ཀའོ་ཡའོ་ཆུས།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-08-03 17:08ལ་འགྲུབ།

ཀའོ་ཡའོ་ཆུས།

ཀའོ་ཡའོ་ཆུས།
ཀའོ་ཡའོ་ཆུས་ནི་ཀོང་ཏུང་ཞིང་ཆེན་ཀྲའོ་ཆིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་པ་དང་ཀྲའོ་ཆིང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད། ཀོང་ཏུང་ཞིང་ཆེན་གྱི་དཔལ་ཡོན་གྲོང་ཁྱེར་དང་། ཀོང་ཏུང་ཞིང་ཆེན་གྱི་འཕྲོད་བསྟེན་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་གྱི་དཔལ་འབྱོར་གྲོང་ཁྱེར། ཀྲའོ་ཆིང་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་བཅས་ཡིན། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2071ཡོད་པ་དང་དེའི་ཁོངས་སུ་གྲོང་རྡལ16དང་ཁྲོམ་གཞུང1 སྡེ་ཁུལ26དང་སྲིད་འཛིན་གྲོང་ཚོ324བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高要区
ཕྱི་ཡིག་གི་མིང་།
Gaoyao District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཀྲའོ་ཆིན་གྲོང་ཁྱེར།
མངའ་ཁོངས།
གྲོང་ཁྱེར་ཐད་གཏོགས་ཆུས།
གནས་ཡུལ།
ལིན་ནན་དབུས་རྒྱུད་ཀྱི་ནུབ་ངོས་དང་ནུབ་ཆུའི་འབབ་རྒྱུད།
སྲིད་གཞུང་གནས་ཡུལ།
ནན་ཨན་སྲང་ལམ།
མི་གྲངས།
ཁྲི80.05ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མཐོ་སློབ་ཕོ་བྲང་དང་། ཤེས་རིག་མཆོད་རྟེན། ཅིན་ལི་མའོ་ཀང་ཆུ་ཐོག་ཤིང་གྲུབ་འཛུགས་སྐྲུན་རྗེས་ཤུལ།
མེ་འཁོར་འབབ་ཚུགས།
ཀྲའོ་ཆིང་ནུབ་ཚུགས་དང་ཤིན་ཆའོ་གྲོང་རྡལ་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0758
སྦྲག་སྲིད་ཨང་རྟགས།
526100
རླངས་འཁོར་ཚབ་ཨང་།
ཡུའེ(粤)H
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར420.69ཡོད། (སྤྱི་ལོ2019ལོ)
1 ​སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
1_1 དབྱེ་མཚམས་འཕེལ་རིམ།

སྤྱི་ལོ2000ལོར་ཀའོ་ཡའོ་ཁོངས་སུ་གྲོང་རྡལ19ཡོད་པ་སྟེ། ནན་ཨན་གྲོང་རྡལ་དང་པའེ་ཐུའུ་གྲོང་རྡལ། པའེ་ཀྲུའུ་གྲོང་རྡལ། ཏ་ཝན་གྲོང་རྡལ། ཧྥུ་ཏའོ་གྲོང་རྡལ། ཧུའེ་ལུང་གྲོང་རྡལ། ཞའོ་ཞང་གྲོང་རྡལ། ཧོ་ཐའེ་གྲོང་རྡལ། ཅའོ་ཐང་གྲོང་རྡལ། ཅིན་ཏུའུ་གྲོང་རྡལ། ལེ་ལེ་གྲོང་རྡལ། ལེན་ཐང་གྲོང་རྡལ། ལུའུ་པུའུ་གྲོང་རྡལ། མ་ཨན་གྲོང་རྡལ། ཧྲུའེ་ནན་གྲོང་རྡལ། མའོ་པན་གྲོང་རྡལ། ཞིན་ཆའོ་གྲོང་རྡལ་བཅས་ཡིན།

1_2 ས་ཁུལ་དབྱེ་འབྱེད་ཀྱི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2015ལོར། ཀའོ་ཡའོ་ཁོངས་སུ་ཁྲོམ་གཞུང1(ལྷོ་ངོགས་ཁྲོམ་གཞུང)དང་། གྲོང་རྡལ16(ཅིན་ཏུའུ་གྲོང་རྡལ། ཅིན་ལི་གྲོང་རྡལ། ཅུན་ཀང་གྲོང་རྡལ། པའེ་ཐུའུ་གྲོང་རྡལ། ཧུའེ་ལུང་གྲོང་རྡལ། ཅའོ་ཐང་གྲོང་རྡལ། ལན་ཐང་གྲོང་རྡལ། ཧྥུའུ་ཏའོ་གྲོང་རྡལ། ཤིན་ཆའོ་གྲོང་རྡལ། པའེ་ཀྲུའུ་གྲོང་རྡལ། ཏ་དབན་གྲོང་རྡལ། ལུའུ་པུའུ་གྲོང་རྡལ། ཞའོ་ཤང་གྲོང་རྡལ། ཧོ་ཐའེ་གྲོང་རྡལ། ལེ་ལེ་གྲོང་རྡལ། ཧྲུའེ་ནན་གྲོང་རྡལ)སྡེ་ཁུལ28 སྲིད་འཛིན་གྲོང་ཚོ324 གྲོང་མིའི་ཚོགས་ཆུང2998བཅས་ཡོད།

