ལིན་ཧོ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-31 14:38ལ་འགྲུབ།

ལིན་ཧོ་ཆུས།

ལིན་ཧོ་ཆུས།
ལིན་ཧོ་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པ་དང་། རྨ་ཆུའི་བྱང་ངོགས་དང་། སྲིབ་རིའི་ལྷོ་འདབས་སུ་གནས་ཡོད། ཧོ་ཐའོ་བདེ་ཐང་དབུས་ཁུལ་དང་། ལྷོ་ཀྲུང་གོའི་ཆུ་བོ་ཆེན་པོ་གཉིས་པ་རྨ་ཆུར་ཐུག་ཡོད། སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལིན་ཧོ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི54.93ལ་སླེབས། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི36.06དང་གྲོང་གསེབ་ཀྱི་མི་འབོར་ཁྲི18.87ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临河区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེརཞ།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་བ་ཡན་ནོར་གྲོང་ཁྱེར།
མངའ་ཁོངས།
ཅེ་ཧྥང་སྲང་ལམ་དང་པའེ་ཧོན་སྲང་ལམ།
སྲིད་གཞུང་གི་ས་གནས།
ཞིན་ཧྭ་ཤར་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0478
སྦྲག་སྲིད་ཨང་རྟགས།
015000
ས་གནས།
ནང་སོག་རང་སྐྱོང་ལྗོངས་བ་ཡན་ནོར་གྲོང་ཁྱེར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་སྟོང་སྨི2,354
མི་གྲངས།
ཁྲི54.93
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
མེང(蒙)L
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
152801
1 ​འཕེལ་རིམ་ལོ་རྒྱུས།

སྤྱི་ལོ1949ལོའི་ཟླ9པའི་ཚེས19ཉིན། སུའེ་ཡོན་ཞིང་ཆེན་གྱི་གོ་མིན་ཏང་གི་དམག་སྲིད་དབང་འཛིན་ལས་ཁུངས་ཀྱིས་འོས་ལངས་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ལིན་ཧོ་རྫོང་ཁོངས་སུའེ་ཡོན་གྱི་ཧྲན་ཞིའི་ཆེད་སྤྱོད་མི་སྣའི་ཀུང་ཧྲུའུ་ཡིན། 

སྤྱི་ལོ1954ལོར་སུའེ་ཡོན་ཞིང་ཆེན་དང་ནང་སོག་རང་སྐྱོང་ལྗོངས་གཉིས་ཟླ་སྒྲིལ་བཏང་། ལོ་དེར་ཧྲན་ཞི་ཀྲོན་ཡོན་ཧྲུའུ་ཞེས་པ་དེ་ཧོ་ཐའོ་སྲིད་འཛིན་ཁུལ་དུ་བསྒྱུར་ཞིང་། ཁོངས་གཏོགས་ལ་འགྱུར་ལྡོག་བྱུང་མེད། 

སྤྱི་ལོ1958ལོར་ཧོ་ཐའོ་སྲིད་འཛིན་ཁུལ་དང་པ་ཡན་ནོར་མེང་ཟླ་སྒྲིལ་བཏང་བ་དང་། ལིན་ཧོ་རྫོང་གི་ལི་པ་ཡན་ཀྲོར་མེང་བཙུགས། 

སྤྱི་ལོ1984ལོའི་ཟླ12པའི་ཚེས11ཉིན། ལིན་ཧོ་རྫོང་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར། 

སྤྱི་ལོ2004ལོའི་ཟླ8པའི་ཚེས26ཉིན། པ་ཡན་ནོར་མེང་མེད་པར་བཟོས་ཏེ་བ་ཡན་ནོར་གྲོང་ཁྱེར་དུ་བསྒྱུར། ལིན་ཧོ་གྲོང་ཁྱེར་གྱི་མིང་ནི་ལིན་ཧོ་ཆུས་སུ་བསྒྱུར། ཆུས་མི་དམངས་སྲིད་གཞུང་ནི་ཆིན་ཧྥེང་ཏུང་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོའི་ལོ་མཇུག་བར་ལིན་ཧོ་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང10དང་། གྲོང་རྡལ11 ཡུལ་ཚོ3བཅས་ཡོད་པ་སྟེ། ཐོན་ཅེ་ཁྲོམ་གཞུང་དང་། ཁྲེ་ཀྲན་ཁྲོམ་གཞུང་། ཞན་ཧྥེང་ཁྲོམ་གཞུང་། བཅིངས་འགྲོལ་ཁྲོམ་གཞུང་། ཤིན་ཧྭ་ཁྲོམ་གཞུང་། ཏུང་ཧོན་ཁྲོམ་གཞུང་། ཐེ་ནན་ཁྲོམ་གཞུང་། ཤིས་ཧོན་ཁྲོམ་གཞུང་། ཧུའུ་ཧོན་ཁྲོམ་གཞུང་། ཧུའུ་ཀོང་ཁྲོམ་གཞུང་། ལང་ཧྲན་གྲོང་རྡལ། ཤིན་ཧྭ་གྲོང་རྡལ། ཀན་ཀྲའོ་མིའོ་གྲོང་རྡལ། ཧོང་དབྱང་མུའུ་གྲོང་རྡལ། ཝུའུ་ལན་ཐུའུ་ཁེ་གྲོང་རྡལ། ཞའོ་ཀྲའོ་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། ཁྲེང་ཀོན་གྲོང་རྡལ། པའེ་ཏ་པའོ་གྲོང་རྡལ། པ་དབྱི་ཡུལ་ཚོ། ཏན་ཏ་ཡུལ་ཚོ། ཝུའུ་ལན་ཆིའུ་ཡུལ་ཚོ། ལང་ཧྲན་ཞིང་ར་དང་ལིན་ཧོ་ཞིང་ར་བཅས་ཡིན།

