10.3%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་བསྡུར་ཚད་ནི1.77:1ཡིན།

7  རིག་གནས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཟློས་གར་ཁང1དང་གློག་བརྙན་ཁང2 དཔེ་མཛོད་ཁང1 རྫོང་གི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1 རྟེན་རྫས་ཁང1 རིག་གནས་ཁང1 ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས9  དཔེ་མཛོད་ཁང་གི་དཔེ་དེབ་གསོག་ཚད་བསྡོམས་འབོར་ཁྲི27.9ཡོད་པ་དེ་ལོ་གོང་མ་ལས་དེབ་ཁྲི3.9མང་དུ་ཕྱིན་ཡོད།

7_1  སློབ་གསོ།

ལོ་ཧྲིལ་བོར་སློབ་གྲྭར་ཡོད་པའི་སློབ་གྲྭ་དཀྱུས་མའི་སློབ་མ36355ཡོད་པ་དེ་ལོ་སྔོན་མ་ལས2.3%འཕར་ཡོད། སློབ་འབྲིང་དཀྱུས་མ7དང་། སློབ་ཆུང11 བུ་བཅོལ་ཁང39བཅས་ཡོད། སྤྱི་ལོ2019ལོའི་མཐོ་རྒྱུགས་སློབ་བསྡུའི་མི་གྲངས1089ཡོད། སློབ་མ་བསྡུ་ཚད95.74%ཡོད་ལ་ལོ་སྔོན་མ་ལས4.81%འཕར་ཡོད། དེའི་ནང་དུ་དངོས་གཞིའི་ཚན་ཁག་གི་སློབ་མ404བསྡུས་པ་དེ་ལོ་སྔོན་མ་ལས8.2%ཆག་ཡོད། ཆེད་སྦྱོང་ཚན་ཁག་གི་སློབ་མ685བསྡུས་པ་དེ་ལོ་སྔོན་མ་ལས14.4%འཕར་ཡོད། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ1286བསྡུས་པ་དེ་ལོ་སྔོན་མ་ལས19.3%འཕར་ཡོད།

8  གཟི་བརྗིད་མཚན་སྙན།

རུའུ་ཡོན་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་ལས”དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་སྡེ་ཁག”“རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་གྱི་སྔོན་ཐོན་མཉམ་ལས” “རྒྱལ་ཡོངས་ཀྱི་ལྗང་མདོག་བཟའ་བཅའི་དཔེ་སྟོན་རྫོང”“ཀྲུང་གོའི་ལྗང་མདོག་བཟའ་བཅའི་དཔེ་སྟོན་རྫོང”“ཀྲུང་གོའི་ལྗང་མདོག་གྲགས་ཅན་རྫོང”“ཀྲུང་གོའི་ཤིང་འབྲས་དང་སྔོ་ཚལ་གྱི་སྤྱི་གནོད་མེད་པའི་དཔེ་སྟོན་རྫོང”“ཀྲུང་གོའི་མི་རིགས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྲགས་ཅན་རྫོང”“རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་མཉམ་སྤྱོད་འདུ་འགོད་ཀྱི་དཔེ་སྟོན་རྫོང”“ཀྲུང་གོའི་དངུལ་རྩའི་སྐྱེ་ཁམས་རྫོང”བཅས་སུ་བདམས།

སྤྱི་ལོ2020ལོའི་ཟླ6པར། ཁག་གཉིས་པའི་ཀོང་ཏུང་ཞིང་ཆེན་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།