ཆའོ་ཞིན་ཅང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-30 10:31ལ་འགྲུབ།

ཆའོ་ཞིན་ཅང་།

ཆའོ་ཞིན་ཅང་།
ཁོང་ནི་སྤྱི་ལོ1961ལོའི་ཟླ10པར་ཧོ་ནན་ཁྲང་ཀཱ་ནས་སྐྱེས་ཤིང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ལ། སྤྱི་པའི་དོ་དམ་རབ་འབྱམས་པ་ཡིན། སྤྱི་ལོ1990ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1984ལོའི་ཟླ7པར་བྱ་བར་ཞུགས། ད་ལྟ་ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
乔新江
སྐྱེས་ཡུལ།
ཧོ་ནན་ཁྲང་ཀཱ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1961ལོའི་ཟླ10པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཆིང་ཧྭ་སློབ་ཆེན།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1961ལོའི་ཟླ10པར་ཧོ་ནན་ཁྲང་ཀཱ་ནས་སྐྱེས་ཤིང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་ལ། སྤྱི་པའི་དོ་དམ་རབ་འབྱམས་པ་ཡིན། སྤྱི་ལོ1990ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1984ལོའི་ཟླ7པར་བྱ་བར་ཞུགས། 

ད་ལྟ་ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9པ་ནས་སྤྱི་ལོ1984ལོའི་ཟླ7པའི་བར་ཀྲེང་ཀྲོའུ་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1984ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གཞུང་ལས་ཁང་གི་ཁོའོ་ཡོན་ཡིན།

སྤྱི་ལོ1989ལོའི་ཟླ1པོ་ནས་སྤྱི་ལོ1992ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ1992ལོའི་ཟླ5པ་ནས་སྤྱི་ལོ1993ལོའི་ཟླ4པའི་བར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་ཁོའོ་ཡོན་ཡིན།

སྤྱི་ལོ1993ལོའི་ཟླ4པ་ནས་སྤྱི་ལོ1996ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ5པ་ནས་སྤྱི་ལོ2000ལོའི་ཟླ7པའིབར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2000ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གི་ཤིང་འཛུགས་ནགས་བཟོའི་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།   

སྤྱི་ལོ2001ལོའི་ཟླ2པ་ནས་སྤྱི་ལོ2002ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ2པ་ནས་སྤྱི་ལོ2007ལོའི་ཟླ1པོའི་བར་ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་སྤྱི་པའི་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས།    

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2012ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2012ལོའི་ཟླ5པ་ནས་སྤྱི་ལོ2012ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ7པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5པ་ནས་སྤྱི་ལོ2017ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ5པ་ནས་སྤྱི་ལོ2017ལོའི་ཟླ6པའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མི་ཡིན།

སྤྱི་ལོ2017ལོའི་ཟླ6པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཞིན་དབྱང་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ1པོའི་ཚེས30ཉིན། ཧོ་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་སྟེང་། བློ་མཐུན་ཆའོ་ཞིན་ཅང་ནི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས།


དཔྱད་གཞིའི་ཡིག་ཆ།