3 མི་གྲངས་གནས་ཚུལ།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ལིན་ཧོ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི54.93ལ་སླེབས། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི36.06དང་གྲོང་གསེབ་ཀྱི་མི་འབོར་ཁྲི18.87ཡོད་པ་རེད།

4 ས་ཁམས་ཆ་རྐྱེན།

ལིན་ཧོ་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པ་དང་། རྨ་ཆུའི་བྱང་ངོགས་དང་། སྲིབ་རིའི་ལྷོ་འདབས་སུ་གནས་ཡོད། ཧོ་ཐའོ་བདེ་ཐང་དབུས་ཁུལ་དང་། ལྷོ་ཀྲུང་གོའི་ཆུ་བོ་ཆེན་པོ་གཉིས་པ་རྨ་ཆུར་ཐུག་ཡོད་པས། དེའི་མིང་དེ་ལྟར་དུ་ཐོགས་པར་གྲགས།

4_1 ས་བབ།

ལིན་ཧོ་ཆུས་ནི་རྨ་ཆུའི་ཀླུང་ཐང་ཡིན་པ་དང་། ས་ངོས་ཡངས་ཤིང་ཁོད་སྙོམས་པ་དང་། ས་བབ་ལྷོ་ནུབ་ནས་བྱང་ཤར་དུ་ཕྱོགས་ཏེ་ས་བབ་མཐོ་ཚད་སྨི1209-1045ཡོད་པ་རེད། ཆུ་བོའི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང75761ལ་སླེབས། སྤྱིའི་རྒྱ་ཁྱོན་གྱི54.4%བཟུང་ནས་འབྲོག་ར་དང་། བྱེ་སྒང་། ནགས་ཚལ། མཚེའུ་སོགས་ཡོད།

4_2 ནམ་ཟླ།

ལིན་ཧོ་ཆུས་ནི་་སྐམ་སའི་དབུས་ཁུལ། དྲོད་འབྲིང་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། དེའི་ཁྱད་ཆོས་ནི། སྤྲིན་སྨུག་ཇེ་ཉུང་ན་ཆར་ཆུ་འབབ་ཚད་ཇེ་ཉུང་བ་དང་། རླུང་ཆེ་བ། གནམ་གཤིས་སྐམ་ཤས་ཆེ་བ། ལོ་རེའི་ཆར་ཆུ་འབབ་ཚད138.8mmཡིན། ཆ་སྙོམས་དྲོད་ཚད6.8℃དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། ཉི་འོད་ཕོག་ཡུན་རིང་། ལོ་རེའི་ཉི་འོད་ཕོག་ཡུན་ནི་ཆུ་ཚོད3229.9ཡིན། རང་རྒྱལ་གྱི་ཉི་འོད་ཕོག་ཡུན་ཆེས་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན།

4_3 ས་རྒྱུས།

བྱེ་འདམ་ནི་ཆུ་བོ་འབབ་པའི་ས་ཁོངས་གཙོ་བོ་ཞིག་ཡིན། ཁྱབ་ཁུལ་ཅུང་རྒྱ་ཆེ་བ་དང་། པའོ་ལན་ལྕགས་ལམ་དང་ཧྲའན་ཞིའི་ཆུ་རགས་ནས་ལྔའི་བར་གྱི་གཞུང་ལམ་བར་ནི་འདྲེན་འདམ་ཁྱབ་ཁུལ་ཡིན། རྨ་ཆུའི་ཆུ་རགས་ཀྱི་ལྷོ་ངོས་དང་། སྤྱིའི་ལྡིང་ཤོག་གི་བྱང་ངོས་སུ་ཁྱབ་ཡོད། བྱེ་འདམ་གྱི་རྒྱ་ཁྱོན་མུའུ1762727.22ལ་སླེབས།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2013ལོར་ལིན་ཧོ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར254.4མངོན་འགྱུར་བྱུང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན9.0%འཕར། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར42.2ལ་སླེབས་པ་དེ་དུས་མཚུངས་ལས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་129.5ལ་སླེབས་པ་དེ་དུས་མཚུངས་ལས10.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར82.7ལ་སླེབས་པ་དེ་དུས་མཚུངས་ལས9.6%འཕར། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་དེ17:52:31ནས16:51:33དུ་འགྱུར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར46349ལ་སླེབས།

