ཀྲང་གོ་ཝེ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-27 17:08ལ་འགྲུབ།

ཀྲང་གོ་ཝེ།

ཀྲང་གོ་ཝེ།
ཁོང་ནི་སྤྱི་ལོ1963ལོའི་ཟླ5པར་ཧོ་ནན་ཞི་ཞཱ་ནས་སྐྱེས་ཤིང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། སྤྱི་ལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1982ལོའི་ཟླ9པར་བྱ་བར་ཞུགས། ད་ལྟ་ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张国伟
སྐྱེས་ཡུལ།
ཧོ་ནན་ཞི་ཞཱ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ5པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ནན་དབྱང་དགེ་འོས་ཆེད་སྦྱོང་སློབ་གྲྭ།
དད་མོས།
གུང་ཁྲན་རིང་ལུགས།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ5པར་ཧོ་ནན་ཞི་ཞཱ་ནས་སྐྱེས་ཤིང་། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། སྤྱི་ལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1982ལོའི་ཟླ9པར་བྱ་བར་ཞུགས། 

ད་ལྟ་ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1979ལོའི་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ8པའི་བར་ནན་དབྱང་དགེ་འོས་ཆེད་སྦྱོང་སློབ་གྲྭའི་རྩིས་རིག་ཆེད་ལས་སུ་སློབ་སྦྱོང་བྱས། 

སྤྱི་ལོ1982ལོའི་ཟླ8པ་ནས་སྤྱི་ལོ1983ལོའི་ཟླ11པའི་བར་ཧོ་ནན་ཞིང་ཆེན་ཞི་ཞཱ་རྫོང་ཨེར་ལང་ཕིང་ཀུང་ཧྲེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1983ལོའི་ཟླ11པ་ནས་སྤྱི་ལོ1985ལོའི་ཟླ4པའི་བར་ཧོ་ནན་ཞིང་ཆེན་ཞི་ཞཱ་རྫོང་ཨེར་ལང་ཕིང་ཤང་གི་ཤང་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ1985ལོའི་ཟླ4པ་ནས་སྤྱི་ལོ1989ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཞི་ཞཱ་རྫོང་ཨེར་ལང་ཕིང་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་བཅས་ཀྱི་འགན་བཞེས། 

སྤྱི་ལོ1989ལོའི་ཟླ5པ་ནས་སྤྱི་ལོ1992ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་ཞི་ཞཱ་རྫོང་སྨི་ཕིང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

སྤྱི་ལོ1992ལོའི་ཟླ3པ་ནས་སྤྱི་ལོ1992ལོའི་ཟླ11པའི་བར་ཧོ་ནན་ཞིང་ཆེན་ཞི་ཞཱ་རྫོང་གི་རྫོང་དཔོན་གཞོན་པའི་འགན་བཞེས། 

སྤྱི་ལོ1992ལོའི་ཟླ11པ་ནས་སྤྱི་ལོ1994ལོའི་ཟླ11པའི་བར་ཧོ་ནན་ཞིང་ཆེན་ཞི་ཞཱ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།    སྤྱི་ལོ1994ལོའི་ཟླ11པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་ཧྥང་ཁྲེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བཅས་ཀྱི་འགན་བཞེས།    

སྤྱི་ལོ1997ཟླ12པ་ནས་སྤྱི་ལོ2001ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་ཧྥང་ཁྲེང་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ9པ་ནས་སྤྱི་ལོ2005ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ2005ལོའི་ཟླ5པ་ནས་སྤྱི་ལོ2007ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས། 

སྤྱི་ལོ2007ལོའི་ཟླ1པོ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས། 

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ4པའི་བར་ཧོ་ནན་ཞིང་ཆེན་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 

སྤྱི་ལོ2013ལོའི་ཟླ4པ་ནས་སྤྱི་ལོ2017ལོའི་ཟླ2པའི་བར་ཕིང་ཏིང་ཧྲན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་ཚབ་ཧྲི་ཀྲང་། ཧོ་ནན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཨུ་ཡོན་བཅས་ཀྱི་འགན་བཞེས། 

སྤྱི་ལོ2017ལོའི་ཟླ2པ་ནས་ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས། 

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཧོ་ནན་ཞིང་ཨུའི་སྐབས་བཅུ་པའི་ཨུ་ཡོན།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ2པའི་ཚེས4ཉིན། ཧོ་ནན་ཞིང་ཆེན་ཞིན་ཞིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་སྟེང་། བློ་མཐུན་ཀྲང་གོ་ཝེ་ནི་ཀྲུང་གུང་ཞིན་ཞིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།