ཝང་ཏེང་ཞི།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-27 17:09ལ་འགྲུབ།

ཝང་ཏེང་ཞི།

ཝང་ཏེང་ཞི།
​ཁོང་ནི་སྤྱི་ལོ1963ལོའི་ཟླ6པར་ཧོ་ནན་ཞིང་ཆེན་ཐང་དབྱིན་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1982ལོར་བྱ་བར་ཞུགས། སྤྱི་ལོ1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དཔལ་འབྱོར་པ་དང་། བདེ་འཇགས་བཟོ་བཀོད་པ། ཐོ་འགོད་མཐོ་རིམ་བློ་འདྲི་བ་བཅས་ཡིན། ད་ལྟ་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王登喜
སྐྱེས་ཡུལ།
ཧོ་ནན་ཞིང་ཆེན་ཐང་དབྱིན་རྫོང་།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ་6པ།
མི་རིགས།
རྒྱ་རིགས།
དད་མོས།
གུང་ཁྲན་རིག་ལུགས།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ6པར་ཧོ་ནན་ཞིང་ཆེན་ཐང་དབྱིན་རྫོང་ནས་སྐྱེས་ཤིང་། སྤྱི་ལོ1982ལོར་བྱ་བར་ཞུགས། སྤྱི་ལོ1984ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དཔལ་འབྱོར་པ་དང་། བདེ་འཇགས་བཟོ་བཀོད་པ། ཐོ་འགོད་མཐོ་རིམ་བློ་འདྲི་བ་བཅས་ཡིན། 

ད་ལྟ་ཧོ་ནན་ཞིང་ཆེན་ཞིན་ཞང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ8པའི་བར། ཀྲེང་ཀྲོའུ་ཆུ་བེད་སློབ་གྲྭའི་ཆུ་བཟོ་ཨར་ལས་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1982ལོའིཟླ8པ་ནས་སྤྱི་ལོ1984ལོའི་ཟླ5བའི་བར། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་ཀུའུ་ཞན་ཡུལ་ཚོའི་ལས་བྱེད་པ་དང་། དཔལ་འབྱོར་མཉམ་ལས་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1984ལོའི་ཟླ5པ་ནས་སྤྱི་ལོ1988ལོའི་ཟླ12པའི་བར། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་ཀུའུ་ཞན་ཤང་སྲིད་གཞུང་གི་ཤང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1988ལོའི་ཟླ12པ་ནས་སྤྱི་ལོ1991ལོའི་ཟླ5པའི་བར། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་ཞིང་ལས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་མ་འཇོག་ཀུང་སིའི་ཅིང་ལི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1991ལོའི་ཟླ5པ་ནས་སྤྱི་ལོ1993ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་ཧྥུ་ཏའོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།   

སྤྱི་ལོ1993ལོའི་ཟླ1པོ་ནས་སྤྱི་ལོ1993ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་ཧྥུ་ཏའོ་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ1993ལོའི་ཟླ9པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཐང་དབྱིན་རྫོང་ཧྥུ་ཏའོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས། 

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ2002ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2002ལོའི་ཟླ2པ་ནས་སྤྱི་ལོ2002ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་གོང་སྤེལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2002ལོའི་ཟླ3པ་ནས་སྤྱི་ལོ2003ལོའི་ཟླ10པའི་བར། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཨན་དབྱང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ10པ་ནས་སྤྱི་ལོ2005ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཧོ་ནན་ཞིང་ཆེན་བདེ་འཇགས་རིག་གནས་སྐུལ་སྤེལ་ལྷན་ཚོགས་ཀྱི་ལས་འཛིན་སྤྱི་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2009ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་ཞུས་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2009ལོའི་ཟླ7པ་ནས་སྤྱི་ལོ2014ལོའི་ཟླ7པའི་བར་ཧོ་ནན་ཞིང་ཆེན་ཞུས་ཁྲང་གྲོང་ཁྱེར་གྱི་རྒྱུན་ལས་ཨུ་ཡོན་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2014ལོའི་ཟླ7པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར། ཧོ་ནན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་དོན་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2016ལོའི་ཟླ5པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འོས་མི་ཡིན།

སྤྱི་ལོ2016ལོའི་ཟླ5པ་ནས་སྤྱི་ལོ2016ལོའི་ཟླ6པའི་བར་ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་གྱི་ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།    

སྤྱི་ལོ2016ལོའི་ཟླ6པ་ནས་ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་དང་། ཧོ་ནན་ཞིང་ཨུའི་སྐབས་བཅུ་པའི་ཨུ་ཡོན། ཧོ་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི། ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་བཅས་ཡིན།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ9པའི་ཚེས30ཉིན། ཞིན་ཞིང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་། བློ་མཐུན་ཝང་ཏེང་ཞི་ནི་ཞིན་ཞིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས།


དཔྱད་གཞིའི་ཡིག་ཆ།