5_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར71.9ལ་སླེབས་པ་དེ་དུས་མཚུངས་ལས6.5%འཕར། རིན་ཐང་འཕར་མ་སྒོར་དུང་ཕྱུར42.2ལ་སླེབས་ནས3.0%འཕར། ཆུ་བོ་འབབ་ཁུལ་གྱི་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི208.1ལ་སླེབས། ལོ་གོང་མ་ལས་མུའུ་ཁྲི0.8ཇེ་ཉུང་དུ་ཕྱིན་པ་དང་ཆག་ཚད་0.4%ལ་སླེབས་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི65.8ལ་སླེབས། ལོ་གོང་མ་ལས་ཏུན་ཁྲི0.8འཕར་བ་དང་འཕར་ཚད1.2%ལ་སླེབས། ལིན་ཧོ་ཆུས་ཀྱི་སྒོ་ཕྱུགས་གྲངས་ཀ་ཁྲི169.5ཡོད། ལོ་གོང་མ་ལས་གྲངས་ཀ་ཁྲི་0.7ཇེ་ཉུང་དུ་ཕྱིན་པ་དང་ཆག་ཚད་0.4%ལ་སླེབས། སྒོ་ཕྱུགས་གསོ་ཚགས་བྱེད་ཚད་ཁྲི438.1ལ་སླེབས། ལོ་གོང་མ་ལས་ཁྲི15.0ཇེ་ཉུང་དུ་ཕྱིན་པ་དང་ཆག་ཚད3.3%ཇེ་ཉུང་དུ་ཕྱིན་ཡོད། ནགས་ལས་ཀྱིས་སྤྱི་ལོ2013ལོར་མ་དངུལ་སྒོར་དུང་ཕྱུར10བཏང་ཡོད། སྡོང་ཕྲུག་སྣ་ཚོགས་སྡོང་རྐང་ཁྲི1500ལྷག་ཙམ་བཙུགས་ནས་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི8.1ལེགས་གྲུབ་བྱུང་། ཆུ་བོ་འབབ་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང33705ལ་སླེབས། སྡོང་ཕྲན་ནགས་སའི་རྒྱ་ཁྱོན་སྤྱི་ཆིང3436དང་། ནགས་ཚལ་དྲ་བའི་འགྲམ་བཞིའི་ཤིང་འཛུགས་རྒྱ་ཁྱོན་སྤྱི་ཆིང5691ལ་སླེབས། ནགས་ཚལ་ཁེབས་ཚད18.4%ལ་སླེབས་པ་དང་ཤིང་རིགས་གསོན་པོའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི447.3ལ་སླེབས།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོར་ལིན་ཧོ་ཆུས་ཀྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར85.2ལ་སླེབས་ནས12.2%འཕར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་མ་རྐང་ལམ་ལུགས་ཀྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར55.0ལ་སླེབས་ནས15.1%འཕར་བ་དང་། བཟོ་ལས་ཁེ་ལས་ཆེ་འབྲིང་ལ་འཕར་ཐང་སྒོར་དུང་ཕྱུར40བྱུང་ནས13.8%འཕར། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར59.9དང་སྒོར་དུང་ཕྱུར25.3ལ་སླེབས་ནས17.4%དང3.5%འཕར། ཚད་ལོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར3.8བྱུང་ནས་ཁྲལ་དངུལ་སྒོར་དུང་ཕྱུར2.2བྱུང་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་ཕྱིར་འཚོང་བྱེད་ཚད94%ལ་སླེབས།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར89.4ལ་སླེབས་ནས12.7%འཕར། གྲོང་ཁྱེར་དང་གྲོང་གསེབ་དབྱེ་ནས་བལྟས་ན། གྲོང་ཁྱེར་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར83.3ལ་སླེབས་ནས13.1%འཕར་བ་དང་། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར6.1ལ་སླེབས་ནས7.6%འཕར། ལས་རིགས་དབྱེ་ནས་བལྟས་ན། སྡེབ་འཚོང་དང་སིལ་འཚོང་ཉོ་ཚོང་ལས་རིགས་སུ་སིལ་འཚོང་བྱས་གྲངས་སྒོར་དུང་ཕྱུར77.5ལ་སླེབས། ལོ་གོང་མ་ལས13%འཕར། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར11.9ལ་སླེབས་པ་དེ་དུས་མཚུངས་ལས10.5%འཕར་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་སྐྱོང་ལྗོངས། ནང་སོག