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ཀའོ་ཡའོ་ཆུས་ནི་ཀོང་ཏུང་ཞིང་ཆེན་གྱི་དབུས་རྒྱུད་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད། 

2_2 ནམ་ཟླ།

ཀའོ་ཡའོ་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ་ཡིན་པ་དང་། འོད་ཕོག་ཚད་འདང་ངེས་ཡིན། ཚ་བ་ཆེ་བ་དང་། ཆར་ཆུ་འབེལ་བ། སད་མེད་དུས་རིང་། ལོ་རེའི་ཆ་སྙོམས་དྲོད་ཚད22℃ཡིན། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1647.8ཡོད་པ་དང་། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1801.6ཡིན།

3 རང་བྱུང་ཐོན་ཁུངས།
3_1 ཆུའི་ཐོན་ཁུངས།

ཤིས་ཅང་གཙང་པོ་དང་དེའི་ཆུ་ལག་གི་ལོ་མང་ཆ་སྙོམས་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2242ཡོད་པ་དང་། ལོ་མང་ཆ་སྙོམས་ས་འོག་ཆུའི་བཞུར་ཚད་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི218.4ཡོད།

3_2 ནགས་ཤིང་ཐོན་ཁུངས།

སྤྱི་ལོ2011ལོར་ནགས་ལས་ས་ཆའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི12.44ཡོད་པ་དང་། ནགས་ཚལ་ཁེབས་ཚད56.7%ཡོད་པ་དང་ཤིང་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི544.82ཡོད། ཀྲུང་གོའི་ལྗང་མདོག་གྲགས་ཅན་གྲོང་ཁྱེར་དང་། ཀྲུང་གོའི་ཤིང་ཚ་ཤང་། ཀོང་ཏུང་ཞིང་ཆེན་ནགས་ལས་སྣོད་བཅུད་རྫོང་བཅས་ཡིན། ཞིང་ཆེན་རིམ་པའི་ཅིན་ཀྲུང་རི་བོའི་ནགས་ཚལ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོང་ཁུལ12ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ224.6ཡོད་པ་དང་ཁྱབ་ཚད10.23%ཟིན་ཡོད།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་མི་གྲངས་ཁྲི82.0328ཡོད་པ་དང་། ལོ་གོང་མ་ལས་མི4948འཕར་བའི་ནང་གྲོང་གསེབ་ཀྱི་མི་གྲངས་ཀྱིས་ཁྲི57.8319ཟིན་ཡོད། རྒྱུན་སྡོད་མི་གྲངས་ཁྲི80.05ཡོད་པས0.6%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ཁྲི31.1592ཡོད།

4_2 མི་རིགས།

མི་རིགས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡོམས་གྲངས1031ཡོད།

5 དཔལ་འབྱོར།

སྤྱི་ལོ2019ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར420.69ཡོད་པས6.3%འཕར་བ། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར90.21ཡོད་པས4.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར211.68ཡོད་པས7.7%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར118.8ཡོད་པས5.1%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་ནི་སྤྱི་ལོ2018ལོའི19.7:51.1:29.2ཡིན་པ། 21.5:50.3:28.2ལ་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར52702ཡོད་པས5.6%འཕར་ཡོད། "

སྤྱི་ལོ2019ལོར་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས103.3%ཡོད་པས3.3%འཕར་ཡོད། ཚོང་ཟོག་སིལ་འཚོང་རིན་གོང་གི་སྟོན་གྲངས2.3%འཕར་བ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྟོན་གྲངས4.1%འཕར་བ། སྡོད་ཁང་ཕྱིར་ཚོང་རིན་གོང་གི་སྟོན་གྲངས5.1%འཕར་བ། ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭའི་རིན་གོང་གི་སྟོན་གྲངས0.2%ཆག་ཡོད། འགྲིམ་འགྲུལ་གྲོན་དངུལ་གྱི་རིན་གོང་སྟོན་གྲངས3.0%འཕར་བ་དང་། ཨར་ལས་སྒྲིག་སྦྱོར་ལས་གྲྭའི་རིན་གོང་སྟོན་གྲངས4.2%འཕར་ཡོད། འཕྲིན་གཏོང་ཞབས་ཞུའི་རིན་གོང་གི་སྟོན་གྲངས2.6%ཆག་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.33%ཡོད་པས0.02%ཆག་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ6པར། སྤྱི་ལོ2020ལོར་ཀྲུང་གོའི་རྫོང་ཁོངས་ཀྱི་རིག་ལྡན་གྲོང་ཁྱེར་རྩེ་གྲ་བརྒྱའི་བང་རིམ70ནང་ཚུད་ཡོད།

སྤྱི་ལོ2020ལོའི་ཟླ6པའི་ཚེས30ཉིན། “གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་གློག་བརྙན་ཁག་གཉིས་པའི་དབྱེ་འབྱེད་རྫོང་གི་མིང་ཐོའི”ནང་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།